ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

འབྲུག་དང་ བང་ལ་དེཤ་གི་ ཕྱི་འབྲེལ་ཡིག་ཚང་གི་བར་ན་ གྲོས་སྟུན་ཐེངས་བཞི་པ།

ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་དང་འཁྲིལཝ་ད་ འབྲུག་དང་ བང་ལ་དེཤ་གི་ ཕྱི་འབྲེལ་ཡིག་ཚང་གི་བར་ན་ གྲོས་སྟུན་ཐེངས་བཞི་པ་དེ་ སྤྱི་ཟླ་ ༨ པའི་ཚེས་ ༡༨ ལུ་ དྷ་ཀ་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས། དེ་བསྒང་ འབྲུག་གི་ཕྱི་འབྲེལ་དྲུང་ཆེན་ པདྨ་ལེགས་གྲུབ་རྡོ་རྗེ་དང་ བང་ལ་དེཤ་གི་ ཕྱི་འབྲེལ་དྲུང་ཆེན་ ཨ་སཱད་ཨ་ལམ་སི་ཡམ་ ༢ ཀྱིས་ མཉམ་འབྲེལ་གྱི་ ཁྲི་འཛིན་འབད་ནུག།   གྲོས་བསྟུན་ཞལ་འཛོམས་ནང་ལས་ ཟུང་ཕྱོགས་མཐུན་འབྲེལ་གྱི་ གནད་དོན་ཡོངས་རྫོགས་སྐོར་ལས་ ཕན་ཚུན་མཛའ་བཤེས་ཅན་གྱི་ གནས་སྟངས་ནང་ བསྐྱར་ཞིབ་ཚུ་འབད་ཡོདཔ་ད་ མཐའ་དོན་གཅིག་པའི་ གནད་དོན་ཚུ་དང་འབྲེལ་ཏེ་ ལུང་ཕྱོགས་དང་ རྒྱལ་སྤྱིའི་མཉམ་འབྲེལ་ཚུ་དང་འབྲེལ་ཏེ་ཡང་ བསམ་འཆར་ཚུ་ བརྗེ་སོར་འབད་ཡོདཔ་ཨིན་པས།

National News

འབྲུག་རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་སྦེ་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ བཙག་འཐུ་གྲུབ་ཡོདཔ།

ད་རིས་ སྤྱི་ཟླ་ ༨ པའི་ཚེས་ ༡༩ ལུ་ འབྲུག་རྒྱལ་ཡོངས་ཚོགས་ཁང་ཆེན་མོའི་ནང་སྦེ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ བཙག་འཐུ་འབད་བའི་སྐབས་ལུ་ བྷུ་ཊཱན་རྟེན་འབྲེལ་པར་ཊིའི་ནང་ལས་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ བསྟན་པ་རྡོ་རྗེ་དེ་ ཚོགས་དཔོན་སྦེ་ བཙག་འཐུ་གྲུབ་ཅི། ཚོགས་དཔོན་བཙག་འཐུ་དེ་ནང་ གཞུང་སྐྱོང་ཚོགས་པའི་ ཁ་ཐུག་ལས་ ཚོགས་དཔོན་གྱི་ འདེམས་ངོ་སྦེ་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་ བཏོན་ཡོདཔ་ད་ ལྡོག་ཕྱོགས་ཚོགས་པའི་ ཁ་ཐུག་ལས་ ལྷུན་རྩེ་རྫོང་ཁག་ སྨིན་སྦིས་-བཙན་མཁར་གྱི་འཐུས་མི་ བསྟན་པ་རྡོ་རྗེ་དེ་ ཚོགས་དཔོན་གྱི་ འདེམས་ངོ་སྦེ་བཏོན་ནུག། དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འཐུས་མི་ཡོངས་བསྡོམས་ ༤༧ གྱིས་ གསང་བའི་ཚོགས་རྒྱན་ བསྐྱུར་བའི་སྐབས་ལུ་ བསྟན་པ་རྡོ་རྗེ་གིས་ ཚོགས་རྒྱན་ ༢༤ དང་ རྟ་མགྲིནདབང་ཕྱུག་གིས་ ཚོགས་རྒྱན་ ༢༣ ཐོབ་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཇེ་ཨེཛ་ཌབ་ལུ་་ནི་ཡོ་ཨེ་ནར་ཇི་གི་བར་ན་ བགོ་བཤའ་འཆང་དོན་གྱི་ཆིངས་ཡིག།

