ArchiveAboutContact

Archive

Browse by month

11287 stories

Special News

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ ཧཱ་ལུ་ཆིབས་བསྐྱོད།

ད་རིས་ མེ་སྦྲུལ་ཟླཝ་ ༦ པའི་ཚེས་ ༢༤ སྤྱི་ཟླ་ ༨ པའི་ཚེས་ ༡༧ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ ཧཱ་རྫོང་ཁག་གི་ སྨོན་ལམ་ཆེན་མོའི་ནང་ དབུ་བཞུགས་མཛད་ནིའི་དོན་ལས་ ཆིབས་བསྐྱོད་གནངམ་ཨིན་པས། དེ་ཡང་ རང་ཟླ་ ༦ པའི་ཚེས་ ༢༥ སྤྱི་ཟླ་ ༨ པའི་ཚེས་ ༡༨ ལུ་ ཧཱ་རྫོང་ཁག་སྨོན་ལམ་ཆེན་མོའི་ མཆོད་ཁང་གསར་བསྒྲུབས་ལུ་ རབ་གནས་གནང་ནི་དང་ རང་ཟླ་ ༦ པའི་ཚེས་ ༢༦ ལུ་ གུ་རུ་ཐོད་ཕྲེང་རིགས་ལྔ་དང་ སངས་རྒྱས་སྨན་ལྷ་ སངས་རྒྱས་འོད་དཔག་མེད་ཚུ་གི་ བཀའ་དབང་གནང་ནི་གི་ ལས་རིམ་འདུག། དེ་ལས་ རང་ཟླ་ ༦ པའི་ཚེས་ ༢༧ ལས་ ༢༩ སྤྱི་ཟླ་ ༨ པའི་ཚེས་ ༢༠ ལས་ ༢༢ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ […]

World News

ཨ་ལཱཛ་ཀ་ལུ་ ཡུ་ཨེཛ་དང་ ར་ཤི་ཡའི་ དབུ་ཁྲིད་ཀྱི་བར་ན་ཞལ་འཛོམས།

སི་ཨེན་ཨེན། སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ ཨ་ལཱཛ་ཀ་ལུ་སྦེ་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་དང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊམ་གྱི་བར་ན་ དུས་ཡུན་ཆུ་ཚོད་ ༣ གྱི་རིང་ལུ་ ཞལ་འཛོམས་གནང་པའི་ཤུལ་ལས་ དབུ་ཁྲིད་གཉིས་ཆ་ར་གིས་ གསུང་གྲོས་ཚུ་ ལེགས་ཤོམ་སོང་ཡི་ཟེར་ གསུངསམ་མ་གཏོགས་ གནད་དོན་ཁ་གསལ་ཅིག་ ག་ནི་ཡང་ མ་བཀོདཔ་ཨིན་པས། སྲིད་འཛིན་ཊམ་གྱིས་ ཧེ་མ་འབད་བ་ཅིན་ ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ ཕྱད་མདའ་མཚམས་འཇོག་འབད་ནི་ལུ་ ཨུ་ཚུགས་བསྐྱེད་ནི་ཨིན་ཟེར་ གསུངས་ཡོད་རུང་ གསུང་གྲོས་ཀྱི་སྐབས་ལུ་ འགྲིག་ཆ་ག་ནི་ཡང་ བྱུང་མ་ཚུགས་པར་ ལུས་ཡོདཔ་ལས་ འགྲིག་ཆ་བཟོ་ནི་གི་ འགན་ཁུར་དེ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཛེ་ལེནཛ་ཀི་ལུ་ འཁྲི་དོ་ཡོད་པའི་ བརྡ་སྟོན་འབད་ནུག། མ་གཞི་ སྲིད་འཛིན་ ༢ ཀྱི་བར་ན་ གནད་དོན་ལེ་ཤ་ཅིག་གུ་ ཞལ་འཆམ་བྱུང་ཡི་ཟེར་ཨིན་རུང་ གནད་དོན་སྦོམ་ཚུ་གི་སྐོར་ལས་ ཞལ་འཆམ་བྱུང་མ་ཚུགསཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

National News

ལྡོག་ཕྱོགས་ཀྱིས་ སྣུམ་འཁོར་གྱི་ཐོབ་ལམ་ དགོངས་ཡངས་བཏང་མི་ལུ་ ཁྲིམས་མཐུན་ཡོད་མེད་ཀྱི་ཚ་གྱང་།

