ArchiveAboutContact

Archive

Browse by month

11287 stories

National News

སྤུ་ན་གཙང་ཆུ་ ༢ པའི་ གློག་མེ་ལས་འགུལ་གྱི་ ཡུ་ནིཊ་མཐའ་མཇུག་དེ་ འབྲེལ་མཐུན་ཐོག་ལས་ གློག་མེ་བརྒྱུད་སྤེལ་ཡོངས་རྫོགས་བསྒྲུབས་ཡོདཔ།

པདྨ་དབང་འདུས། རྒྱ་འབྲུག་ ༢ ཀྱི་བར་ན་ གཙོ་རིམ་ཐོག་གི་ མཉམ་འབྲེལ་ལས་འགུལ་ སྤུ་ན་གཙང་ཆུ་ ༢ པའི་ གློག་མེ་ལས་འགུལ་གྱི་ མེ་ག་ཝཊ་ ༡,༠༢༠ འབད་མི་ མཐའ་མཇུག་གི་ ཡུ་ནིཊ་ ༦ པ་དེ་ མཐར་འཁྱོལ་ཅན་སྦེ་ འབྲེལ་མཐུན་འབད་དེ་ རྒྱལ་ཡོངས་བརྒྱུད་ཐག་ཐོག་ལུ་ བཀལ་ཡོདཔ་ཨིན་པས། དེ་ཡང་ གལ་གནད་ཆེ་བའི་ ལས་འགུལ་དེ་གི་ ཡུ་ནིཊ་ཁག་ ༦ པོ་ག་ར་ ཡོངས་རྫོགས་སྦེ་ བསྒྲུབས་ནི་དེ་གིས་ འབྲུག་རྒྱལ་ཁབ་འདི་ རྒྱལ་སྤྱིའི་གནས་རིམ་ལུ་ གཙང་དག་ནུས་ཤུགས་ནང་ འགོ་ཁྲིདཔ་གི་ གནས་ཚད་བཙན་ཐབས་ འབྱུང་ནི་ཨིནམ་སྦེ་བཀོད་ནུག། དེ་བཟུམ་མའི་ གྲུབ་འབྲས་ཅན་གྱི་ གློག་མེ་བརྒྱུད་སྤེལ་གྱི་ རྟེན་འབྲེལ་དེ་ སྤྱི་ཟླ་ ༨ པའི་ཚེས་ ༢༧ ལུ་ གློག་མེ་འཕྲུལ་ཁང་ནང་སྦེ་ བརྩིས་ཡོདཔ་ད་ ཡུ་ནིཊ་ ༦ པ་དེ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་དང་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ ཤྲཱི་སུ་དྷ་ཀར་ ད་ལེ་ལ་ ༢ […]

National News

མི་རྗེ་བློན་ཆེན་མཆོག་གིས་ རྒྱ་གར་གྱི་ སོ་ནམ་དང་ ཞིང་པའི་ཕན་བདེ་ལྷན་ཁག་གི་ དྲུང་ཆེན་དང་མཇལ་ཕྲད།

སྤྱི་ཟླ་ ༨ པའི་ཚེས་ ༢༨ ལུ་ རྒྱ་གར་གྱི་ སོ་ནམ་དང་ ཞིང་པ་ཕན་བདེ་ལྷན་ཁག་གི་དྲུང་ཆེན་ ཤྲཱི་དེ་ཝེཤ་ ཅ་ཏུར་ཝེ་ཌི་དེ་ མི་རྗེ་བློན་ཆེན་མཆོག་གི་ སྐུན་མདུན་ལུ་ བཅར་ཡོདཔ་ཨིན་པས། དེ་ཡང་ རྒྱ་གར་གྱིས་ འབྲུག་ལུ་ སོ་ནམ་དང་ འབྲེལ་ཡོད་ལས་སྡེ་ཚུ་ནང་ རྒྱབ་སྐྱོར་སྒྲིང་སྒྲིང་དང་ འགན་ཁུར་འབག་དོ་ཡོད་པའི་ བརྡ་མཚོན་སྟོན་ཡོདཔ་ད་ མི་རྗེ་བློན་ཆེན་དང་ དྲུང་ཆེན་ ༢ ཀྱི་བར་ན་ སོ་ནམ་ལས་སྡེའི་ནང་ མཉམ་འབྲེལ་ཁ་སྐོང་བཙན་ཐབས་དང་ མ་འོངས་གོ་སྐབས་ཚུ་གི་སྐོར་ལས་ཡང་ གསུང་གྲོས་ཚུ་ གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