པདྨ་དབང་འདུས། སྤྱི་ཟླ་ ༨ པའི་ཚེས་ ༡༢ ལུ་ མི་རྗེ་བློན་ཆེན་མཆོག་གིས་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ རྒྱ་གར་གྱི་ ཇེ་ཨེཛ་ཌབ་ལུ་ ནི་ཡོ་ཨེ་ནར་ཇི་ལས་འཛིན་གྱི་བར་ན་ བགོ་བཤའ་འཆང་དོན་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་ མཛད་སྒོ་རྟེན་འབྲེལ་ནང་ དབུ་བཞུགས་མཛད་ནུག། ཆིངས་ཡིག་དེ་ཡང་ གློག་མེ་མེ་ག་ཝཱཊ་ ༩༢༠ འབད་མི་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ ༣ པའི་དོན་ལུ་ཨིནམ་ད་ ད་རེས་ཀྱི་ ཆིངས་ཡིག་དེ་ ནུས་ཤུགས་གོང་འཕེལ་གྱི་དོན་ལུ་ རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་བར་ན་ ཡར་སེང་ཅན་གྱི་ མཉམ་འབྲེལ་ནང་ གལ་ཆེ་བའི་ མདུན་བསྐྱོད་ཅིག་ཨིན་པས།  རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ […]

National News

ལུང་བསྟན་རྡོ་རྗེ་གིས་ ཚོགས་དཔོན་ལས་དགོངས་ཞུ།

སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ ལུང་བསྟན་རྡོ་རྗེ་གིས་ ཚོགས་དཔོན་ལས་ དགོངས་ཞུ་མཛད་ནུག།ད་ལས་ཕར་ ་ལུང་བསྟན་རྡོ་རྗེ་གིས་ ནང་སྲིད་བློན་པོའི་ གོ་གནས་བཞེས་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས།

National News

ཨཱཛ་ཊྲེ་ལི་ཡ་ ཀེན་བེ་ར་ གཙུག་ལག་སློབ་སྡེའི་ གཙོ་འཛིན་འོགམ་ མི་རྗེ་བློན་ཆེན་མཆོག་གི་ སྐུ་མདུན་ལུ་བཅར་ཡོདཔ།

སྤྱི་ཟླ་ ༨ པའི་ཚེས་ ༡༠ ལུ་ ཨཱཛ་ཊྲེ་ལི་ཡ་ ཀེན་བེ་ར་ གཙུག་ལག་སློབ་སྡེའི་ གཙོ་འཛིན་འོགམ་ མིལ་ཤོར་ཊེན་ མི་རྗེ་བློན་ཆེན་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་ད་ དེ་བསྒང་ ཟུང་ཕྱོགས་མཉམ་འབྲེལ་བཙན་ཐབས་དང་ འབྲུག་ལུ་ མཐོ་རིམ་ཤེས་ཡོན་གྱི་ གོ་སྐབས་རྒྱ་སྐྱེད་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་བྱུང་ནུག། ཀེན་བེ་ར་ གཙུག་ལག་སློབ་སྡེའི་ གཙོ་འཛིན་འོགམ་དེ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ ཤེས་ཡོན་མཐར་འཁྱོལ་མཛད་སྒོའི་ནང་ གྲལ་གཏོགས་ཀྱི་དོན་ལུ་ འོང་ཡོདཔ་དང་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་དང་ ཀེན་བེ་ར་ གཙུག་ལག་སློབ་སྡེའི་བར་ན་ མཉམ་འབྲེལ་གཞི་བཙུགས་འབད་དེ་ མི་ལོ་ ༡༥ འཁོརཝ་ཨིན་པའི་གནས་ཚུལ།

National News

གྲུབ་དབང་མ་གཟིམ་སྐུ་བགྲེས་ སློབ་དཔོན་དཀར་མདོག་མཆོག་ དགོངས་པ་ཆོས་དབྱིངས་ལུ་ཐིམ་ཡོད་པ།

