ArchiveAboutContact

Archive

Browse by month

11285 stories

Special News

ཐིམ་ཕུ་ལྕགས་རི་རྡོ་རྗེ་གདན་ལྷ་ཁང་གི་ དབུ་རྩེ་གུ་ གསེར་ཏོག་བཀལ་བའི་ མཛད་སྒོའི་རྟེན་འབྲེལ།

སྤྱི་ཟླ་ ༦ པའི་ཚེས་ ༢༣ ལུ་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་མཆོག་གིས་ ལྕགས་རི་ལྷ་ཁང་གི་ དབུ་རྩེ་གུ་ གསེར་ཏོག་བཀལ་བའི་ རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།གསེར་ཏོག་གི་ མཛད་སྒོའི་རྟེན་འབྲེལ་དེ་ཡང་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ མཛད་གནང་ཡོདཔ་ད་ དེ་ཡང་ དྲོ་པ་ཧ་སག་ ལྕགས་རིའི་རིང་བསྲེལ་ འགངས་ཅན་ཚུ་ མགོན་ཁང་གསར་པའི་ནང་ གདན་འདྲེན་ཞུ་ནུག།ལྕགས་རི་ལྷ་ཁང་དེ་ སྤྱི་ལོ་ ༡༦༢༠ ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ བཞེངས་གནང་ཡོདཔ་ད་ འབྲུག་གི་ཆོས་སྲིད་གཉིས་ཀྱི་ འབྱུང་རབས་ནང་ གལ་གནད་ཆེ་ཤོས་ཅིག་ཨིན་པས།ལྕགས་རི་ལྷ་ཁང་དེ་ ཉམས་གསོ་སྦོམ་སྦེ་ར་ ཞུ་དོ་ཡོད་མི་དེ་ཡང་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ བལྟ་རྟོག་འོག་ལུ་ སྤྱི་ལོ་ ༢༠༡༦ ལས་ འགོ་བཙུགས་ནུག།མི་ལོ་ ༤༠༠ འཁོར་མི་ ལྷ་ཁང་དེ་གི་ ཉམས་གསོའི་ལས་སྣའི་གྲས་ཁར་ ལྷ་ཁང་ནང་འཁོད་ལུ་ རྒྱ་ཆེ་བའི་ སྒྲིག་བཀོད་བསྐྱར་བསྐྲུན་གུ་ ཕྱིའི་ཉེན་སྲུང་ལེགས་སྒྱུར་དང་ བཙན་ཐབས་ཚུ་དང་བཅསཔ་སྦེ་ སྤྱི་ལོ་ ༢༠༢༤ ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

gyalchi
National News

སྤ་རོ་རིན་སྤུངས་གྲྭ་ཚང་ནང་ ཨྱོན་གུ་རུ་རིན་པོ་ཆེའི་ གསོལ་འདེབས་འབུམ་ཕྲག།

རང་ཟླ་ ༥ པའི་ཚེས་ ༡ སྤྱི་ཟླ་ ༦ པའི་ཚེས་ ༡༩ ལས་ སྤ་རོ་རིན་སྤུངས་གྲྭ་ཚང་ནང་ བླམ་གནས་བརྟན་མཆོག་ དབུ་བཞུགས་ཐོག་ལས་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༡༢༠ དེ་ཅིག་གིས་ བདུན་ཕྲག་ ༡ གི་རིང་ལུ་ ཨྱོན་གུ་རུ་རིན་པོ་ཆེའི་ གསོལ་འདེབས་འབུམ་ཕྲག་ བསགས་གནངམ་ཨིན་པས།དེ་ཡང་ རྒྱལ་ཁབ་ནང་ ནད་མུག་འཁྲུག་རྩོད་ལ་སོགས་པའི་ རྐྱེན་ངན་ཚུ་ བཟློག་ཐབས་ལུ་ ལོ་བསྟར་བཞིན་དུ་ གནང་དོ་ཡོདཔ་ད་ རང་ཟླ་ ༥ པའི་ཚེས་ ༧ སྤྱི་ཟླ་ ༦ པའི་ཚེས་ ༢༥ ལུ་ འགྲོལ་གནང་ནི་ཨིན་པས།དེ་ལས་ རང་ཟླ་ ༥ པའི་ཚེས་ ༨ སྤྱི་ཟླ་ ༦ པའི་ཚེས་ ༢༦ ལས་ རང་ཟླ་ ༥ པའི་ཚེས་ ༡༠ སྤྱི་ཟླ་ ༦ པའི་ཚེས་ ༢༨ […]

gyalchi
National News

མི་རྗེ་བློན་ཆེན་མཆོག་གིས་ ཝི་ཡེ་ན་ལུ་ རྒྱལ་ཁབ་ཁག་གི་ མ་དངུལ་གོང་འཕེལ་ གྲོས་འཛོམས་ནང་གྲལ་གཏོགས།

མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་ ཝི་ཡེ་ན་ལུ་ ས་སྣུམ་པེ་ཊཱོལ་ ཕྱིར་ཚོང་འཐབ་མི་ རྒྱལ་ཁབ་ཚུ་གི་ མ་དངུལ་གོང་འཕེལ་ གྲོས་འཛོམས་ནང་ གྲལ་གཏོགས་མཛད་ཡོདཔ་ཨིན་པས།དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་ སའུ་དི་ཨ་རབ་བི་ཡའི་ དངུལ་རྩིས་བློན་པོ་ མོ་ཧཱ་མེད་ཨཱལ་ ཇ་དཱན་དང་ སའུ་དི་མ་དངུལ་དང་ ཀུ་ཝེཊ་མ་དངུལ་གྱི་ འགོ་འཛིན་ཚུ་དང་ མཇལ་ཕྲད་ཐོག་ལས་ སླར་འབྱུང་ལས་སྣ་ གསར་གཏོད་དང་ བལྟ་བཤལ་ སྐྱིན་འགྲུལ་ དེ་ལས་ འཕྲུལ་རིག་མཉམ་འབྲེལ་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག།དེ་མ་ཚད་ ཨཱཛ་ཊི་ཡའི་ ཡུ་རོབ་དང་ རྒྱལ་སྤྱིའི་ལས་དོན་བློན་པོ་ ཨ་ལེ་ཛེན་ཌར་ ཤ་ལེན་བཱག་དང་ཡང་ མཇལ་ཕྲད་ཐོག་ལས་ མི་རྗེ་བློན་ཆེན་མཆོག་གིས་ འབྲུག་ལུ་ གྲོགས་རམ་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ དུས་ཅི་གི་ ལོ་མཇུག་བསྡུ་ཁམས་ཅིག་ཁར་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་ཆུང་ཀུའི་གྲས་ལས་ གནས་ཚད་སོར་སྒྱུར་དང་འབྲེལ་ཏེ་ རྒྱལ་ཁབ་ ༢ ཀྱི་བར་ན་ ཐབས་བྱུས་གསར་པའི་སྒོ་ལས་ མཉམ་འབྲེལ་འབད་ནི་ལུ་ སྤྲོ་བ་སྦོམ་ཡོད་ལུགས་ཚུ་ཡང་ གསུངས་ཡོདཔ་ཨིན་པས།ཨཱཛ་ཊི་ཡའི་ བློན་པོ་དེ་གིས་ འབྲུག་གི་སྒེར་སྡེ་གོང་འཕེལ་ལུ་ ཚོང་འབྲེལ་མཐུད་སྦྲེལ་དང་ དམིགས་བསལ་གྱིས་ ཉི་དྲོད་དང་ ཆུར་བརྟེན་གློག་མེ་ དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་ཚུ་ནང་ […]

gyalchi
Special News

ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་ ཚེ་ཁུག་དང་ གཡང་ཁུག་གནང་མི་དེ་ གྲོལ་གནང་ཡོདཔ།

དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་སྦེ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ ཉིན་གྲངས་ ༣ གྱི་རིང་ལུ་ ཚེ་ཁུག་དང་ གཡང་ཁུག་གནང་མི་དེ་ སྤྱི་ཟླ་ ༦ པའི་ཚེས་ ༢༢ ལུ་ བཀྲིས་སྨོན་ལམ་དང་བཅསཔ་སྦེ་ གྲོལ་གནང་ཡི།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢༠ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༣ གྱི་རིང་ལུ་ དྲོ་པར་ཚེ་ཁུག་དང་ ཕྱི་རོའི་རིགས་ལུ་ ནོར་ལྷ་དབང་ཕྱུག་ཆེན་པོའི་ གཡང་ཁུག་གནང་ཡོདཔ་ད་ དེ་གི་ཧེ་མར་ སྤྱི་ཟླ་ ༦ པའི་ཚེས་ ༡༧ ལས་ ༡༩ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ མགོན་པོ་ལྕམ་དྲལ་གསུམ་གྱི་ མདོས་ཆོག་གནང་ནུག།གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ ཚེ་ཁུག་གནང་མི་དེ་གིས་ མ་པ་ལས་ར་ ཚེ་ཟད་མི་ཚུ་ སྲོག་སྐྱབས་འབད་ཐབས་མེད་རུང་ […]

gyalchi
National News

རྒྱལ་ཁབ་ནང་གི་ སློབ་དཔོན་ཚུ་ དགོངས་ཞུ་འགྱོ་མི་ལུ་བརྟེན་ཏེ་ སློབ་གྲྭ་ཁག་གི་ནང་ སློབ་དཔོན་མ་ལང་པའི་དཀའ་ངལ།

