ArchiveAboutContact

Archive

Browse by month

11275 stories

National News

རྡོ་རྗེ་སློབ་དཔོན་མཆོག་གིས་ གཞུང་གྲྭ་ཚང་གི་ བདག་སྐྱོང་འགོ་དཔོན་གཙོ་འཛིན་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

ནོར་བུ་བཟང་མོ། སྤྱི་ཟླ་ ༣ པའི་ཚེས་ ༨ ལུ་ སྤུང་ཐང་བདེ་བ་ཆེན་པོའི་ ཕོ་བྲང་ནང་སྦེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ བླམ་ཕུར་པ་འཕྲིན་ལས་དེ་ གཞུང་གྲྭ་ཚང་གི་ བདག་སྐྱོང་འགོ་དཔོན་གཙོ་འཛིན་སྦེ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།སྐྱེས་ལོ་ ༤༤ འབད་མི་ བླམ་ཕུར་པ་དེ་ དབང་འདུས་ཕོ་བྲང་ དགའ་སེང་ཚོ་འོགམ་ལས་ཨིནམ་ད་ བདག་སྐྱོང་འགོ་དཔོན་གཙོ་འཛིན་སྦེ་ བསྐོ་བཞག་མ་གནང་པའི་ཧེ་མར་ ལོ་ངོ་ ༡༠ གྱི་རིང་ལུ་ རྒྱ་གར་རྡོ་རྗེ་གདན་ལུ་ཡོད་མི་ འབྲུག་པའི་ལྷ་ཁང་ནང་ ཕྱག་ཞུ་ཡོདཔ་ཨིན་པས།བླམ་ཕུར་པ་གིས་ སྐྱེས་ལོ་ ༧ ལས་ སྤུངས་ཐིམ་གཞུང་གྲྭ་ཚང་ནང་ དགེ་སློང་སྦེ་ འཛུལ་ཞུགས་འབད་བའི་ཤུལ་ལས་ རྒྱལ་ཁབ་ནང་ཡོད་མི་ བཤད་གྲྭ་དང་ སློབ་གྲྭ་ཁག་ ལེ་ཤ་ཅིག་གི་ནང་ ཤེས་ཡོན་ཚུ་ སྦྱངས་བརྩོན་འབད་ཡོདཔ་མ་ཚད་ ཐིམ་ཕུ་ཧོང་མཚོ་བཀྲ་ཤིས་བསྒང་ སྒྲུབ་སྡེའི་ནང་སྦེ་ ལོ་གསུམ་ཕྱོགས་གསུམ་གྱི་ སྐུ་མཚམས་ཚུ་ཡང་ བཅད་ཡོད་པའི་གནས་ཚུལ།

gyalchi
Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དཔལ་རི་ཐང་ལུ་ བདེ་སྲུང་སྦྱོང་བརྡར་ ཤོ་ཐེངས་ ༥༦ པའི་ནང་ གྲལ་གཏོགས་འབད་མི་ཚུ་དང་མཇལ་ཕྲད།

སྤྱི་ཟླ་ ༣ པའི་ཚེས་ ༨ ལུ་ མི་དབང་མངའ་བདག་རིན་པོ་མཆོག་གིས་ དགེ་ལེགས་ཕུག་ དཔལ་རི་ཐང་ལུ་ བདེ་སྲུང་སྦྱོང་བརྡར་ ཤོ་ཐེངས་ ༥༦ པའི་ནང་ གྲལ་གཏོགས་འབད་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།དེ་ཡང་ བདེ་སྲུང་སྦྱོང་བརྡར་ ཤོ་ཐེངས་ ༥༦ པའི་ ལས་རིམ་དེ་ སྤྱི་ལོ་ ༢༠༢༤ ལུ་ འགོ་བཙུགས་གནང་ནི་སྦེ་ཡོད་མི་ རྒྱལ་སྲུང་གི་དོན་ལུ་ མོ་བཏབ་བཟུམ་ཅིག་སྦེ་ ཟླ་ངོ་ཕྱེད་དང་ ༤ གི་རིང་ལུ་ སྦྱོང་བརྡར་འབདཝ་ལས་ དམིགས་བསལ་གྱི་ སྦྱོང་བརྡར་ལས་རིམ་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན་པས།སྦྱོང་བརྡར་དེ་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་གི་ ཉེ་འདབས་ལུ་ཡོད་མི་ དཔལ་རི་ཐང་ རྒྱལ་གཞུང་འབྲུག་གི་དམག་སྡེ་ སེང་ཁར ༩ པའི་ དམག་སྒར་ནང་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ སྦྱོང་བརྡར་དེ་ནང་ གྲལ་གཏོགས་འབད་མི་ མི་གྲངས་ ༥༠༠ གི་གྲས་ཁར་ སྐྱེས་ལོ་ ༡༨ ལས་ ༢༡ གི་བར་ན་འབད་མི་ ཕོ་མོ་འདྲ་མཉམ་སྦེ་ཡོདཔ་ཨིན་པས།སྦྱོང་བརྡར་དེ་ནང་ གཞི་རིམ་དམག་སྦྱོང་དང་ རྒྱལ་ཡོངས་ཤེས་ཡོན་ དེ་ལས་ […]

