ArchiveAboutContact

Archive

Browse by month

11287 stories

National News

གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ བསམ་རྩེ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོའི་ནང་དབུ་བཞུགས།

གཞུང་གྲྭ་ཚང་གི་ རྡོར་སློབ་མཆོག་གིས་ གནམ་ལོ་ཆུ་ཡོས་ཟླཝ་ ༩ པའི་ཚེས་ ༦ སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༥ གི་རིང་ལུ་ གནང་དོ་ཡོད་མི་ བསམ་རྩེ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོའི་ནང་ དབུ་བཞུགས་མཛདཔ་ཨིན་པས།དེ་ཡང་ བསམ་རྩེ་རབ་སྡེའི་ བླམ་གནས་བརྟན་གྱིས་གཙོས་པའི་ གཞུང་གྲྭ་ཚང་དང་ བསམ་རྩེ་རབ་སྡེའི་ དགེ་སློང་ཞལ་གྲངས་ ༢༠༠ དེ་ཅིག་གིས་ གནངམ༌མ༌ཚད༌ དད་ལྡན་མི་སེར་ ༡,༠༠༠ ལྷགཔ་ཅིག་ཡང་ སྤུངས་འཛོམས་འབད་དེ་ཡོདཔ་ཨིན་པས།དེ་ལས་ རང་ཟླ་ ༩ པའི་ཚེས་ ༨ སྤྱི་ཟླ་ ༡༠ པའ་ཚེས་ ༢༢ ལུ་ སངས་རྒྱས་སྨན་བླའི་ དབང་གནང་ནི་དང་ ཚེས་ ༡༠ ལུ་ སྨོན་ལམ་ཆེན་མོ་དེ་ འགྲོལ་ནི་ཨིནམ་ལས་ ཚེས་ ༡༡ ལུ་ སིབ་སུ་ལུ་བྱོན་ཏེ་ ཚེ་དབང་གནང་ནི་དང་ ཚེས་ ༡༢ ལུ་ […]

World News

རྒྱ་ནག་གིས་ ཏ་ཡེ་ཝཱན་རྐྱངམ་གཅིག་ལུ་མིན་པར་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ལུ་ཡང་ ཉེན་ཁ་ཡོདཔ།

ཨཱལ་ཇ་ཟི་ར། རྒྱ་ནག་གི་ ཀ་མུས་ནིཛ་ སྲིད་ཚོགས་ཀྱིས་ ཏ་ཡེ་ཝཱན་དེ་ རྒྱ་ནག་གི་འོག་ལུ་ བཙུགས་ནི་གི་ ཁས་ལེན་ཐོག་ལས་ མཁའ་དམག་གནམ་གྲུ་དང་ མཚོ་གྲུ་ཚུ་ མང་སུ་བཙུགས་ཏེ་ འཕྲལ་འཕྲལ་ར་ དམག་སྦྱོང་ཚུ་འབདཝ་ཨིན་པས།དེ་ཡང་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ ས་གནས་ནཱན་ཇིང་ལུ་ཡོད་མི་ ལུང་ཕྱོགས་དམག་སྡེའི་ནང་ གཟིགས་སྐོར་གནངམ་ད་ དམག་སྡེ་ཚུ་ལུ་ ཕྱད་མདའ་རྐྱབ་ནིའི་དོན་ལས་ བློ་སྟོབས་དང་ ལྕོགས་གྲུབ་ཚུ་དགོ་ཟེར་གསུངས་ནུག།རྒྱ་ནག་གི་ ཁ་ཐུག་ལས་ ཏ་ཡེ་ཝཱན་དེ་ ཁོང་གི་བྱང་ཕྱད་ ཉག་གཅིག་སྦེ་མིན་པར་ འཛམ་གླིང་ནུབ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་ཡང་ བལྟ་ཞིབ་ཐོག་ལུ་ཡོད་ཟེར་ཨིནམ་ད་ ཏའེ་ཝཱན་གྱི་ རྒྱལ་ཡོངས་སྲུང་སྐྱོབ་ ཞིབ་འཚོལ་ལས་ཁང་གི་ ཞིབ་འཚོལ་མཁས་མཆོག་ཅིག་གིས་ རྒྱ་ནག་གིས་ འཛམ་གླིང་ནུབ་ཕྱོགས་དང་གཅིག་ཁར་ཡང་ ཕྱད་མདའ་རྐྱབ་ནིའི་དོན་ལས་ གྲ་སྒྲིག་ཐོག་ལུ་ སྡོད་གོཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