པདྨ་དབང་འདུས། སྤྱི་ཟླ་ ༨ པའི་ཚེས་ ༡༣ ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་ དྲག་ཤོས་པདྨ་ཚེ་དབང་གིས་ མི་རྗེ་བློན་ཆེན་མཆོག་ལུ་ ཞུ་བ་ཅིག་ ཕུལ་བའི་ནང་གསལ་ དངུལ་རྩིས་ལྷན་ཁག་ལས་ སྣུམ་འཁོར་གྱི་ཐོབ་ལམ་ དགོངས་ཡངས་བཏང་མི་ལུ་ ཁྲིམས་མཐུན་ཡོད་མེད་དང་འབྲེལ་བའི་ ཚ་གྱང་ཡོད་ལུགས་ཚུ་བཀོད་ནུག། ཞུ་ཡིག་དེ་ནང་ དངུལ་ཕོགས་བསྐྱར་བཟོའི་ བཅའ་ཁྲིམས་ ༢༠༡༩ ཅན་མ་དང་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་ ༢༠༢༢ ཅན་མའི་འོག་ལུ་ གནང་ཡོད་མི་ སྣུམ་འཁོར་གྱི་ ཐོབ་ལམ་དེ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡ པ་ལས་ ཅ་དམ་ཁྲལ་མ་གཏོགས་ ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ བཅའ་ཁྲིམས་དང་ ནང་ཁྲལ་བཅའ་ཁྲིམས་ ༢ བསྟར་སྤྱོད་འབད་བའི་ཤུལ་ལས་ ཆ་མེད་འགྱོ་ནི་ཨིན་པའི་ གསལ་བསྒྲགས་འབད་མི་ལུ་ ཚ་གྱང་ཚུ་ བཀོད་ཡོདཔ་ཨིནཔས། ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ གསལ་བསྒྲགས་དེ་ལུ་ ཁྲིམས་དོན་བསྐྱར་ཞིབ་འབད་མི་དང་འཁྲིལཝ་ད་ བདག་སྐྱོང་ཁྲིམས་དོན་གྱི་ གཞི་རྩ་གཙོ་བོ་ཚུ་དང་ ཁྲིམས་དོན་གྱི་གོ་བ་ རྩ་ཁྲིམས་ཅན་གྱི་ གཞུང་སྐྱོང་ཚུ་དང་ ཚུལ་མཐུན་མིན་འདུག་ཟེར་བཀོད་ནུག། སྣུམ་འཁོར་གྱི་ ཐོབ་ལམ་དེ་ […]

National News

འབྲུག་གི་སྤྱི་ཚོགས་ཀྱིས་ དམངས་གཙོའི་རིང་ལུགས་ནང་ གནས་ཚུལ་རྩོམ་སྒྲིག་གི་ འགན་ཁུར་ཟེར་བའི་ བརྡ་བརྒྱུད་ཞལ་འཛོམས།

པདྨ་དབང་འདུས། སྤྱི་ཟླ་ ༨ པའི་ཚེས་ ༡༡ ལས་ ༡༣ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ ཐིམ་ཕུ་གཏེར་མ་གླིང་ཀའི་ བཟའ་ཁང་ནང་སྦེ་ འབྲུག་གི་སྤྱི་ཚོགས་ཀྱིས་ དམངས་གཙོའི་རིང་ལུགས་དང་ བཙག་འཐུའི་གྲོགས་རམ་ལས་དོན་གྱི་ རྒྱལ་སྤྱི་གཙུག་སྡེ་དང་ མཉམ་འབྲེལ་ཐོག་ལས་ འབྲུག་གི་དམངས་གཙོའི་རིང་ལུགས་ནང་ གནས་ཚུལ་རྩོམ་སྒྲིག་གི་ འགན་ཁུར་ཟེར་མི་ བརྡ་བརྒྱུད་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནུག། ཞལ་འཛོམས་དེ་ནང་ མི་རྗེ་ཚོགས་དཔོན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་ དེ་ལས་ རྒྱལ་ཡོངས་བརྡ་བརྒྱུད་ཀྱི་ ལས་གཡོགཔ་དང་ གནས་ཚུལ་བསྡུ་བཀོདཔ་ འགོ་འདྲེན་འཐབ་མི་ ཡིག་ཚང་ ༢ ཀྱི་ ལས་གཡོགཔ་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས། ཞལ་འཛོམས་འགོ་འབྱེད་སྐབས་ལུ་ མི་རྗེ་ཚོགས་དཔོན་གྱིས་ ཞལ་འཛོམས་ནང་ གྲལ་གཏོགས་འབད་མི་དང་ མཉམ་འབྲེལ་པ་ཚུ་ལུ་ བཀའ་དྲིན་ལེགས་སོ་ཡོད་ལུགས་དང་ དམངས་གཙོའི་རིང་ལུགས་ བཙན་ཐབས་ལུ་ རང་དབང་དང་ བཟང་སྤྱོད་ཅན་གྱི་ བརྡ་བརྒྱུད་ཀྱི་ དགོས་མཁོ་ཡོད་ལུགས་ཚུ་གསུངས་ནུག། མི་རྗེ་ཚོགས་དཔོན་གྱིས་ ང་བཅས་རའི་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ གཞུང་གི་གཙོ་རིམ་དང་ སྲིད་བྱུས་ཚུ་ […]