gyalchi
World News

ཡུ་ཀེ་རེན་གྱི་ ས་གནས་ཁག་མ་འདྲཝ་ཚུ་ནང་ ར་ཤི་ཡའི་ མཁའ་དམག་ཐོག་ལས་ གནོད་པ་བཀལ་ཡོདཔ།

བི་བི་སི། ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ས་གནས་ཁག་མ་འདྲཝ་ཚུ་ནང་ མི་ཛ་ཡེལ་ཚུ་ བཏང་པ་ལུ་བརྟེན་ཏེ་ ཁར་ཀབ་དང་ ཨོ་དེ་སའི་ སྡོད་ཁྱིམ་དང་ གཞི་རྟེན་མཁོ་ཆས་ཚུ་ལུ་ གནོད་སྐྱོན་བྱུང་སྟེ་ཡོད་ཟེར་ ཡུ་ཀེ་རེན་གྱི་་འགོ་དཔོན་ཚུ་གིས་ བཤད་ཡོདཔ་ཨིན་པས།ཡུ་ཀེ་རེན་ ལུང་ཕྱོགས་ཁག་གི་ འགོ་ཁྲིདཔ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་ཁག་དག་པ་ཅིག་ནང་ར་ གློག་མེའི་བརྒྱུད་ཐག་ཚུ་ མེདཔ་ཐལ་ཏེ་ གློག་མེ་མེད་པར་ཡོད་ཟེར་ཨིན་པས།ཨོ་དེ་སའི་ མཚོ་འགྲམ་ཁྲོམ་སྡེའི་ཁྲོམ་དཔོན་ མག་སིམ་ མར་ཅེང་ཀོ་གིས་ ཁྲོམ་སྡེ་དེ་ནང་ཡོད་མི་ གློག་མེའི་མཐུན་རྐྱེན་ཅིག་གུ་ མི་ཛ་ཡེལ་ ཕོག་ཡོདཔ་ལས་ གློག་མེ་མེད་པར་ཡོདཔ་ད་ མི་ཛ་ཡེལ་ཚུ་ སྡོད་ཁྱིམ་ཚུ་ལུ་ ཕོག་ཡོད་རུང་ མི་ལུ་ཤི་རྐྱེན་མ་བྱུངམ་ཨིན་པས།.ཁར་ཀིབ་ལུང་ཕྱོགས་ཀྱི་ བདག་སྐྱོང་འགོ་འཛིན་ ཨོ་ལེག་སི་ནེ་གུ་བོབ་ཀྱིས་ ཁོང་གི་ཁྲོམ་སྡེ་དང་ ལུང་ཕྱོགས་དེ་ནང་ མི་ཛ་ཡེལ་ ༡༥ དེ་ཅིག་ གཞི་རྟེན་མཁོ་ཆས་གལ་ཅན་ཚུ་དང་ སྡོད་ཁྱིམ་གཅིག་ལུ་དམིགས་ཏེ་ བཏང་ཡོདཔ་མ་ཚད དྷི་པོ་ལུང་ཕྱོགས་དང་ ལུང་ཕྱོགས་གཞན་གྱི་ ས་གནས་ཚུ་ནང་ཡང་ མེ་ཛ་ཡེལ་ ཕོག་ཡོད་པའི་ སྙན་ཞུ་ཡོདཔ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ དྲག་པོའི་དམག་སྡེ་ཚུ་ ག་དེ་མགྱོགས་མགྱོགས་ ཡར་སེང་འབད་དགོ་པའི་དྲན་བསྐུལ།