National News

གཞུང་དབང་ལས་འཛིན་ཚུ་གི་ ལས་གཡོག་པའི་ དངུལ་ཕོགས་བསྐྱར་བཟོ།

སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ལུ་ དངུལ་རྩིས་ལྷན་ཁག་གི་ གསལ་བསྒྲགས་ནང་ དངུལ་རྩིས་ལྷན་ཁག་འོག་ལུ་ཡོད་མི་ གཞུང་དབང་ཚོང་འབྲེལ་ལས་འཛིན་ཚུ་གི་ ལས་གཡོག་པའི་ དངུལ་ཕོགས་ཚུ་ བསྐྱར་བཟོའི་དོན་ལས་ གནང་བ་གྲོལ་ཡི་ཟེར་ཨིན་པས།དེ་ཡང་ དངུལ་ཕོགས་ཀྱི་ ཚད་གཞི་དམའ་མཐའ་གུ་ བརྒྱ་ཆ་ ༤༦ ལས་ བརྒྱ་ཆ་ ༧༤ གི་བར་ན་ ཡར་སེང་ཐོག་ལས་ བསྐྱར་བཟོ་འབད་དགོ་ཟེར་བཀོད་ནུག།ལས་འཛིན་ཚུ་གི་ གོ་གནས་དང་ ཆེད་དུ་འབྲེལ་བའི་ འཐུས་ཚུ་གི་ཐེད་ཁར་ འབྲེལ་དོན་དང་ ཐོན་ཁུངས་ཀྱི་ ལྡང་ཚད་ཚུ་ སེམས་ཁར་བཞག་སྟེ་ རང་སོའི་བཀོད་ཚོགས་ཚུ་གིས་ བསྐྱར་ཞིབ་འབད་དགོཔ་ད་ འཐུས་ཚུ་གར་ལྷོད་སྤྲོད་ནི་མེདཔ་ བཟོ་ཐབས་ལུ་ དངུལ་རྩིས་ལྷན་ཁག་ལས་ ངོས་ལེན་འགྲུབ་དགོཔ་ཨིན་པས།གྲུབ་འབྲས་གུ་ གཞི་བརྟེན་ཐོག་ལས་ འགྱུར་ཁྱད་ཅན་གྱི་ སེམས་ཤུགས་མཐུན་རྐྱེན་དེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་དང་ ཤོ་མཚུངས་སྦེ་ བརྒྱ་ཆ་ ༢༥ རེ་ འཐོབ་ནི་དང་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ཚུ་དང་ ཁག་འབག་ཐོག་གི་ ལས་གཡོགཔ་ཚུ་གི་ དངུལ་ཕོགས་དང་ འཐུས་བསྐྱར་བཟོ་ཚུ་གི་ཐེད་ཁར་ཡང་ གཞི་རྟེན་དངུལ་ཕོགས་ལུ་ བསྒྱུར་བཅོས་མ་འབད་བར་ བཀོད་ཚོགས་ཚུ་གིས་ བསྐྱར་བཟོ་འབད་དགོ་ཟེར་བཀོད་ནུག།དེ་ལས་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ཚུ་གི་ […]

World News

ཡུ་ཨེཛ་སྲིད་འཛིན་གྱིས་ ཨིཛ་རེལ་དང་ ཡུ་ཀེ་རེན་ལུ་ གྲོགས་རམ་གྱི་གྲོས་འདེབས།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བའེ་ཌེན་གྱིས་ ཡུ་ཀེ་རེན་དང་ ཨིཛ་རེལ་གྱི་ ཕྱད་མདའི་དོན་ལུ་ ཌོ་ལར་ཐེར་འབུམ་སྦེ་ གྲོགས་རམ་གྱི་ གྲོས་འདེབས་དང་འབྲེལ་ཏེ་ ཝ་ཡེཊ་ཧ་འོཛ་ནང་ གསུང་བཤད་ཅིག་ གནང་པའི་ནང་གསལ་ ཧ་མཱཛ་དྲག་ཐོག་དབང་བཙོང་སྡེ་ཚན་དང་ ར་ཤི་ཡ་ ༢ ཀྱིས་ ཁྱིམ་ཚང་རྒྱལ་ཁབ་ཚུ་གི་ དམངས་གཙོའི་རིང་ལུགས་ཚུ་ རྩ་མེད་བཏང་དགོཔ་སྦེ་ཨིན་པས་ཟེར་བཀོད་ནུག།སྲིད་འཛིན་བའེ་ཌེན་གྱིས་ ཡུ་ཨེཛ་གི་ ཀོང་གེ་རེཛ་ སྤྱི་ཚོགས་ནང་ ཌོ་ལར་ཐེར་འབུམ་ ༡༠༥ གི་དོན་ལུ་ གྲོས་དོན་བཀོད་ནི་སྦེ་ཡོད་རུང་ བར་སྐབས་ཅིག་ ཚོགས་ཁང་ནང་ དབུ་ཁྲིད་མེད་པ་ལུ་བརྟེན་ཏེ་ གནང་བ་འགྲུབ་མི་ཚུགས་ནི་མས་ཟེར་ཨིན་པས།སྲིད་འཛིན་གྱིས་འབད་བ་ཅིན་ དེ་བཟུམ་མའི་ གློ་བུར་གྱི་ གྲོགས་རམ་ནང་ལས་ ཨ་མི་རི་ཀའི་ ཉེན་སྲུང་གི་དོན་ལུ་ཡང་ མི་རབས་ལས་མི་རབས་ལུ་ ཁེ་ཕན་འོང་ནི་མས་ཟེར་ གསུངས་ཡོདཔ་མ་ཚད་ མུཛ་ལིམ་དང་ ཇེ་འུཛ་མི་རིགས་ཚུ་གིས་ སྡུག་སྦྱོང་བཏང་མ་རུངམ་ཅིག་འབདཝ་ལས་ བཀག་ཆ་འབད་དགོཔ་སྦེ་ཡང་ གསུངས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་གིས་ མི་ཛ་ཡེལ་དང་ མཁའ་དམག་གནམ་གྲུ་ཆུང་བ་ཚུ་ ཕབ་བཏང་ཡོདཔ།

