ArchiveAboutContact

Archive

Browse by month

11275 stories

World News

ཡུ་ཨེཛ་དང་ ཨིཛ་རེལ་གྱིས་ ཨི་རཱན་དང་གཅིག་ཁར་ དམག་འཁྲུག་ལངས་མིའི་ནང་ མི་གྲངས་ ༡༦༠ ལུ་ཤི་རྐྱེན།

རོའི་ཊརཛ།ཡུ་ཨེཛ་དང་ ཨིཛ་རེལ་གྱིས་ ཨི་རཱན་དང་གཅིག་ཁར་ དམག་འཁྲུག་ཉིནམ་དང་པ་ ལངས་པའི་སྐབས་ལུ་ ཡུ་ཨེཛ་དམག་སྡེ་གིས་ ཤེས་བཞིན་དུ་ བུམོ་གི་སློབ་གྲྭ་ཅིག་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༦༠ དེ་ཅིག་ དམར་བསད་འབད་ཡོདཔ་སྦེ་ ཨི་རཱན་གྱི་ དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས།ཨིན་རུང་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ མར་ཀོ་ར་བིའོ་གིས་ བུམོ་གི་སློབ་གྲྭ་དེ་ཁར་ དོན་ཅན་སྦེ་ར་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་བཀལཝ་མིན་པའི་སྐོར་ལས་ སྤྱི་ཟླ་ ༣ པའི་ཚེས་ ༢ ལུ་ གསལ་བཤད་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཡུ་ཨེཛ་དང་ ཨིཛ་རེལ་གྱིས་ ཨི་རཱན་ལུ་ རྫས་བམ་ཚུ་ བཀོག་ཐོག་ལས་ ཨི་རཱན་གྱི་ དབུ་ཁྲིད་དམར་བསད།

ཨེ་པི། སྤྱི་ཟླ་ ༣ པའི་ཚེས་ ༡ ལུ་ ཡུ་ཨེཛ་དང་ ཨིཛ་རེལ་གྱིས་ ཨི་རཱན་གྱི་ མི་ཛ་ཡེལ་ཚུ་ཡོད་མི་ ས་ཁོངས་ཚུ་ནང་ རྫས་བམ་བཀོག་ཐོག་ལས་ དམག་གྲུ་ཚུ་ རྩ་མེད་བཏང་ཡོདཔ་མ་ཚད་ ཨི་རཱན་གྱི་ མངོན་མཐོ་དབུ་ཁྲིད་ ཨ་ཡ་ཏོ་ལ་ ཨ་ལི་ ཁ་མ་ནེ་ཡང་ དམར་བསད་འབད་ནུག། དེ་ཡང་ ཨི་རཱན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྫས་བམ་ཚུ་འགས་པའི་ དུ་པ་གིས་ ཨི་རཱན་གྱི་རྒྱལ་ས་ ཏཱེ་རཱན་གྱི་ གནམ་ཁ་ལུ་ གང་སྟེ་ཡོད་པའི་ཁར་ དྲག་བཅོམ་དེ་ལུ་བརྟེན་ཏེ་ མི་གྲངས་ ༢༠༠ ལྷགཔ་ཅིག་ལུ་ཡང་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས། དེ་བཟུམ་མའི་ རྫས་བམ་ཚུ་ བཀོག་ཐོག་ལས་ དམག་འཁྲུག་ལངས་མི་དེ་གིས་ རྒྱལ་ཁབ་གཞན་ཁར་ཡང་ ཡུ་ཨེཛ་དང་ ཨིཛ་རེལ་ ཨི་རཱན་ཚུ་ལས་ལྷག་སྟེ་ འཇིགས་སྐུལ་འབྱུང་ནི་གི་ ཉེན་ཁ་ཚུ་ཡོདཔ་སྦེ་བཀོད་ནུག། ལེ་བ་ནཱོན་གྱི་ གཡིབ་དམག་སྡེ་ཚན་ ཧེཟ་བཱོལ་ལཱ་གིས་ ཨིཛ་རེལ་ལུ་ གནོད་འཚུབ་བཀལ་ཡོདཔ་སྦེ་ བཤད་ཡོད་རུང་ ཨིཛ་རེལ་གྱིས་ ལོག་སྟེ་ར་ ངན་ལན་འཇལ་ཡོདཔ་ད་ གནོད་འཚུབ་དེ་ནང་ […]

Online now: 8 Today: 1709 Total visitors: 15072