ArchiveAboutContact

Archive

Browse by month

11263 stories

National News

ཐིམ་ཕུ་བཀྲས་ཤིས་ཆོས་རྫོང་ནང་ ལོ་བསྟར་ལྷ་དབང་སྒྲུབ་མཆོད།

ལྷག་པ་གྲུབ་པ།ད་རིས་ རང་ཟླ་ ༧ པའི་ཚེས་ ༢༣ སྤྱི་ཟླ་ ༩ པའི་ཚེས་ ༡༧ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༡༦ གི་རིང་ལུ་ བཀྲིས་ཆོས་རྫོང་གི་ འདུ་ཁང་ནང་སྦེ་ ལོ་བསྟར་གནང་སྲོལ་ཡོད་མི་ དཔལ་ལྡན་ལྷ་མོའི་ སྒྲུབ་ཆེན་འདི་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་ སྤྲུལ་སྐུ་རྣམ་རྒྱལ་མཆོག་ དབུ་བཞུགས་ཐོག་ལུ་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ གནང་དོ་ཡོདཔ་ཨིན་པས།དེ་ཡང་ རྒྱལ་ཁབ་ནང་ ག་ནི་བ་ བྱིན་རླབས་ཆེ་བའི་ ལྷ་དབང་སྒྲུབ་མཆོད་འདི་ དཔལ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྲས་ འཇམ་དཔལ་རྡོ་རྗེའི་སྤྲུལ་སྐུ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་ནམ་ རྒྱལ་སྲས་གྷ་ཎ་པ་ཏི་མཆོག་གིས་ རབ་བྱུང་ ༡༢ པའི་ གནམ་ལོ་ལྕགས་སྟག་ཟླཝ་ ༨ པའི་ནང་དང་ སྤྱི་ལོ་ ༡༧༡༠ ལུ་ འགོ་བཙུགས་གནང་ནུག་ཟེར་ གཞུང་གྲྭ་ཚང་གི་ དུང་སློབ་སངས་རྒྱས་མཁའ་འགྲོ་གིས་ བཤདཔ་ཨིན་པས།དེ་སྦེ་ བཙུགས་གནང་དགོ་པའི་ རྒྱུ་མཚན་ཡང་ རྒྱལ་སྲས་རིན་པོ་ཆེ་མཆོག་ གདན་ས་ལྕགས་རི་ལུ་ དཔལ་ལྡན་ལྷ་མོའི་ བསྙེན་སྒྲུབ་གནང་སྟེ་ བཞུགས་པའི་སྐབས་ལུ་ […]

gyalchi
World News

ར་ཤི་ཡའི་སྲིད་འཛིན་ ཝེལ་ཌི་མིར་ པུ་ཊིན་དང་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་ ༢ མཇལ་ཕྲད།

བི་བི་སི།ར་ཤི་ཡ་གིས་ ཡུ་ཀེ་རེན་དང་ དམག་འཁྲུག་ལང་ནི་ འགོ་བཙུགས་པའི་ཤུལ་ལུ་ ར་ཤི་ཡའི་སྲིད་འཛིན་ ཝེལ་ཌི་མིར་ པུ་ཊིན་དང་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་ ༢ དངོས་སུ་སྦེ་ མཇལ་ཕྲད་ཐོག་ལས་ གསུང་གྲོས་འགོ་དང་པ་ གནང་པའི་སྐབས་ལུ་ ཡུ་ཀེ་རེན་གྱི་སྐོར་ལས་ རྒྱ་ནག་ལུ་ ཚ་གྱང་ཡོད་ལུགས་ གསུངས་མི་དེ་ལུ་ པུ་ཊིན་གིས་ ངོས་ལེན་འབད་ནུག།ཨུཟ་བེ་ཀིཛ་ཏཱན་ལུ་ པུ་ཊིན་གྱིས་ གསུངས་མིའི་ནང་ རྒྱ་ནག་གིས་ ཕྱོགས་རིས་མེད་པའི་ གནས་ཚད་བཟུང་མི་ལུ་ བཀྲིན་ཆེ་ལུགས་དང་ ཡུ་ཨེཛ་གིས་ འཛམ་གླིང་རྐྱང་ཕྱོགས་སྦེ་ བཟོ་ཐབས་སྒྲིག་མི་དེ་ མཐར་འཁྱོལ་མི་ཚུགས་ཟེར་ཨིན་པས།རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ ར་ཤི་ཡ་དང་གཅིག་ཁར་ རྒྱ་སྦོམ་པའི་ རྒྱལ་ཁབ་སྦེ་ མཉམ་འབྲེལ་གྱི་ ལཱ་ཚུ་འབད་ནིའི་ རེ་འདོད་ཡོད་ཟེར་གསུངས་ཡོདཔ་ད་ ད་རེས་ ར་ཤི་ཡ་གིས་ ཡུ་ཀོ་རེན་ རྒྱལ་ཁབ་ནང་ བཙན་འཛུལ་འབད་དེ་ཡོད་མི་དེ་ལུ་ རྒྱ་ནག་གིས་ ངོས་ལེན་འབད་དེ་མེད་རུང་ བཙན་འཛུལ་འབད་བའི་ཤུལ་ལུ་ རྒྱ་ནག་དང་ ར་ཤི་ཡ་འི་བར་ན་ ཚོང་འབྲེལ་དང་ འབྲེལ་བ་གཞན་ཚུ་ཡང་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།ས་གནས་ས་ མར་ཀན་ཌི་ལུ་ ཤང་ཧའེ་མཉམ་འབྲེལ་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ནང་ གྲལ་གཏོགས་གནང་པའི་ཞོར་ཁར་ རྒྱ་ནག་དང་ […]

gyalchi
World News

རྒྱ་གར་གྱི་བློན་ཆེན་ ན་རེན་དར་མོ་དི་གིས་ རྒྱ་གར་རྒྱལ་ཁབ་དེ་ བཟོ་བསྐྲུན་ལྟེ་བ་ཅིག་ལུ་བཟོ་དགོཔ།