ཨེ་བི་སི། རེཌ་སི་ནང་ཡོད་མི་ ཡུ་ཨེཛ་གི་ མཚོ་དམག་གྲུ་ཟིང་ ཀཱར་ནེ་ཟེར་མི་གིས་ ཨི་རཱན་གྱི་ རྒྱབ་སྐྱོར་ཐོག་ལས་ ཧའོ་ཐིཛ་ཟེར་མི་ སྡེ་ཚན་གྱིས་ ཨིཛ་རེལ་ལུ་ ཚ་གཏད་དེ་བཏང་མི་ མི་ཛ་ཡེལ་དང་ མགྱོགས་ཤུགས་ཅན་གྱི་ མཁའ་དམག་གནམ་གྲུ་ཆུང་བ་ཚུ་ ཕབ་བཏང་ནུག།དེ་ཡང་ འཛམ་གླིང་ཤར་དབུས་ལུང་ཕྱོགས་ནང་ ཡུ་ཨེཛ་གི་ཁ་ཐུག་ལས་ ཁོང་གི་མཚོ་དམག་གྲུ་ཟིང་ལུ་ ཐད་ཀར་དུ་ ཚ་གཏད་མ་འབད་བའི་ མི་ཛ་ཡེལ་དང་ གནམ་གྲུ་ཆུང་བ་ཚུ་ བར་ན་སྐོར་མ་ལས་ ཕབ་བཏང་མི་དེ་ འགོ་དང་པ་ཨིནམ་མ་ཚད་ ཨིཛ་རེལ་སྲུང་སྐྱོབ་ཀྱི་དོན་ལུ་ བར་འཛུལ་འབད་མི་དེ་ཡང་ འགོ་དང་པ་ཨིན་པས།ཡུ་ཨེཛ་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གྲུ་ཟིང་ཀཱར་ནེ་གིས་ མི་ཛ་ཡེལ་ ༤ དང་ མཁའ་དམག་གནམ་གྲུ་ཆུང་བ་ ༡༤ ཕབ་བཏང་ཡི་ཟེར་ཨིནམ་ད་ དེ་སྦེ་ ཁོང་གིས་ཕབ་བཏང་མི་ མི་ཛ་ཡེལ་དང་ གནམ་གྲུ་ཆུང་བ་ཚུ་ ཡེ་མེན་ལས་ བྱང་ཕྱོགས་ཁ་ཐུག་ལུ་ བཏང་ཡོདཔ་ལས་ ཚ་གཏད་ས་ ཏན་ཏན་མ་ཤེས་རུང་ ཨིཛ་རེལ་ཁ་ཐུག་ལུ་ འགྱོ་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཀེ་ན་ཌ་གིས་ རྒྱ་གར་ལུ་ཡོད་མི་ གཞུང་ཚབ་ཡིག་ཚང་ནང་ལས་ དོན་གཅོད་ལས་བྱེདཔ་ ༤༡ ལོག་འབོ་ཡོདཔ།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ལུ་ ཀེ་ན་ཌ་གིས་ རྒྱ་གར་ལུ་ཡོད་མི་ གཞུང་ཚབ་ཡིག་ཚང་ནང་ལས་ དོན་གཅོད་ལས་བྱེདཔ་ ༤༡ ཁོང་རའི་རྒྱལ་ཁབ་ལུ་ ལོག་འབོ་ནུག།དེ་ཡང་ ཀེ་ན་ཌ་ལུ་ སིག་ཆོས་ལུགས་ཀྱི་ རང་དབང་ས་ཁོངས་ཀྱི་དོན་ལས་ ངོ་རྒོལ་འབད་མི་ འགོ་ཁྲིདཔ་ཅིག་ དམར་བསད་འབད་བའི་སྐོར་ལས་ མ་འགྲིགས་པ་ལུ་བརྟེན་ཏེ་ རྒྱ་གར་གྱིས་ བདུན་ཕྲག་ ༢ ཀྱི་ཧེ་མར་ ཀེ་ན་ཌའི་ དོན་གཅོད་ལས་བྱེདཔ་ཚུ་ གཏོན་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ དེ་སྦེ་ མ་གཏོན་པ་ཅིན་ དོན་གཅོད་ལས་བྱེདཔ་ཚུ་ལུ་ ཉེན་སྲུང་གི་ ཐོབ་ལམ་ཚུ་ ཆ་མེད་གཏང་ནི་ཨིན་པའི་ ཉེན་བརྡ་ཡང་ འབད་ནི་དེ་གིས་ཨིན་པས།ཀེ་ན་ཌའི་ འགོ་དཔོན་ཚུ་གིས་ དེ་བཟུམ་མའི་ ཉེན་བརྡ་འབད་མི་དེ་ རྒྱལ་སྤྱིའི་ཁྲིམས་ལུགས་ལས་ འགལ་བ་ཨིན་ཟེར་ བཤད་ཡོདཔ་ད་ ཀེ་ན་ཌ་གིས་ སིག་ཆོས་ལུགས་ཀྱི་ མི་ངོམ་དམར་བསད་ཀྱི་སྐོར་ལས་ རྒྱ་གར་ལུ་ ཁ་ཉེས་ཁ་བཀལ་ཞིནམ་ལས་ཚུར་ རྒྱལ་ལཁབ་ ༢ ཀྱི་ མཐུན་ལམ་དེ་ མེདཔ་ཐལ་ནུག།སྤྱི་ཟླ་ ༡༠ པའི་ཚེས་ ༡༩ […]