དབྱངས་ཅན་ལྷ་མོ། རྒྱལ་ཁབ་ནང་ སློབ་གྲྭ་ཁག་གི་ སློབ་དཔོན་ཚུ་ དགོངས་ཞུ་འབད་དེ་ འགྱོ་མི་དང་ སློབ་གྲྭ་ཁག་ལུ་ སློབ་དཔོན་མ་ལང་པའི་ དཀའ་ངལ་ཡོདཔ་ལས་ སློབ་ཕྲུག་གི་ཕམ་ཚུ་ ཚ་གྱང་ཅན་གྱི་ གཞི་ཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན་པས།དེ་ཡང་ དུས་ཅི་ སྤྱི་ཟླ་ ༡ པ་ལས་ སྤྱི་ཟླ་ ༥ པའི་ཚེས་ ༣༡ ཚུན་གྱི་ ནང་འཁོད་ལུ་ར་ ཤེས་རིག་དང་ སློབ་སྦྱོང་སྤེལ་ཁང་ཚུ་གི་ནང་ལས་ སློབ་དཔོན་ ༥༤༧ དེ་ཅིག་གིས་ དགོངས་ཞུ་འབད་ནུག།ཨ་ལོའི་ཕམ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སློབ་གྲྭ་ཁག་གི་ སློབ་དཔོན་ཉམས་མྱོང་ཡོད་མི་ཚུ་ མང་ཤོས་ཅིག་ར་ དགོངས་ཞུ་འབད་དེ་ འགྱོ་བའི་ཤུལ་ལས་ སློབ་དཔོན་གསརཔ་ ཉམས་མྱོང་མེད་མི་ཚུ་ བཙུགས་པ་ལུ་བརྟེན་ཏེ་ སློབ་ཕྲུག་ཚུ་གི་ ཤེས་ཡོན་ལུ་ ཐོ་མི་ཕོག་ག་མནོ་བའི་ ཚ་གྱང་ཡོད་ཟེར་ཨིན་པས།དེ་མ་ཚད་ སློབ་དུས་ཕྱེད་ཀ་ལས་ སློབ་དཔོན་ཚུ་ དགོངས་ཞུ་འགྱོ་མི་ལུ་བརྟེན་ཏེ་ སློབ་ཕྲུག་ཚུ་གིས་ སློབ་སྟོན་འབད་ཐངས་གསརཔ་ལུ་ གོམས་འདྲིས་ཚུད་ནིའི་ནང་ ལཱ་ཁག་རྐྱབ་ནི་ཨིནམ་ལས་ སློབ་ཕྲུག་ཚུ་གི་ ཤེས་ཡོན་ལུ་ ཧེང་བཀལ་ར་ ཐོ་ཕོག་ནི་ཨིན་པའི་ ཚ་གྱང་ཡང་ ལངམ་ཨིན་པས།ག་དེ་སྦེ་ཨིན་རུང་ […]

gyalchi
National News

མཱལ་ཌིབཛ་ལུ་ འགོ་འདྲེན་འཐབ་མི་ བཱོ་ལི་བཱོལ་ རྩེད་འགྲན་ནང་ལས་ འབྲུག་པའི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

པདྨ་དབང་འདུས། མཱལ་ཌིབཛ་ལུ་ འགོ་འདྲེན་འཐབ་མི་ རྒྱལ་ཁབ་ལྔ་གི་ བཱོ་ལི་བཱོལ་ རྩེད་འགྲན་ནང་ འབྲུག་པའི་སྡེ་ཚན་གྱིས་ བང་ལ་དེཤ་ལས་ སྐུགས་གྲངས་ ༦༢-༦༠ སྦེ་ རྒྱལ་ཁ་ཐོབ་ཡོདཔ་ད་ དེ་ཡང་ འབྲུག་གིས་ རྒྱལ་སྤྱིའི་གནས་ཚད་ཁར་ དེ་སྦེ་ རྒྱལ་ཁ་ཐོབ་མི་དེ་ འགོ་དང་པ་ཨིན་པས།དེ་མ་ཚད་ ད་རེས་ འབྲུག་རྒྱལ་ཡོངས་བཱོ་ལི་བཱོལ་སྡེ་ཚན་གྱིས་ བཱོ་ལི་བཱོལ་གྱི་ རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་མི་དེ་ འབྱུང་རབས་ནང་ཡང་ འགོ་དང་པ་ཨིན་པས།སྡེ་ཚན་དེ་གིས་ མཐའ་བཅད་འགྲན་བསྡུར་འོག་མའི་ནང་ སྐུགས་ཚད་ ༦༡-༦༠ སྦེ་ ནེ་པཱལ་གྱི་ སྡེ་ཚན་དེ་ ཕམ་བཏང་ཡོདཔ་ད་ དེ་ཡང་ རྩེད་འགྲན་དེ་ནང་ ནེ་པཱལ་ཕམ་བཏང་མི་དེ་ འབྲུག་གི་སྡེ་ཚན་རྐྱངམ་གཅིག་ཨིན་པའི་གནས་ཚུལ།

gyalchi
Online now: 2 Today: 1542 Total visitors: 16978