ArchiveAboutContact

Archive

Browse by month

11263 stories

World News

ཀེ་ནི་ཡའི་ སློབ་གྲྭ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ སློབ་ཕྲུག་ ༡༦ ལུ་ ཤི་རྐྱེན་བྱུང་ཡོདཔ།

བི་བི་སི། ཀེ་ནི་ཡའི་རྒྱལ་ས་ ནའི་རོ་བི་ལས་ ནུབ་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༡༢༠ དེ་ཅིག་གི་ས་ཁར་ གིལ་གིལ་ལུ་ཡོད་མི་ གནས་སྤྱོད་སློབ་གྲྭ་ཅིག་ནང་ མེ་རྐྱེན་བྱུང་སྟེ་ སློབ་ཕྲུག་ ༡༦ ལུ་ ཤི་རྐྱེན་དང་ ༧༤ ལུ་ རྨ་སྐྱོན་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

མི་དབང་མངའ་ཞབས་མཆོག་གིས་ དགེ་ལེགས་ཕུག་ལུ་ དཔལ་སྲུང་སྡེ་ཚན་ ༣ པའི་ སྦྱོང་བརྡར་བ་ཚུ་དང་མཇལ་ཕྲད།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ འབྲུག་ཤར་ཕྱོགས་དང་ ལྷོ་ཕྱོགས་ལུ་ ཆིབས་བསྐྱོད་གནང་ཐོག་ལས་ སྤྱི་ཟླ་ ༥ པའི་ཚེས་ ༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསམ་གྲུབ་ལྗོངས་མཁར་ པདྨའི་ཐང་གི་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ནང་ སྤྱི་ལོ་ ༢༠༢༦ ལོའི་ རྒྱལ་སྲུང་སྡེ་ཚན་ ༡ པའི་ སྦྱོང་བརྡར་བ་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སྦྱོང་བརྡར་སྤེལ་ཁང་གི་ ས་ཁོངས་ནང་ཡང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས། དེ་བཟུམ་སྦེ་ དགེ་ལེགས་ཕུག་ལུ་ དཔལ་སྲུང་སྡེ་ཚན་ ༣ པའི་ སྦྱོང་བརྡར་བ་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ཡོདཔ་ད་ ད་རེས་ དཔལ་སྲུང་སྡེ་ཚན་ཁག་ ༣ གྱི་ནང་ གྲལ་གཏོགས་འབད་མི་ ༩༨༡ ཡོདཔ་ཨིན་པས། དེ་མ་ཚད་ མི་དབང་མཆོག་གིས་ དགེ་ལེགས་ཕུག་ལུ་ བྱོན་པའི་ལམ་ཁར་ མཆོད་རྟེན་ ༡༠༨ ཀྱི་ ལས་འགུལ་སྡེ་ཚན་དང་ རྩི་རང་རྫོང་ཁག་གི་ འགོ་དཔོན་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

Online now: 17 Today: 1102 Total visitors: 11132