མགོན་པོ་རྡོ་རྗེ། མེ་རྟ་ཟླཝ་ ༦ པའི་ཚེས་ ༢༦ སྤྱི་ཟླ་ ༨ པའི་ཚེས་ ༩ ལུ་ ཕྱི་རོའི་ཆུ་ཚོད་ ༥ དེ་ཅིག་ཁར་ ཐིམ་ཕུ་ཀུན་གསལ་ཕོ་བྲང་གི་ ཉེ་འདབས་ལུ་ཡོད་མི་ གནས་སྐབས་ཀྱི  མཚམས་ཁང་ཅིག་ནང་སྦེ་ མ་ཆེན་གཟིམ་དཔོན་སྐུ་བགྲེས་ གྲུབ་དབང་སློབ་དཔོན་དཀར་མདོག་མཆོག་ དགོངས་པ་ཆོས་ཀྱི་དབྱིངས་ལུ་ ཐིམ་་ཡོདཔ་ཨིན་པས། དེ་ཡང་ འཁོར་བ་རྟག་པར་འཛིན་པའི་ སྐྱེ་བོ་ཚུ་ལུ་ མི་རྟག་ལས་ཀྱི་ ཆོས་ཉིད་སྟོན་ནིའི་དོན་ལས་ དགོངས་པ་སྐྱེ་མེད་ ཆོས་ཀྱི་དབྱིངས་སུ་ཐིམ་སྟེ་ དག་པའི་གཟུགས་སྐུའི་བཀོད་པ་ ཆོས་དབྱིངས་སྐྱེ་བ་མེད་པའི་ ཁོང་དུ་བསྡུ་བའི་ ཚུལ་བཟང་སྟོན་ཐོག་ལས་ ཐུགས་དམ་ངང་ལུ་བཞུགས་ནུག། དགུང་ལོ་ ༩༧ བཞེས་མི་ སློབ་དཔོན་ཞིང་ཕེབས་མཆོག་ གནམ་ལོ་ས་སྦྲུལ་ སྤྱི་ལོ་ ༡༩༢༩ ལོར་ སྤུ་ན་ཁ་ སྟོདཔ་ཕན་བདེ་ཁ་ལུ་ སྐུ་འཁྲུངས་ཡོདཔ་ད་ དགུང་ལོ་ ༡༢ ལས་ སྤུངས་ཐང་བདེ་བ་ཆེན་མོའི་ཕོ་བྲང་ནང་ གཞུང་གྲྭ་ཚང་གི་ ཆོས་གྲལ་ལུ་བཞུགས་ཏེ་ ལོ་ངོ་ ༡༣ གྱི་རིང་ལུ་ གར་ཐིག་དབྱངས་གསུམ་གྱི་ ཕྱག་ལེན་དང་ […]

National News

འབྲུག་དང་ མཐའ་ཡས་ལེན་གྱི་བར་ན་ གསོ་བའི་ཉེན་སྲུང་དང་ ཞབས་ཏོག་གི་དོན་ལུ་ ཁྱད་རིག་ཅན་གྱི་ སྨན་བཅོས་ལྕོགས་གྲུབ་གོང་འཕེལ་གྱི་ གོ་དོན་ཆིངས་ཡིག།

པདྨ་དབང་འདུས། སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ ཐིམ་ཕུ་གསོ་བའི་ལྷན་ཁག་ནང་སྦེ་ འབྲུག་གཞུང་དང་ མཐའ་ཡས་ལེན་གྱི་བར་ན་ གསོ་བའི་ཉེན་སྲུང་དང་ ཞབས་ཏོག་གི་དོན་ལུ་ ཁྱད་རིག་ཅན་གྱི་ སྨན་བཅོས་ལྕོགས་གྲུབ་ གོང་འཕེལ་དང་འབྲེལ་ཏེ་ མཉམ་འབྲེལ་གྱི་ གོ་དོན་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ ཡུན་རིང་གི་ གསོ་བའི་མཉམ་འབྲེལ་ནང་ གལ་གནད་ཆེ་བའི་ གནད་དོན་ཅིག་ཨིན་པས། གོ་དོན་ཆིངས་ཡིག་གུ་ མཐའ་ཡས་ལེན་གྱི་ མི་མང་གསོ་བ་ལྷན་ཁག་འོག་གི་ སྨན་བཅོས་ཞབས་ཏོག་ལས་ཁུངས་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་བར་ན་ མཚན་རྟགས་བཀོད་ཡོདཔ་ད་ མཚན་རྟགས་ཚུ་ཡང་ མཐའ་ཡས་ལེན་གྱི་ མི་མང་གསོ་བའི་བློན་པོ་ པ་ཏ་ན་པོ་རོམ་ཕཏ་དང་ འབྲུག་གི་གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གི་ སྐུ་མདུན་ལུ་སྦེ་བཀོད་ནུག།