ཨེན་ཌི་ཊི་ཝི།སྤྱི་ཟླ་ ༩ པའི་ཚོས་ ༡༦ ལུ་ ཨུཟ་བེ་ཀིཛ་ཏཱན་ རྒྱལ་ཁབ་ཀྱི་ས་གནས་ ས་མར་ཀན་ལུ་ ཤང་ཧའེ་མཉམ་འབྲེལ་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ནང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ མཉམ་འབྲེལ་ཚོགས་པ་དེ་གི་ མཐུད་འབྲེལ་ལེགས་སྒྱུར་འབད་དེ་ རྒྱ་གར་རྒྱལ་ཁབ་དེ་ བཟོ་བསྐྲུན་ལྟེ་བ་ཅིག་སྦེ་ བཟོ་དགོ་ཟེར་གསུངས་ནུག།དབུ་ཁྲིད་ཞལ་འཛོམས་དེ་ནང་ བློན་ཆེན་མོ་དི་གིས་ རྒྱ་གར་རྒྱལ་ཁབ་ཀྱི་ གསར་བཏོད་དང་ མོ་བཏབ་ཀྱི་ དཔེ་ཚད་ཚུ་ ཁྱབ་སྤེལ་གནངམ་དང་འབྲེལ་ ཁོ་གིས་གསུངས་མིའི་ནང་ འཛམ་གླིང་གིས་ ནད་ཡམས་ཀོ་ཝིཌ་-༡༩ གི་ དཀའ་ངལ་ཚུ་ སེལ་བའི་བསྒང་དང་ ནད་ཡམས་དེ་ལུ་བརྟེན་ཏེ་ རྒྱལ་སྤྱིའི་གནས་སྟངས་ནང་ བཀྲམ་སྤེལ་ལུ་ ཐོགས་ཆགས་དག་པ་ཅིག་དང་ ཡུཀ་རེན་གྱི་ དཀའ་ངལ་ཚུ་ཐོན་ཏེ་ཡོད་ཟེར་ཨིན་པས།རྒྱ་གར་རྒྱལ་ཁབ་དེ་ བཟོ་བསྐྲུན་ལྟེ་བ་ཅིག་ལུ་ གཞི་སྒྱུར་འབད་ནི་གི་ འདུན་པ་ཡོདཔ་སྦེ་ཡང་ གསུངས་ཡོད་པའི་སྐོར་ལས་ བཀོད་འདུག་པའི་གནས་ཚུལ།

gyalchi
National News

བསམ་གྲུབ་ཆོས་གླིང་ དྲུང་ཁག་ཁྲིམས་འདུན་ལས་ ཕོ་སྐྱེས་ ༡ ལུ་ ལོ་ངོ་ ༡༢ ཀྱི་བཙོན་ཁྲིམས།

སྤྱི་ཟླ་ ༩ པའི་ཚེས་ ༡༥ ལུ་ བསམ་གྲུབ་ཆོས་གླིང་ དྲུང་ཁག་ཁྲིམས་འདུན་ལས་ སྐྱེས་ལོ་ ༩ འབད་མི་ བུམོ་ཅུང་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་མི་ ཕོ་སྐྱེས་ ༡ ལུ་ ལོ་ངོ་ ༡༢ ཀྱི་ བཙོན་ཁྲིམས་བཀལ་ནུག། སྐྱེས་ལོ་ ༢༡ འབད་མི་ ཉེས་ཅན་ཕོ་སྐྱེས་ པར་ཀཤ་གུ་རུང་དེ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ གཡུས་ལུམ་མི་ནང་ལས་ཨིནམ་ད་ རྐྱེན་ངན་དེ་གིས་སྐོར་ལས་ སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ ཉམས་རྒུད་པའི་ ཨམ་ཅུང་གིས་ བསམ་གྲུབ་ཆོས་གླིང་གི་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས། དེ་ལས་ ཁྲིམས་སྲུང་འགག་སྡེ་གིས་ དབྱེ་ཞིབ་འབད་བའི་ཤུལ་ལས་ སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ བསམ་གྲུབ་ཆོས་གླིང་ དྲུང་ཁག་ཁྲིམས་ཀྱི་འདུན་སར་ ཉེས་ཡིག་ཕུལ་ནུག་ཟེར་ ཁྲིམས་སྲུང་འགག་པའི་ མི་སྡེའི་བརྡ་བརྒྱུད་ ཕེཛ་བུག་ནང་ བཀོད་འདུག་པའི་གནས་ཚུལ།

gyalchi
National News

མི་དབང་མཆོག་གིས་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་དང་མཇལ་ཕྲད།

སྤྱི་ཟླ་ ༩ པའི་ཚེས་ ༡༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་དྷི་ལི་ལུ་ བཞུགས་ཡོདཔ་བཞིན་དུ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེཛ་ ཇའི་ཤང་ཀར་དང་ མཇལ་ཕྲད་མཛད་གནང་ནུག། དེ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཉི་ཡོལ་དེ་ཅིག་ཁར་ རྒྱ་གར་དྷི་ལི་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་ནང་ གཟིགས་སྐོར་གནང་ཐོག་ལས་ འབྲུག་གི་གཞུང་ཚབ་དང་ གཞུང་ཚབ་ལས་ཁང་ནང་ ལཱ་འབད་མི་ ལས་བྱེདཔ་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་འདུག་པའི་ གནས་ཚུལ་མདོར་བསྡུས།

gyalchi
Online now: 7 Today: 1052 Total visitors: 11082