ཨེ་བི་སི། རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ ཡུ་ཨེཛ་གི་ འགོ་འདྲེན་ཐོག་ལུ་ རྒྱ་ནག་མཐའ་བསྐོར་ཏེ་ དམག་སྒར་ཆགས་ཞིནམ་ལས་ དྲག་གནོན་འབད་ནི་གི་ ཉེན་ཁ་ཡོད་པའི་ དྲན་བརྡ་འབད་བའི་ ཉིནམ་དག་པ་ཅིག་གི་ཤུལ་ལས་ དྲག་པོའི་དམག་སྡེ་ཚུ་ རྒྱལ་སྤྱིའི་གནས་ཚད་ཁར་ ཡར་སེང་འབད་དགོ་པའི་ དྲན་བསྐུལ་ཡང་འབད་ནུག།སྲིད་འཛིན་ཇིན་པིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་གི་ ཁ་ཐུག་ལས་ ཐབས་བྱུས་ཅན་གྱི་ ཉེན་ཁའི་གདོང་ལེན་དང་ སྲུང་སྐྱོབ་འབད་ནི་ དེ་ལས་ ཐབས་བྱུས་ཅན་གྱི་ དམིགས་གཏད་ཚུ་ སྒྲུབ་ཐབས་ལུ་ རྒྱ་ཁམས་ཀྱི་ སྤྱིར་བཏང་སྟོབས་ཤུགས་དེ་ ག་དེ་དྲག་དྲག་ ཡར་སེང་འབད་དེ་ ལྕོགས་གྲུབ་ཚུ་ ཡར་དྲག་གཏང་དགོ་ཟེར་ཨིན་པས།དེ་མ་ཚད་ ཚན་རིག་དང་ འཕྲུལ་རིག་ཚུ་ རང་མགོ་རང་འདྲོངས་སྦེ་ བཟོ་ནི་དང་ གློ་བུར་གྱི་ གནས་སྟངས་ལུ་ ཐབས་བྱུས་ཅན་གྱི་ ལྕོགས་གྲུབ་ཚུ་ ཡར་དྲག་གཏང་ནི་ དེ་ལས་ བཟོ་གྲྭ་དང་ བཀྲམ་སྤེལ་གྱི་ བརྒྱུད་ལམ་ཚུ་ ཡུན་ཐུབ་ཅན་ བཟོ་ནི་དང་ ཕྱི་དངུལ་གསོག་འཇོག་གི་སྒོ་ལས་ རྒྱལ་ཡོངས་ཉེན་སྲུང་གི་ ལྕོགས་གྲུབ་ཡར་དྲག་གཏང་དགོ་པའི་ དྲན་བསྐུལ་ཡང་འབད་ནུག།རྒྱལ་ཡོངས་ཀྱི་ ཐབས་བྱུས་ལས་རིམ་ནང་ གློག་འཕྲུལ་གཅིག་བསྒྲིལ་ལས་ འགོ་བཟུང་སྟེ་ མཁའ་དབྱིངས་རིག་པའི་ གནད་དོན་གཙོ་བོ་ […]

gyalchi
Special News

ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ འཕགས་པ་ཐུགས་རྗེ་ཆེན་པོའི་ ལོ་བསྟར་སྒྲུབ་ཆེན།

གནམ་ལོ་ཆུ་ཡོས་ཟླཝ་ ༡ པའི་ཚེས་ ༡༥ སྤྱི་ཟླ་ ༣ པའི་ཚེས་ ༧ ལས་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ལྷུན་རྩེ་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་གི་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ ཉིན་གྲངས་ ༧ གྱི་རིང་ལུ་ འཕགས་པ་ཐུགས་རྗེ་ཆེན་པོའི་ སྒྲུབ་ཆེན་གནངམ་ཨིན་པས།དེ་ཡང་ རང་ཟླ་ ༡ པའི་ཚེས་ ༡༤ ལུ་ ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་སྦེ་ བུམ་བཀྲ་ཤིས་དང་བཅསཔ་སྦེ་ འགོ་བཙུགས་གནང་མི་ འཕགས་པ་ཐུགས་རྗེ་ཆེན་པོ་ སྤྱན་རས་གཟིགས་ཀྱི་ ལོ་བསྟར་སྒྲུབ་ཆེན་དེ་ ཐེངས་ ༩ པ་ཨིན་པས།དེ་བཟུམ་མའི་ སྒྲུབ་ཆེན་གནང་མི་འདི་ སྤྱིར་རྒྱལ་ཁབ་ཀྱི་ སྐུ་རིམ་དང་ ལྷག་པར་དུ་ མི་དབང་ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ སྐུ་ཚེ་ཞབས་པད་ བརྟན་ཐབས་ལུ་དང་ བློན་འབངས་ག་ར་ འགལ་རྐྱེན་བར་ཆད་མེད་པར་ བདེ་སྐྱིད་ཀྱི་ངང་ལུ་ གནས་ཐབས་ལུ་ཨིན་ཟེར་ […]

gyalchi
Online now: 12 Today: 1915 Total visitors: 15278