National News

ནང་སྲིད་བློན་པོ་དང་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་གིས་ ལྷན་རྒྱས་གཞུང་ཚོགས་ནང་ལས་དགོངས་ཞུ།

སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ བློན་ཆེན་གྱི་ ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ནང་སྲིད་བློན་པོ་ ཚེ་རིང་དང་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་ ༢ ལྷན་རྒྱས་གཞུང་ཚོགས་ནང་ལས་ དགོངས་ཞུ་འབད་ཡི་ཟེར་ཨིན་པས། དེ་སྦེ་ དགོངས་ཞུ་འབད་མི་དེ་ཡང་ རྩ་ཁྲིམས་ཆེན་མོ་དང་ ལྷན་རྒྱས་གཞུང་ཚོགས་ བཅའ་ཁྲིམས་ ༢༠༢༡ ཅན་མ་དང་འཁྲིལ་ཏེ་ མི་རྗེ་བློན་ཆེན་གྱི་ རྒྱབ་སྣོན་ཐོག་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ངོས་ལེན་གྲུབ་ཡོདཔ་ད་ ད་ལས་ཕར་ དགོངས་ཞུ་འབད་མི་ བློན་པོ་ ༢ ཀྱིས་ སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ འཕྲོ་མཐུད་དེ་ར་ ཕྱག་ཞུ་ནི་ཨིན་ཟེར་བཀོད་ནུག།  བློན་པོ་ཚེ་རིང་གིས་ ཁོ་རའི་སྐབས་ཐོག་གི་ སྒེར་གྱི་གནད་དོན་ཚུ་ལུ་བརྟེན་ཏེ་ གཤིས་སྤྱོད་ཀྱི་ གནས་ཚད་མཐོ་དྲགས་དང་ གཞུང་སྐྱོང་དང་ མི་མང་གི་བློ་གཏད་ གཙུག་སྡེའི་དྲང་བདེན་ཚུ་ལུ་ བརྩི་བཀུར་གྱི་སྒོ་ལས་ ཁས་བླངས་ཐོག་ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།   བློན་པོ་མགོནམ་ཚེ་རིང་གིས་ ལོ་ན་རྒས་ནི་དེ་གིས་དང་ ན་གཞོན་ཚུ་གིས་ འགོ་ཁྲིད་ཀྱི་འགན་ཁུར་ མཐོ་ཤོས་འབག་ནིའི་དོན་ལས་ སེམས་སྐུལ་ལུ་དམིགས་ཏེ་ […]

National News

ཟླཝ་བདུན་གྱི་ནང་ དལ་ཉམས་དང་ གནོད་ཉེན་ཅ་ཆས་ཀྱི་ཁྲལ་ དངུལ་ཀྲམ་ཐེར་འབུམ་ ༣.༣༤༣ བསྡུ་ལེན།

