ArchiveAboutContact

Archive

Browse by month

11285 stories

Special News

རྒྱ་གར་ལུ་ རེལ་ལི་ཐུག་རྐྱེན་ནང་ ཤི་རྐྱེན་མི་ཚུ་གི་དོན་ལས་ བསྔོ་སྨོན་དང་ དཀར་མེ་སྟོང་མཆོད།

སྤྱི་ཟླ་ ༦ པའི་ཚེས་ ༤ གི་དྲོ་པར་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ ཀུན་ར་ནང་སྦེ་ རྒྱ་གར་ཨོ་དཱི་ཤ་ལུ་ རེལ་ལི་ཐུག་རྐྱེན་བྱུང་མིའི་ནང་ ཚེ་སྲོག་ལུ་ བར་ཆད་དང་ རྨ་སྐྱོན་བྱུང་མི་ཚུ་གི་དོན་ལས་ དཀར་མེ་སྟོང་མཆོད་ཕུལ་ཏེ་ བསྔོ་སྨོན་ལམ་ཚུ་ གནང་ཡོདཔ་ཨིན་པས། དེ་བསྒང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ བློན་ཆེན་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་མཛད་ཡོདཔ་མ་ཚད་ རྒྱ་གར་གཞུང་ཚབ་དང་ རྒྱ་གར་གྱི་ དམག་སྦྱོང་ལས་སྡེ་ ཨིམ་ཊཱད་དང་ ལམ་སེལ་ལས་འགུལ་ ཌཱན་ཊཱག་ཚུ་གི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ཡང་ བཅའ་མར་གཏོགས་ནུག། དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢ ཀྱི་ཕྱི་རོ་ རེལ་ལི་ ༣ ཐུག་རྐྱེན་བྱུང་མིའི་ནང་ མི་གྲངས་ ༢༨༠ ལྷགཔ་ཅིག་ལུ་ ཤི་རྐྱེན་དང་ སྟོང་ཕྲག་ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲུག་གཞུང་གི་ ཁ་ཐུག་ལས་ རྒྱ་གར་གཞུང་དང་ མི་སེར་ཚུ་ལུ་ མྱ་ངན་གྱི་ གསུང་འཕྲིན་ཚུ་ཡང་ གནང་ཡོད་པའི་གནས་ཚུལ།

gyalchi
National News

རང་ཟླ་ ༤ པ་འདི་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ དུས་ཆེན་ཁྱད་པར་ཅན།

ད་རེས་ སྤྱིར་རང་ཟླ་ ༤ པ་འདི་ ས་ག་ཟླ་བའི་ དུས་ཆེན་ཟེར་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ དུས་ཆེན་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲོལ་ཡོད་པའི་ནང་ལས་ཡང་ ཚེས་ ༡༥ ལུ་ དུས་ཆེན་ལྔ་འཛོམས་ཟེར་ ག་ནི་བ་ ཁྱད་དུ་འཕགས་པའི་ དུས་ཆེན་ཅིག་སྦེ་ བརྩི་སྲུང་ཞུཝ་ཨིན་པས།དེ་ཡང་ རང་ལུགས་འབྲུག་རྩིས་དང་འཁྲིལ་བ་ཅིན་ སངས་རྒྱས་བཅོམ་ལྡན་འདས་ ཤཱཀྱ་ཐུབ་པ་མཆོག་ ལྷུམས་སུ་ཞུགས་པ་དང་ སྐུ་བལྟམས་པ་ བདུད་བཏུལ་བ་ སངས་རྒྱས་པ་ མྱ་ངན་ལས་འདས་པ་ ༥ ལུ་ དུས་ཆེན་ལྔ་འཛོམས་ཟེར་ རྩིས་སྲོལ་ཡོདཔ་ཨིན་པས།དང་པ་ བདག་ཅག་གི་སྟོན་པ་མཆོག་ སྐུ་འཕྲེང་འདི་གི་ཧེ་མར་ དགའ་ལྡན་ལྷ་ཡུལ་ལུ་ ལྷའི་བུ་དམ་པ་ཏོག་དཀར་པོར་ སྐུ་སྐྱེས་བཞེས་ཏེ་ ལྷ་ཚུ་ལུ་ ཆོས་ཀྱི་འཁོར་ལོ་ བསྐོར་བཞུགས་བཞུགས་པར་ སངས་རྒྱས་མར་མེ་མཛད་ཀྱིས་ ལུང་བསྟན་དྲན་ཏེ་ བྱམས་པ་མགོན་པོ་ རྒྱལ་ཚབ་ལུ་ བསྐོས་ཞིནམ་ལས་ ལྷོ་ཕྱོགས་འཛམ་བུ་གླིང་ལུ་ ཡབ་རྒྱལ་པོ་ ཟས་གཙང་དང་ ཡུམ་སྒྱུ་མ་ལྷ་མཛེས་ ༢ ཀྱི་སྲས་ལུ་ གླངམོ་ཆེ་མཆེཝ་དྲུག་ལྡན་ གསེར་གྱི་ཁ་མདོག་བཟུམ་ཅིག་ལུ་སྤྲུལ་ཏེ་ ཡུམ་གྱི་ལྷུམས་སུ་ཞུགས་པའི་ དུས་ཆེན་དང་།གཉིས་པ་ སངས་རྒྱས་བཅོམ་ལྡན་འདས་ ལུམྦི་ནིའི་ཚལ་ལུ་ […]

gyalchi
Online now: 16 Today: 1168 Total visitors: 16604