World News

ར་ཤི་ཡ་གིས་ ཌི་ནི་པོ་རོ་པེ་ཊོར་ཛིག་མངའ་སྡེའི་ནང་ འཛུལ་ཞུགས་འབད་མི་ལུ་ ཡུ་ཀེ་རེན་གྱིས་ ངོས་འཛིན་འབད་ཡོདཔ།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༧ ལུ་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ ར་ཤི་ཡའི་ དམག་མི་ཚུ་ ཤར་ཕྱོགས་བཟོ་གྲྭའི་ལུང་ཕྱོགས་ ཌི་ནི་པོ་རོ་པེ་ཊོར་ཛིག་བརྒལ་ཏེ་ འཛུལ་ཞུགས་ཐོག་ལས་ རྐང་སྟེགས་གཞི་བཙུགས་འབད་ནི་གི་ དཔའ་བཅམ་ཡོད་པའི་ ངོས་འཛིན་བྱུང་ནུག། དེ་ཡང་ ར་ཤི་ཡ་གིས་ གནམ་བྱཱར་གྱི་ དུས་ཚོད་ཁར་ ཌོ་ནིཛ་ལུང་ཕྱོགས་ལས་ ཡུ་ཀེ་རེན་གྱི་ ས་ཁོངས་ནང་ གཏིང་ཟབ་སྦེ་ འཛུལ་ནི་གི་ དཔའ་བཅམ་ནུག་ཟེར་ བཤདཔ་ཨིན་པས། སྤྱི་ཟླ་ ༦ པའི་ནང་ ར་ཤི་ཡའི་ འགོ་དཔོན་ཚུ་གིས་ ཌི་ནི་པོ་རོ་པེ་ཊོར་ཛིག་ལུ་ འཛུལ་ཞུགས་འབད་ནི་ འགོ་བཙུགས་ཡོདཔ་སྦེ་ བཤད་ཡོད་རུང་ ཡུ་ཀེ་རེན་གྱི་ སྙན་ཞུ་ཅིག་ནང་ ལུང་ཕྱོགས་ས་མཚམས་ལས་ ཧ་ལམ་ཅིག་ར་ བརྒལ་མ་ཚུགས་པས་ཟེར་བཀོད་ནུག། སྤྱི་ཟླ་འདི་ནང་ ར་ཤི་ཡའི་ དམག་མི་སྡེ་ཚན་ཆུང་ཀུ་ཅིག་ ཡུ་ཀེ་རེན་གྱི་ སྲུང་སྐྱོབ་ས་མཚམས་ལས་ ཀི་ལོ་མི་ཊར་ ༡༠ དེ་ཅིག་གི་ས་ཁར་ ཕར་འཕུལ་འབད་ཡོད་རུང་ ཡར་འཕར་འགྱོ་ནི་ལས་ བཀག་ཆ་འབད་ཡོད་པའི་ གསལ་སྟོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