དུས་ཅི་ སྤྱི་ཟླ་ ༧ པའི་ཚེས་ ༢༩ ཚུན་ལུ་ ནང་ཁྲལ་བསྡོམས་ དངུལ་ཀྲམ་ཐེར་འབུམ་ ༣.༣༤༣ བསྡུ་ལེན་འབད་ཡོདཔ་ད་ ཁྲལ་དེ་ནང་ ནང་ཁྲལ་ཕོག་མི་ ཅ་ཆས་ནང་འདྲེན་དང་ ནང་འཁོད་ལུ་ བཟོ་བཏོན་འབད་མི་ ནང་ཁྲལ་ཕོག་པའི་ ཅ་ཆས་ཚུ་ ཚུདཔ་ཨིན་པས། དེ་ཡང་ ཅ་ཆས་ནང་འདྲེན་གྱི་ ནང་ཁྲལ་དེ་ དངུལ་ཀྲམ་ཐེར་འབུམ་ ༢.༣༦༢ བསྡུ་ལེན་འབད་ཡོད་མི་དེ་ བསྡུ་ལེན་ཡོངས་བསྡོམས་ལས་ བརྒྱ་ཆ་ ༧༠.༦༥ དེ་ཅིག་ཨིནམ་ད་ ནང་འཁོད་ལུ་ བཟོ་བཏོན་འབད་ཡོད་པའི་ ཅ་ཆས་ཀྱི་ནང་ཁྲལ་ དངུལ་ཀྲམ་ས་ཡ་ ༩༨༠.༨༧  འབད་མི་དེ་ བསྡུ་ལེན་ཡོངས་བསྡོམས་ལས་ བརྒྱ་ཆ་ ༢༩.༣༤ དེ་ཅིག་ཨིན་པས། ནང་ཁྲལ་ཟེར་མི་དེ་ ཅ་ཆས་དང་ ཞབས་ཏོག་ཁྲལ་ལས་ ལོགས་སུ་སྦེ་ བསྡུ་ལེན་འབདམི་དེ་ཨིནམ་ད་ ནང་ཁྲལ་དེ་ སྤྱིར་བཏང་ལུ་ གནོད་ཉེན་ཡོད་པའི་ ཅ་ཆས་དང་ དལ་ཉམས་ཅ་ཆས་ཀྱི་ཁྲལ་ཟེར་ བརྩི་དོ་ཡོདཔ་ད་ དེ་ཡང་ ཆང་དང་ ཏམ་ཁུ་ རྡོག་མ་ཚུ་ སྤྱོད་ཚད་ཕབ་ནི་གི་དོན་ལུ་ བཀལ་སྲོལ་ཡོདམི་དང་ […]

National News

བསམ་གྲུབ་ལྗོངས་མཁར་ལུ་ ཚོང་ལཱའི་སྒྲིག་འཛིན་གྱི་ གྲོས་བསྟུན་ཞལ་འཛོམས།

སྤྱི་ཟླ་ ༨ པའི་ཚེས་ ༧ ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གིས་ བསམ་གྲུབ་ལྗོངས་མཁར་ལུ་ རྫོང་ཁག་བདག་སྐྱོང་དང་ བསམ་ལྗོངས་ཁྲོམ་སྡེའི་ཚོང་པ་ དེ་ལས་ ལུང་ཕྱོགས་ཡིག་ཚང་ཚུ་གི་ ངོ་ཚབ་ཚུ་དང་གཅིག་ཁར་ གྲོས་བསྟུན་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནུག། ཞལ་འཛོམས་དེ་ནང་ རྫོང་ཁག་ནང་གི་ ཚོང་ལཱའི་སྒྲིག་འཛིན་དང་ བལྟ་བཤལ་འོག་གི་ མཐུན་རྐྱེན་ཉུང་མཐའ་གསར་བཏོད་ དེ་ལས་ བསྐྱོད་ཡུལ་འཛིན་སྐྱོང་ཚུ་གི་ གནས་སྟངས་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། ཞལ་འཛོམས་ནང་ གྲལ་གཏོགས་འབད་མི་ཚུ་གིས་ ཚོང་ལཱ་དང་འབྲེལ་བའི་ དོ་འགྲན་ཚུ་དང་ སྒྲིག་འཛིན་གནས་སྟངས་ལེགས་སྒྱུར་ཚུ་ འཚོལ་ཞིབ་འབད་དེ་ རྫོང་ཁག་དེ་ཁར་ བལྟ་བཤལ་གྱི་ ཞབས་ཏོག་བཙན་ཐབས་འབད་ནི་དང་ ཡུན་བརྟན་བསྐྱོད་ཡུལ་འཛིན་སྐྱོང་ གོང་འཕེལ་གཏང་ནིའི་དོན་ལུ་ བལྟ་བཤལ་འོག་གི་ མཐུན་རྐྱེན་ཉུང་མཐའ་ གསར་བཏོད་སྐོར་ལས་ གོ་དོན་ཚུ་ ལེན་ཡོད་པའི་གནས་ཚུལ།

Online now: 13 Today: 39 Total visitors: 7259