ArchiveAboutContact
World News

ཡུ་ཨེཛ་དང་ ཨིཛ་རེལ་གྱིས་ ཨི་རཱན་ལུ་ རྫས་བམ་ཚུ་ བཀོག་ཐོག་ལས་ ཨི་རཱན་གྱི་ དབུ་ཁྲིད་དམར་བསད།

· 1 min read

ཨེ་པི།

སྤྱི་ཟླ་ ༣ པའི་ཚེས་ ༡ ལུ་ ཡུ་ཨེཛ་དང་ ཨིཛ་རེལ་གྱིས་ ཨི་རཱན་གྱི་ མི་ཛ་ཡེལ་ཚུ་ཡོད་མི་ ས་ཁོངས་ཚུ་ནང་ རྫས་བམ་བཀོག་ཐོག་ལས་ དམག་གྲུ་ཚུ་ རྩ་མེད་བཏང་ཡོདཔ་མ་ཚད་ ཨི་རཱན་གྱི་ མངོན་མཐོ་དབུ་ཁྲིད་ ཨ་ཡ་ཏོ་ལ་ ཨ་ལི་ ཁ་མ་ནེ་ཡང་ དམར་བསད་འབད་ནུག།

དེ་ཡང་ ཨི་རཱན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྫས་བམ་ཚུ་འགས་པའི་ དུ་པ་གིས་ ཨི་རཱན་གྱི་རྒྱལ་ས་ ཏཱེ་རཱན་གྱི་ གནམ་ཁ་ལུ་ གང་སྟེ་ཡོད་པའི་ཁར་ དྲག་བཅོམ་དེ་ལུ་བརྟེན་ཏེ་ མི་གྲངས་ ༢༠༠ ལྷགཔ་ཅིག་ལུ་ཡང་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།

དེ་བཟུམ་མའི་ རྫས་བམ་ཚུ་ བཀོག་ཐོག་ལས་ དམག་འཁྲུག་ལངས་མི་དེ་གིས་ རྒྱལ་ཁབ་གཞན་ཁར་ཡང་ ཡུ་ཨེཛ་དང་ ཨིཛ་རེལ་ ཨི་རཱན་ཚུ་ལས་ལྷག་སྟེ་ འཇིགས་སྐུལ་འབྱུང་ནི་གི་ ཉེན་ཁ་ཚུ་ཡོདཔ་སྦེ་བཀོད་ནུག།

ལེ་བ་ནཱོན་གྱི་ གཡིབ་དམག་སྡེ་ཚན་ ཧེཟ་བཱོལ་ལཱ་གིས་ ཨིཛ་རེལ་ལུ་ གནོད་འཚུབ་བཀལ་ཡོདཔ་སྦེ་ བཤད་ཡོད་རུང་ ཨིཛ་རེལ་གྱིས་ ལོག་སྟེ་ར་ ངན་ལན་འཇལ་ཡོདཔ་ད་ གནོད་འཚུབ་དེ་ནང་ ཞི་བའི་མི་སེར་ ༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ མཚོ་ཁུག་རྒྱལ་ཁབ་ཚུ་གིས་ ཉེན་བརྡ་འབད་ཡོདཔ་ཨིན་པས།

ཨི་རཱན་གྱིས་ རྒྱལ་ཁབ་གཞན་ཚུ་ལུ་ གནོདཔ་བཀལ་ནི་ལས་ བཀག་ཐབས་ལུ་ ཡུ་རོབ་སྟོབས་ཤུགས་ཅན་གྱི་ རྒྱལ་ཁབ་ཚུ་གིས་ ཨ་མི་རི་ཀའི་ དམག་སྡེ་ཚུ་ལུ་ གྲོགས་རམ་འབད་ནི་གི་ གྲོས་འཆར་བཀོད་ནུག།

ཨི་རཱན་གྱིས་ དགྲ་ལན་འཇལ་ནི་གི་ ཁས་བླངས་འབད་དེ་ ཨིཛ་རེལ་དང་ ཨ་རབ་མངའ་སྡེ་ཚུ་ནང་ མི་ཛ་ཡེལ་ཚུ་ བཏང་ཡོདཔ་ལས་ ཡུ་ཨེཛ་གི་ ཞབས་ཏོག་འཐུས་མི་ ༣ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཇེ་རུ་ས་ལམ་དང་ བེཊ་ཤེ་མེཤ་ལུ་ཡོད་པའི་ ཆོས་ཁང་ཚུ་རྩིས་ཏེ་ ས་གནས་ལེ་ཤ་ཅིག་གི་ནང་ར་ མི་གྲངས་ ༩ ལུ་ ཤི་རྐྱེན་དང་ ༢༨ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།

ཡུ་ཨེཛ་དང་ ཨིཛ་རེལ་གྱིས་ དམག་གྲུ་དང་ མི་ཛ་ཡེལ་གྱི་ ས་ཁོངས་ཚུ་ནང་ དམིགས་གཏད་བསྐྱེད་དེ་ ཨི་རཱན་ལུ་ གནོད་འཚུབ་བཀལ་མི་དེ་ མར་ཕབ་འགྱོ་ནི་གི་ རྟགས་མཚན་ག་ནི་ཡང་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Comments are closed.

