ArchiveAboutContact

Category: World News

World News

ཇར་མ་ནི་གིས་ དམག་སྡེའི་ས་ཁོངས་ནང་ འཕུར་འགྲུལ་འབད་མི་ གནམ་གྲུ་ཌཱོན་ཚུ་ ཕབ་གཏང་ནི།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༡༥ ལུ་ ཇར་མ་ནིའི་ ལྷན་རྒྱས་གཞུང་ཚོགས་ལས་ དྲག་པོའི་དམག་སྡེ་ལུ་ དམག་སྡེའི་ས་ཁོངས་དང་ གནད་འགག་ཅན་གྱི་ གཞི་རྟེན་མཐུན་རྐྱེན་ཚུ་གི་ ཉེ་འདབས་ལུ་ དོགས་པ་ཅན་གྱི་ མཁའ་དམག་གནམ་གྲུ་ཆུང་བ་ཌཱོན་ཚུ་ འཕུར་འགྲུལ་འབད་བ་ཅིན་ ཕབ་གཏང་ཆོག་པའི་ དབང་ཚད་གནང་ནུག།དེ་ཡང་ ར་ཤི་ཡའི་སྲིད་འཛིན་ ཝི་ལ་ཌི་མིར་ པུ་ཊིན་གྱིས་ ཡུ་ཀེ་རེན་ལུ་ བཙན་འཛུལ་གྱི་ཤུལ་ལས་ གནམ་གྲུ་ཌཱོན་ཚུ་ འཕྲལ་འཕྲལ་སྦེ་ར་ ལག་ལེན་འཐབ་ནི་དེ་གིས་ ཁྲིམས་སྲུང་འགག་སྡེ་དང་ འཕྲུལ་རིག་ཚུ་ལུ་ གདོང་ལན་སྦོམ་སྦེ་ར་ ཐོན་མས་ཟེར་ཨིན་པས།ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་འབད་མི་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ལུ་ དངོས་མེད་དམག་འཁྲུག་ འགོ་བཙུགས་ཡོད་པའི་ དོགས་པ་ཡོད་མི་དེ་ཡང་ རྒྱལ་སྤྱིའི་གནམ་གྲུ་ཚུ་དང་ གཞི་རྟེན་མཐུན་རྐྱེན་ཚུ་ལུ་ གནོདཔ་བཀལ་བའི་ཁར་ དམངས་གཙོའི་བཙག་འཐུ་ཚུ་ནང་ཡང་ བར་ཆད་རྐྱབ་ནི་གི་ དཔའ་བཅམ་ཡོད་པའི་ ཁ་ཉེས་ཚུ་ བཀལ་ཡོད་རུང་ ཁ་བཟེད་མ་བཏུབ་སྦེ་བཀོད་ནུག།ར་ཤི་ཡའི་ སྲིད་འཛིན་པུ་ཊིང་གིས་ ཡུ་ཀེ་རེན་ལུ་ དམག་རྒྱ་ཆེ་དྲགས་སྦེ་ རྐྱབ་ནི་དེ་ སྤྱི་ལོ་ ༢༠༢༢ ལོར་ འགོ་བཙུགས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།འཇམ་དབྱངས་ཆོས་སྒྲོན།

World News

ཨིཛ་རེལ་དང་ ཧ་མཱཛ་ ༢ ཀྱི་བར་ན་ ག་ཟ་ལུ་ དམག་འཁྲུག་མཚམས་འཇོག་གི་ གན་ཡིག་བཟོ་ཡོདཔ།

བི་བི་སི།་ ཨིཛ་རེལ་དང་ ཧ་མཱཛ་ ༢ ཀྱི་བར་ན་ ཟླ་ངོ་ ༡༥ གི་རིང་ལུ་ དམག་འཁྲུག་ལང་པའི་ཤུལ་ལས་ ག་ཟ་ལུ་ དམག་འཁྲུག་མཚམས་འཇོག་འབད་ནི་དང་ མི་ངོམ་ཚུ་ གློད་བཀྲོལ་གཏང་ནི་གི་དོན་ལས་ གན་རྒྱ་བཟོ་ཡི་ཟེར་ བར་འདུམ་འབད་མི་ ཀ་ཊར་དང་ ཡུ་ཨེཛ་རྒྱལ་ཁབ་ ༢ ཀྱིས་ སྤྱི་ཟླ་ ༡ པའི་ཚེས་ ༡༥ ལུ་ བཤད་ཡོདཔ་ཨིན་པས།ཀ་ཊར་གྱི་བློན་ཆེན་ ཤེག་མོ་ཧ་མཱད་བིན་ ཨབ་དཱུལ་རཱ་མཱན་ ཨཱལ་ཐ་ནི་གིས་ གན་ཡིག་དེ་ ཨིཛ་རེལ་གྱི་ ལྷན་རྒྱས་གཞུང་ཚོགས་ལས་ ཆ་འཇོག་གྲུབ་པའི་ཤུལ་ལུ་ སྤྱི་ཟླ་ ༡ པའི་ཚེས་ ༡༩ ལས་ ལག་ལེན་འཐབ་ནི་ཨིནམ་སྦེ་བཤད་ནུག།ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བཱའི་ཌེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ གན་ཡིག་དེ་ལུ་བརྟེན་ཏེ་ ག་ཟ་ལུ་ དམག་འཁྲུག་བཀག་ཆ་དང་ པེ་ལེཛ་ཊིན་གྱི་ མི་སེར་ཚུ་ལུ་ དགོས་མཁོ་ཆེ་བའི་ མི་སྟོབས་ཀྱི་ གྲོགས་རམ་ཚུ་ ཡར་སེང་འབད་ཚུགས་ནི་ཨིནམ་མ་ཚད་ བཙན་བཟུང་འབད་དེ་ བཞག་མི་ཚུ་ཡང་ ཁོང་རའི་བཟའ་ཚང་ཚུ་དང་ ལོག་འཛོམས་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ […]

