ArchiveAboutContact

Archive

Browse by month

11304 stories

World News

བྱང་ཀོ་རི་ཡའི་ དམག་མི་ཚུ་ལུ་ རང་སྲོག་བཅད་དགོ་པའི་བརྡ་བསྐུལ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡ པའི་ཚེས་ ༡༣ ལུ་ ལྷོ་ཀོ་རི་ཡའི་ ཁྲིམས་བཟོཔ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་ལུ་ ཡུ་ཀེ་རེན་དང་ཅིག་ཁར་ དམག་རྐྱབ་མི་ བྱང་ཀོ་རི་ཡའི་ དམག་མི་ཚུ་ གསོན་པོ་སྦེ་ འཛིན་བཟུང་མ་འབད་བའི་ཧེ་མར་ རང་སྲོག་བཅད་དགོཔ་སྦེ་ སླབ་ནུག་ཟེར་ཨིན་པས། དེ་ཡང་ བྱང་ཀོ་རི་ཡའི་ དབང་འཛིན་ཚུ་གིས་ ཁོང་རའི་དམག་མི་ཚུ་ལུ་ དེ་སྦེ་ རང་སྲོག་བཅད་དགོ་པའི་ ཨུ་ཚུགས་བསྐྱེད་དོ་ཡོད་པའི་སྐོར་ལས་ གསང་བྱ་ལྟ་མི་ལས་སྡེ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ པདྨ་དགའ་ཚལ་ འབྲུག་མི་འགྱུར་བདེ་ཆེན་རྫོང་ལུ་ བཀྲ་ཤིས་རབ་གནས།

གནམ་ལོ་ཤིང་སྦྲུལ་ཟླཝ་ ༡༡ པའི་ཚེས་ ༡༡ སྤྱི་ཟླ་ ༡ པའི་ཚེས་ ༡༠ གྱི་དྲོ་པར་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ པདྨ་དགའ་ཚལ་ འབྲུག་མི་འགྱུར་བདེ་ཆེན་རྫོང་ལུ་ བསངས་མཆོད་དང་བཅས་པའི་སྒོ་ལས་ བཀྲ་ཤིས་རབ་གནས་ མཛད་གནང་ནུག།དེ་ལས་ ཉིན་ཡོལ་ཆུ་ཚོད་ ༢ དེ་ཅིག་ལས་ དད་ལྡན་མི་སེར་ ༤,༠༠༠ དེ་ཅིག་ སྤུངས་འཛོམས་འབད་མི་ཚུ་ལུ་ སྐྱབས་འགྲོ་དང་ མ་ཎི་ བཛྲ་གུ་རུའི་ ལྗགས་ལུང་ཚུ་ གནང་ཡོདཔ་མ་ཚད་ བཀའ་དབང་ཡང་ གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

མི་རྗེ་བློན་ཆེན་མཆོག་གིས་ བསམ་རྩེ་རྒྱ་མཚོ་གླིང་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ནང་གཟིགས་སྐོར།

སྤྱི་ཟླ་ ༡ པའི་ཚེས་ ༡༡ ལུ་ མི་རྗེ་བློན་ཆེན་མཆོག་གིས་ བསམ་རྩེ་རྒྱ་མཚོ་གླིང་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ནང་ རྒྱལ་སྲུང་རྒྱལ་ཡོངས་ཞབས་ཏོག་ ཤོ་ཐེངས་ ༢ པའི་ནང་ གྲལ་གཏོགས་འབད་མི་ རྒྱལ་སྲུངཔ་ཚུ་དང་ མཇལ་ཕྲད་མཛད་ནུག། དེ་ཡང་ མི་རྗེ་བློན་ཆེན་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ རྒྱལ་སྲུང་ལས་རིམ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ འབྲུག་པའི་ན་གཞོན་ཚུ་གི་ གཞི་རྟེན་སྒྲིང་སྒྲིང་བཟོ་ཐབས་ལུ་ བསྒྱུར་བཅོས་ཀྱི་ ལས་རིམ་ཅིག་ཨིན་ཟེར་ གསུངས་ཡོདཔ་ཨིན་པས། དེ་སྦེ་ ཟླ་ངོ་ ༣ གྱི་རིང་ལུ་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་ལས་རིམ་དེ་གིས་ མ་འོངས་པའི་དོན་ལུ་ གཞན་དང་མ་འདྲ་བའི་ རིག་རྩལ་སྣ་ཚོགས་ ལྷབ་སྦྱངས་འབད་དེ་ ཡ་མཚན་ཅན་གྱི་ བསྒྱུར་བཅོས་འབག་འོང་ཐབས་ལུ་ཡང་ཨིན་པའི་སྐོར་ལས་ གསུངས་ཡོད་པའི་གནས་ཚུལ།

Online now: 10 Today: 47 Total visitors: 25130