ArchiveAboutContact

Archive

Browse by month

11285 stories

World News

ཏཱ་ཡེ་ཝཱན་ལུ་ གསང་ཞིབ་ཀྱི་ ལཱ་འབད་མི་ རྒྱ་ནག་གི་ མི་ཁུངས་ ༡ འཛིན་བཟུང་།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༡༨ ལུ་ ཏཱ་ཡེ་ཝཱན་གཞུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ གསང་ཞིབ་ཀྱི་ ལཱ་འབད་བའི་ དོགས་པ་ལུ་བརྟེན་ཏེ་ རྒྱ་ནག་གི་ མི་ཁུངས་ ༡ འཛིན་བཟུང་འབད་ཡི་ཟེར་ཨིན་པས། དེ་ཡང་ སྒྲིག་གཡོག་ནང་ཡོད་མི་ དམག་མི་དང་ དགོངས་ཞུ་འབད་མི་ དམག་མི་ཚུ་གི་ གསང་བའི་བརྡ་དོན་ཚུ་ བསྡུ་ལེན་འབད་ཐབས་ལུ་ཨིནམ་ལས་ ཏཱ་ཡེ་ཝཱན་གཞུང་གིས་ མཚོ་གླིང་དེ་ནང་ གསང་ཞིབ་ཀྱི་ལཱ་ ཡར་སེང་འགྱོ་མི་ཚུ་ བཀག་དམ་འབད་ནི་གི་ ཐབས་ཤེས་ཚུ་ སྟོན་དགོཔ་སྦེ་བཀོད་ནུག། དྲང་ཁྲིམས་ལྷན་ཁག་ ཞིབ་དཔྱད་ཡིག་ཚང་ལས་ བཤད་དོ་བཟུམ་འབད་བ་ཅིན་ བཟའ་ཚང་གི་མིང་ ཌིང་ཟེར་མི་དེ་ ཧོང་ཀོང་ལུ་སྡོད་མི་ རྒྱ་ནག་གི་ མི་ཁུངས་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་ད་ ཁོ་གིས་ རྒྱ་ནག་དམག་སྡེའི་ བཀོད་བྱ་དང་འཁྲིལ་ཏེ་ གསང་བའི་བརྡ་དོན་ཚུ་ བསྡུ་ལེན་འབད་ཡོད་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས། དེ་མ་ཚད་ ངོ་མིང་ཌིང་གིས་ དགོངས་ཞུ་འབད་མི་ དམག་མིའི་འགོ་དཔོན་ ༢ ཡང་ གསང་ཞིབ་སྡེ་ཚན་གྱི་ འཐུས་མི་གཙོ་བོ་སྦེ་ བསྐོ་བཞག་འབད་ཡོད་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

བང་ལ་དེཤ་གི་ བློན་ཆེན་བགྲེསཔ་ ཤེག་ཧ་སི་ན་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ཡོདཔ།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ བང་ལ་དེཤ་གི་ བློན་ཆེན་བགྲེསཔ་ ཤེག་ཧ་སི་ན་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ཡོདཔ་ད་ དེ་ཡང་ འདས་པའི་ལོ་ནང་ སློབ་ཕྲུག་ཚུ་གིས་ མོ་ལུ་ ངོ་རྒོལ་འབདཝ་ད་ མི་སེར་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་པའི་ གནད་ལུ་བརྟེན་ཏེ་ཨིན་པས། དེ་བསྒང་ བློན་ཆེན་བགྲེསཔ་ ཤེག་ཧ་སི་ན་གིས་ ངོ་རྒོལ་འབད་མི་ཚུ་ བཀག་ཆ་འབད་ནིའི་དོན་ལས་ དབང་ཤུགས་ལག་ལེན་འཐབ་པའི་ རྐྱེན་ངན་ནང་ མི་གྲངས་ ༡,༤༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག། བློན་ཆེན་བགྲེསཔ་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པའི་ནང་ བྲོས་བྱོལ་འབད་དེ་ རྒྱ་གར་ལུ་ སོང་ཡོད་རུང་ བང་ལ་དེཤ་ལུ་ རྒྱལ་སྤྱི་ཉེས་ཅན་ཁྲིམས་འདུན་གྱིས་ ཁྲིམས་བཤེར་འབད་ཡོདཔ་ཨིན་པས། ཁྲིམས་བཤེར་སྐབས་ལུ་ ཁྲིམས་རྩོད་པ་ཚུ་གིས་ མོ་ལུ་ ངོ་རྒོལ་ལས་རིམ་ནང་ མི་བརྒྱ་ལས་བཅད་དེ་ བསད་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་མ་ཚད་ ཤི་རྐྱེན་བྱུང་མི་དང་ རྨ་སྐྱོན་བྱུང་མི་ བཟའ་ཚང་ཚུ་གིས་ཡང་ ཉེས་ཁྲིམས་དམ་དྲགས་སྦེ་ བཀལ་དགོ་པའི་ ཞུ་བ་འབད་ནུག། […]

Online now: 7 Today: 15 Total visitors: 17482