National News

མི་རྗེ་བློན་ཆེན་མཆོག་གིས་ ཐིམ་ཕུ་དགེ་བསྙེན་ཁ་ལུ་ སངས་རྒྱས་ཤ་མོའི་ དུས་སྟོན་འགོ་འབྱེད།

སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ མི་རྗེ་བློན་ཆེན་མཆོག་གིས་ ཐིམ་ཕུ་དགེ་བསྙེན་ཁ་ལུ་ ཉིན་གྲངས་ ༢ ཀྱི་ སངས་རྒྱས་ཤ་མོའི་དུས་སྟོན་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་ཡོདཔ་ད་ དུས་སྟོན་དེ་ཡང་ བལྟ་བཤལ་ལས་ཁུངས་ཀྱི་ རྒྱབ་སྐྱོར་ཐོག་ལས་ དགེ་བསྙེན་རྒེད་འོག་གིས་ འགོ་འདྲེན་འཐབ་ནུག། དུས་སྟོན་དེ་ནང་ ས་གནས་ཀྱི་ མི་སེར་དང་ སློབ་ཕྲུག་ བལྟ་བཤལཔ་ དེ་ལས་ གཞུང་གི་ལས་སྡེ་དང་ ལས་ཁུངས་ཁག་གི་ནང་ལས་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས། དེ་ཡང་ རྒེད་འོག་གི་ ཁྱད་ཆོས་ཅན་གྱི་ ལམ་སྲོལ་དང་ གནས་གོང་མཐོ་བའི་ སངས་རྒྱས་ཤ་མོའི་ དུས་སྟོན་སྦེ་ བརྩི་སྲུང་ཐོག་ལས་ དུས་སྟོན་དེ་ནང་ འོང་མི་ཚུ་ལུ་ ལམ་སྲོལ་གྱི་ལྟདམོ་དང་ ས་གནས་ཀྱི་བཟའ་འཐུང་ མི་སྡེའི་ལས་སྣ་ལ་སོགསཔ་ཚུ་ ངོམས་ནིའི་གོ་སྐབས་ གསལ་སྟོན་འབད་ཡོདཔ་ད་ ལུང་ཕྱོགས་ནང་ དཔལ་འབྱོར་བལྟ་བཤལ་དང་ ཡུན་བརྟན་ཅན་གྱི་ འཚོ་རྟེན་ཚུ་ གོང་ཕེལ་གཏང་དོ་ཡོད་པའི་གནས་ཚུལ།