གཱ་ཟའི་སློབ་ཕྲུག་ཚུ་ ཡུ་ཀེ་རྒྱལ་ཁབ་ནང་ དཔེ་ཆ་ལྷབ་སྦྱང་གི་གནང་བ།

བི་བི་སི། ཡུ་ཀེ་གཞུང་གིས་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་གནང་སྲོལ་ཡོད་མི་ ཤེ་ཝི་ནིང་ འཆར་གཞིའི་འོག་ལུ་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་གཱ་ཟ་ལས་ སློབ་ཕྲུག་ ༩ ལུ་ ལོ་ངོ་ ༡ གི་རིང་ མཐོ་རིམ་གོང་མའི་ ཤེས་ཡོན་ལྷབ་ནིའི་དོན་ལུ་ གྲོགས་རམ་བྱིན་ནི་ཨིན་པས་ཟེར་ སྤྱི་ཟླ་ ༨ པའི་ཚེས་ ༢༦ ལུ་ བི་བི་སིའི་ གནས་ཚུལ་ནང་བཀོད་ནུག། དེ་མ་ཚད་ ནང་སྲིད་དྲུང་ཆེན་གྱིས་ སློབ་ཕྲུག་གཞན་མི་ ༣༠ དེ་ཅིག་ལུ་ཡང་ སྒེར་གྱི་ལས་འཆར་གཞན་ཚུ་གི་ཐོག་ལས་ མ་དངུལ་ཡོངས་རྫོགས་ཀྱི་ གྲོགས་རམ་འབད་ནི་གི་ འཆར་གཞི་ཡང་ ཆ་འཇོག་འབད་ཡི་ཟེར་ཨིན་པས། སྤྱི་ལོ་ ༢༠༢༣ ལུ་ ཧ་མཱཛ་དང་ ཨིཛ་རེལ་གྱི་བར་ན་ དམག་འཁྲུག་འགོ་བཙུགས་པའི་ཤུལ་ལས་ གཱ་ཟའི་སློབ་ཕྲུག་ཚུ་ ཡུ་ཀེ་ལུ་ ཤེས་ཡོན་ལྷབ་པར་འགྱོ་མི་ འགོ་དང་པ་ཨིནམ་ལས་ ཨིཛ་རེལ་གྱིས་ཡང་ སློབ་ཕྲུག་ཚུ་གིས་ ས་ཁོངས་དེ་ བཀོ་བཞག་ཆོག་པའི་ ཁས་ལེན་འབད་དགོ་ཟེར་བཀོད་ནུག། དེ་མ་ཚད་ སློབ་ཕྲུག་ཚུ་ དམག་འཁྲུག་གི་ས་ཁོངས་ལས་ ཉེན་མེད་ཀྱི་ ས་ཁར་བསྐྱལ་ནི་ལུ་ཡང་ […]

World News

ག་ཟའི་སྨན་ཁང་ལུ་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་ཐོག་ལས་ གནས་ཚུལ་བསྡུ་བཀོད་པ་ ༥ བརྩིས་ཏེ་ མི་གྲངས་ ༢༠ དམར་བསད།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༦ ལུ་ པེ་ལིཛ་ཊིན་ ག་ཟ་ཁྲོམ་ཚོགས་ཀྱི་ ལྷོ་ཕྱོགས་ས་ཁོངས་ ཁཱན་ཡུ་ནིཛ་ལུ་ཡོད་མི་ ན་སར་སྨན་ཁང་ནང་ ཨིཛ་རེལ་གྱིས་ གནོད་འཚུབ་ལན་ཐེངས་ ༢ རེ་བཀལ་ཏེ་ རྒྱལ་སྤྱིའི་གནས་ཚུལ་བསྡུ་བཀོདཔ་ ༥ བརྩིས་ཏེ་ མི་གྲངས་ ༢༠ དེ་ཅིག་ དམར་བསད་འབད་ཡོདཔ་སྦེ་ ཧ་མཱཛ་གིས་ འཛིན་སྐྱོང་འཐབ་མི་ མངའ་ཁོངས་གསོ་བའི་ལྷན་ཁག་ལས་ གསལ་བཤད་འབད་ནུག། དེ་ཡང་ གནས་ཚུལ་བསྡུ་བཀོད་པ་ཚུ་གིས་ རོའི་ཊརཛ་དང་ ཨེ་པི་ ཨཱལ་ཇ་ཟི་ར་ དེ་ལས་ མི་ཌལ་ཨིཛ་ཨའི་ཚུ་དང་གཅིག་ཁར་ ལཱ་འབད་ཡོདཔ་སྦེ་ གནས་ཚུལ་ལས་ཁང་ཚུ་གིས་ གཏན་འཁེལ་འབད་ཡོདཔ་ད་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ གཙོ་འཛིན་གྱིས་ཡང་ གསོ་བའི་ལས་བྱེདཔ་ ༤ དམར་བསད་ཡོདཔ་སྦེ་ཨིན་པས། དེ་བཟུམ་སྦེ་ སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ཡང་ ཨུཛ་རེལ་གྱིས་ ག་ཟ་ཁྲོམ་གྱི་ ཨཱལ་ཤི་ཕ་ སྨན་ཁང་གི་ཉེ་འདབས་ལུ་ གནོད་འཚུབ་བཀལ་ཏེ་ ཨཱལ་ཇ་ཟི་རའི་ གནས་ཚུལ་བསྡུ་བཀོད་པ་ ༤ […]