World News

རྒྱ་ནག་གིས་ པ་ཀིཛ་ཏཱན་དང་གཅིག་ཁར་ མཐུན་ལམ་ཡར་དྲགས།

ཨེན་ཌི་ཊི་ཝི། རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ པ་ཀིཛ་ཏཱན་དང་གཅིག་ཁར་ མཐུན་ལམ་དང་ གཅིག་བསྒྲིལ་ཡར་དྲགས་གཏང་ནི་གི་ རེ་འདོད་ཡོདཔ་ལས་ པ་ཀིཛ་ཏཱན་གྱིས་ པ་ཀིཛ་ཏཱན་ལུ་ཡོད་མི་ རྒྱ་ནག་གི་ ལས་ཚོགས་ཚུ་ནང་ ལཱ་འབད་མི་ རྒྱ་ནག་གི་ མི་ཁུངས་ཚུ་གི་ ཉེན་སྲུང་འགན་ལེན་འབད་དགོ་ཟེར་ བཤད་ཡོདཔ་ཨིན་པས།རྒྱ་ནག་དེ་ པ་ཀིཛ་ཏཱན་ལུ་ མ་རྩ་གཞི་བཙུགས་འབད་མི་ གཙོ་བོ་ཅིག་ཨིནམ་ད་ པ་ཀིཛ་ཏཱན་ལུ་ཡོད་མི་ ཨིཛ༌ལ་མིག་སྡེ་ཚན་དང་ ངོ་རྒོལ་སྡེ་ཚན་གཞན་ཚུ་གིས་ རྒྱ་ནག་གི་ལས་འགུལ་ཚུ་ལུ་ གནོདཔ་བཀལཝ་མ་ཚད་ རྒྱ་ནག་གི་ མི་ཁུངས་ཚུ་ དམར་བསད་ཡང་འབདཝ་ཨིན་པས།སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ རྒྱ་ནག་གི་ སྲིད་འཛིན་དང་ པ་ཀིཛ་ཏཱན་ གནས་སྐབས་གཞུང་སྐྱོང་བློན་ཆེན་ ཧགཀ་ཀ་ཀར་ ༢ ཀྱི་བར་ན་ བཟོ་གྲྭ་གླིང་ག་དང་ སོ་ནམ་ ས་གཏེར་ དེ་ལས་ ནུས་ཤུགས་གསརཔ་ཚུ་གིས་མ་དོ་བར་ འབྲེལ་མཐུད་ལས་འགུལ་ཚུ་གི་ནང་ཡང་ མཉམ་འབྲེལ་ཡར་དྲགས་ གཏང་དགོ་པའི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག།བློན་ཆེན་ཀ་ཀར་གྱིས་ རྒྱ་ནག་དང་ པ་ཀིཛ་ཏཱན་གྱི་ དཔལ་འབྱོར་མཉམ་འབྲེལ་ཐོག་ལས་ ཌོ་ལར་ཐེར་འབུམ་ ༢༥ འབད་མི་ ལས་འགུལ་ ༥༠ […]

Online now: 9 Today: 2396 Total visitors: 19863