World News

ལྷོ་ཀོ་རི་ཡ་གིས་ རྒྱལ་ཁབ་ ༢ ཀྱི་ ས་མཚམས་བདའ་སྟེ་ དམག་སྡེའི་ལས་སྣ་ལ་ལོ་ཅིག་ མཇུག་བསྡུ་ནི།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ ལྷོ་ཀོ་རི་ཡའི་སྲིད་འཛིན་ ལི་ཇཱེ་མི་ཡུང་གིས་ ལྷོ་བྱང་ཀོ་རི་ཡའི་བར་ན་ མཐུན་ལམ་ལེགས་སྒྱུར་ལུ་དམིགས་ཏེ་ རྒྱལ་ཁབ་ ༢ ཀྱི་ ས་མཚམས་བདའ་སྡེ་ དམག་སྡེའི་ལས་སྣ་ལ་ལོ་ཅིག་ མཇུག་བསྡུ་གཏང་ནི་ཨིན་ཟེར་གསུངས་ནུག། དེ་ཡང་ ལྷོ་ཀོ་རི་ཡའི་ གཞུང་གི་ཁ་ཐུག་ལས་ ད་རེས་ འཁྲུག་འཛིང་ཅན་གྱི་ གནས་རིམ་ནང་ཡོད་མི་ ཁྱིམ་མཚེས་རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་པའི་ ལས་དོན་ཅིག་ཨིན་པས། ཧེ་མ་ ཀོ་རི་ཡའི་ རྒྱལ་ཁབ་ ༢ ཀྱི་བར་ན་ སྤྱི་ཟླ་ ༩ པའི་ཚེས་ ༡༩ ཅན་མའི་ དྲག་པོའི་ཆིངས་ཡིག་ཡོངས་རྫོགས་ཟེར་མི་དེ་ སླར་ལོག་ཆ་གནས་ཡོདཔ་ བཟོ་ནིའི་དོན་ལུ་ ལྷོ་ཀོ་རི་ཡའི་ དམག་སྡེའི་ལས་སྣ་ལ་ལོ་ཅིག་ མར་ཕབ་འབད་ནི་ཨིནམ་ད་ ཆིངས་ཡིག་དེ་ཡང་ སྤྱི་ལོ་ ༢༠༡༨ ལུ་ རྒྱལ་ཁབ་ ༢ ཀྱི་བར་ན་ དབུ་ཁྲིད་ཞལ་འཛོམས་ཅིག་ ཚོགས་པའི་སྐབས་ལུ་བཟོ་ནུག། ལྷོ་ཀོ་རི་ཡ་གིས་ རྒྱལ་ཁབ་ […]

National News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དགེ་འདུན་འདུས་དམངས་དྲུང་ཆེན་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

ཤིང་སྦྲུལ་ཟླཝ་ ༦ པའི་ཚེས་ ༢༡ སྤྱི་ཟླ་ ༨ པའི་ཚེས་ ༡༤ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་རྫོང་ཁག་ གཡུས་ཐང་སྦིས་ལས་ སྐྱེས་ལོ་ ༣༨ འབད་མི་ སློབ་དཔོན་རྣམ་རྒྱལ་རྡོ་རྗེ་དེ་ དགེ་འདུན་འདུས་དམངས་དྲུང་ཆེན་སྦེ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག། སློབ་དཔོན་རྣམ་རྒྱལ་རྡོ་རྗེ་གིས་ ལོ་ན་ཆུང་ཀུའི་བསྒང་ལས་ གཞུང་གྲྭ་ཚང་ནང་ འཛུལ་ཞུགས་འབད་དེ་ བདེ་ཆེན་ཕོ་བྲང་ འབྲིང་རིམ་སློབ་གྲྭ་ལས་ རིམ་པ་བཞིན་དུ་ མཐར་འཁྱོལ་བའི་ཤུལ་ལུ་ རྟ་མགོ་ནང་པའི་མཐོ་རིམ་བཤད་གྲྭ་ལས་ སྤྱི་ལོ་ ༢༠༡༤ ལུ་ རིག་གཞུང་གི་ ཤེས་ཡོན་ཚུ་ མཇུག་བསྡུ་ཡོདཔ་ཨིན་པས། དེ་ལས་ ལྕགས་རི་རྡོ་རྗེ་གདན་ལུ་ སྔོན་འགྲོའི་རིམ་པ་དང་ དཔལ་རི་གསང་སྔགས་ཆོས་གླིང་ སྒྲུབ་སྡེའི་ནང་ ལོ་གསུམ་ཕྱོགས་གསུམ་གྱི་ སྒྲུབ་པ་ཡང་ གནང་པའི་ཤུལ་ལས་ རྟ་མགོ་དང་ ལྕགས་རི་དགོན་སྡེ་ཚུ་ནང་ ལས་འགན་མང་རབས་ཅིག་ བསྣམས་ཡོདཔ་མ་ཚད་  ད་ལྟོའི་གོ་གནས་ མ་བཞེས་པའི་ཧེ་མར་ དགེ་འདུན་གསོལ་སྦྱོར་ཡིག་ཚང་ནང་ ལས་དྲུང་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

Online now: 6 Today: 294 Total visitors: 20425