World News

རྒྱ་ནག་གི་ ཨམ་སྲུ་ཅིག་གིས་ རྨག་པའི་མགོ་སྐོར་བཀག་ཐབས་ལུ་ ཚ་བོའི་སློབ་སྦྱོང་གི་འཐུས་ ལག་ལེན་འཐབ་སྟེ་ གཉེར་མའི་སྨན་བཅོས།

ཨེན་ཌི་ཊི་ཝི། རྒྱ་ནག་གི་ ཨམ་སྲུ་ཅིག་གིས་ རྒྱ་ནག་གི་ཏི་རུ་ ཡཱོན་ ༦༢,༠༠༠ འབདཝ་ད་ རྒྱ་གར་གྱི་ཪུ་པི་ ཧ་ལམ་འབུམ ༧.༥ དེ་ཅིག་གི་རྩིས་ གཉེར་མ་མེདཔ་བཟོ་ནི་གི་ སྨན་བཅོས་ཀྱི་དོན་ལུ་ ཟད་འགྲོ་བཏང་མི་དེ་ རྣམ་རྟོག་ལང་སི་སི་ཅིག་ལུ་ གྱུར་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ རྒྱ་ནག་གི་གསར་ཤོག་ ཨེཛ་སི་ཨེམ་པི་ནང་ སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ མོ་ལུ་ སྨན་བཅོས་དེ་གིས་ ཁ་རྗེ་ངན་པ་དང་ རྨག་པ་གིས་ མགོ་སྐོར་རྐྱབ་ནི་ལས་ བཀག་ཚུགས་ནི་ཨིན་པའི་ ཡིད་ཆེས་བསྐྱེད་བཅུག་པའི་ཤུལ་ལུ་ སྨན་བཅོས་འབད་ཡོདཔ་སྦེ་བཤད་ནུག ཧེ་ནན་མངའ་སྡེ་ལས་ ཨམ་སྲུ་ཙུའི་ཟེར་མི་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་ར་ སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ སྨན་བཅོས་ལྟེ་བར་འགྱོཝ་ད་ སྨན་བཅོས་ལྟེ་བའི་ ཇོ་བདག་དང་ ཚོང་མགྲོན་པ་ཅིག་གིས་ པགས་ཀོའི་གཤག་བཅོས་ཁང་གི་ སྦོ་ལོགས་ཁར་ཁྱིད་དེ་ མཛེས་ཆའི་སྨན་བཅོས་འབད་དགོ་པའི་ ནན་སྐུལ་འབདཡི་ཟེར་ཨིན་པས། སྨན་ཁང་ནང་ གྲོས་བསྟུན་འབད་བའི་སྐབས་ལུ་ མོ་གི་གདོང་གུ་ གཉེར་མ་ལེ་ཤ་ཡོད་ནི་དེ་གིས་ […]

Online now: 4 Today: 31 Total visitors: 20162