Related

World News

ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ།

བི་བི་སི། ཨ་མི་རི་ཀའི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་མི་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ སྐྱོན་བརྗོད་འབད་ནུག། དེ་མ་ཚད་ སྲིད་འཛི་ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཕྱད་མདའི་ནང་ མ་རྩ་བཙུགས་མི་དེ་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་ལུ་ གསོལ་རས་སྦེ་ འོང་ནི་མས་ཟེར་ཨིན་པས། སྲིད་འཛིན་པུ་ཊིན་གྱིས་ ཨ་མི་རི་ཀ་དང་ འཛམ་གླིང་ཚོང་འབྲེལ་ནང་ དེ་འཕྲལ་ལས་ ས་སྣུམ་ཌི་ཟེལ་ ཊཱོན་ ༣༠༠,༠༠༠ དེ་ཅིག་ གཏོན་ནི་ཨིནམ་མ་ཚད་ སྤྱི་ཟླ་ ༡༡ པའི་ནང་ ཊཱོན་ ༥༠༠,༠༠༠ དང་ དེ་གི་ཤུལ་ལས་ ས་ཡ་ ༡ གཏོན་ནི་ཨིན་པའི་ ཁས་བླངས་ཡང་འབད་ནུག།

gyalchi
World News

ཨི་ཊ་ལི་ལུ་ ཆང་བཟོ་འཕྲུལ་ཁང་ཅིག་གི་ནང་ལས་ ཡུ་རོ་ས་ཡ་ ༥ གནས་པའི་ ཆང་ཤེལ་དམ་ ༣༠,༠༠༠ ཨརཝ་ཤོར་ཡོདཔ།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཨརཝ་ཚུ་གིས་ ཨི་ཊ་ལིའི་ མིང་གཏམ་ཅན་གྱི་ ཆང་བཟོ་འཕྲུལ་ཁང་ཅིག་གི་ནང་ལས་ གོང་ཚད་ཡུ་རོ་ས་ཡ་ ༥ དེ་ཅིག་གནས་པའི་ ཝ་ཡིན་ཟེར་མི་ ཆང་རིགས་ཤེལ་དམ་ ༣༠,༠༠༠ དེ་ཅིག་ ཨརཝ་བརྐུ་ནུག། ཨི་ཊ་ལིའི་ བཟའ་ཚང་གི་ བདག་དབང་ཐོག་ལུ་ ཆང་བཟོ་འཕྲུལ་ཁང་སྦོམ་ཤོས་ཅིག་ཨིན་མི་ མར་ཅེ་སི་ ཨེན་ཊི་ནོ་རི་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཊཱཛ་ཀ་ནི་ལུ་ཡོད་པའི་ ཆང་བཟོ་འཕྲུལ་ཁང་གིས་ ཕྱི་རྒྱལ་གྱི་ ཚོང་མགྲོན་པ་ཚུ་ལུ་ གྲུ་གཟིངས་ཐོག་ལས་ གཏང་ནི་སྦེ་ གྲ་སྒྲིག་འབད་བའི་སྐབས་ལུ་ ཨརཝ་ཤོར་ཡི་ཟེར་ཨིན་པས། དེ་བསྒང་ གདོང་སྤུར་མི་ ཨར་ཇག་ཕོ་སྐྱེས་ ༧ གྱིས་ ཆང་བཟོ་འཕྲུལ་ཁང་ལས་སྡེའི་ དོ་སྐྱེལ་འཕྲུལ་ཆས་ཚུ་ ལག་ལེན་འཐབ་སྟེ་ གོང་ཚད་ཅན་གྱི་ ཆང་རིགས་ཝ་ཡིན་ ཊི་ག་ནེ་ལོ་དང་ སོ་ལའི་ཡ་ གུ་ཌོ་ཨཱལ་ ཊ་སོ་ ཊཱཛ་ཀཱན་དམརཔོ་ཚུ་ སྣུམ་འཁོར་ཊག་ ༢ ནང་ བསྐྱལ་ཞིནམ་ལས་ འབག་སོང་ཡོདཔ་སྦེ་བཀོད་ནུག། ཆང་བཟོ་འཕྲུལ་ཁང་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་ […]

Web Developer
World News

རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༠,༠༠༠ ལྷགཔ་ཅིག་ཡོདཔ།

ཨཱལ་ཇ་ཟི་ར། ད་རེས་ནངས་པ་ རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༠,༠༠༠ ལྷགཔ་ཅིག་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་དེ་ནང་ མི་ཚེ་རིང་པའི་ ལམ་རིམ་གསརཔ་ཅིག་ལུ་ གྱུར་ཡོདཔ་ཨིན་པས། རྒྱ་པཱན་གྱི་ གསོ་བ་དང་ ལས་མི་ ཕན་བདེ་ལྷན་ཁག་གིས་ ཐོ་བཀོད་འབད་མིའི་ནང་ དུས་ཅི་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༧,༦༧༧ ལུ་ ལྷོད་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༥ ལས་ ད་ཚུན་གྱི་བར་ན་ མི་གྲངས་ ༧,༩༡༤ དེ་ཅིག་ ཡར་སེང་སོང་ནུག།

Online now: 32 Today: 174 Total visitors: 2851