World News

ར་ཤི་ཡ་ལུ་ བྱང་ཀོ་རི་ཡའི་ དམག་མི་ ༣༠༠ ལུ་ ཤི་རྐྱེན་དང་ ༢,༧༠༠ ལྷགཔ་ཅིག་ལུ་རྨ་སྐྱོན།

ཨཱལ་ཇ་ཟི་ར།་ སྤྱི་ཟླ་ ༡ པའི་ཚེས་ ༡ ལུ་ ལྷོ་ཀོ་རི་ཡའི་ ཁྲིམས་དོན་འགོ་དཔོན་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་དང་གཅིག་ཁར་ དམག་རྐྱབ་ནིའི་དོན་ལས་ ར་ཤི་ཡ་ལུ་ དམག་རྒྱབ་སྦེ་བཏང་མི་ བྱང་ཀོ་རི་ཡའི་ དམག་མི་ ༣༠༠ དེ་ཅིག་ལུ་ ཤི་རྐྱེན་དང་ ༢,༧༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།དེ་ཡང་ ད་རེས་ ཤི་རྐྱེན་བྱུང་མི་ ༣༠༠ བརྩིས་ཏེ་ ར་ཤི་ཡ་ལུ་ བགོ་བཀྲམ་འབད་ཡོད་མི་ བྱང་ཀོ་རི་ཡའི་ དམག་མི་བསྡོམས་ ༣,༠༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་པའི་ ཚོད་རྩིས་བཏོན་ཡོདཔ་སྦེ་བཀོད་ནུག།དེ་སྦེ་ ཤི་རྐྱེན་བྱུང་མི་ཚུ་ཡང་ གཙོ་བོ་ར་ བྱང་ཀོ་རི་ཡའི་ དམག་མི་ཚུ་ལུ་ དེང་སང་གི་ དམག་ཆས་ཚུ་ ལག་ལེན་འཐབ་ནི་ལུ་ སྦྱང་བ་མེད་ནི་དེ་གིས་ འོང་ནི་མས་ཟེར་ བཤདཔ་ཨིན་པས།ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ ར་ཤི་ཡ་ལུ་ འཛིན་བཟུང་འབད་དེ་ཡོད་མི་ ཡུ་ཀེ་རེན་གྱི་ བཙོན་པ་ཚུ་གི་ཚབ་ལུ་ ཡུ་ཀེ་རེན་གྱིས་ བྱང་ཀོ་རི་ཡའི་ དམག་མི་ ༢ འཛིན་བཟུང་འབད་དེ་ཡོད་མི་དེ་ བརྗེ་སོར་འབད་ནི་ལུ་ […]

World News

མི་ཅིག་གིས་ ཁྱིམ་ཚང་ཅིག་ མེ་གིས་འཚིགས་མི་ ཁྱིམ་ནང་ལས་སྲོག་སྐྱབས།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༡༣ ལུ་ དགོངས་ཞུ་འབད་མི་ མེ་བསད་ལས་བྱེདཔ་ རིཤ་སི་ནའི་ཌར་གྱིས་ ཡུ་ཨེཛ་གི་ཁྲོམ་སྡེ་ ལོཛ་ཨེན་ཇི་ལེཛ་ལས་ དར་ཁྱབ་འགྱོ་མི་ ནགས་ཚལ་མེ་རྐྱེན་དེ་གིས་ པེ་ས་ཌེ་ན་ ཁྲོམ་ལམ་ཁར་ ཁྱིམ་ཚང་ཅིག་ མེ་གིས་འཚིགས་མི་ ཁྱིམ་ནང་ལས་ སྲོག་སྐྱབས་འབད་ཡོདཔ་ད་ མི་དེ་ ཁྲོམ་ལམ་དེ་ཁར་སྡོད་དེ་ མི་ལོ་ ༣༠ ལྷགཔ་ཅིག་ སོང་ཡོདཔ་ཨིན་པས། དེ་ཡང་ ཕྱི་རུ་ཁམས་ཅིག་ཁར་ རིཤ་སི་ནའི་ཌར་དེ་ ཁོ་རའི་ཁྱིམ་ནང་ གློག་རིག་ཀམ་པུས་ཊར་ ལེབ་ཊོབ་གུ་ ལཱ་འབད་སྡོདཔ་ད་ སྒོ་སྒྲིག་ནང་ལས་ མེ་སྦོམ་ཅིག་ འབར་སར་མཐོང་པའི་ཤུལ་ལུ་ དེ་འཕྲལ་ལས་ ཕྱི་ཁར་ཐོན་ཏེ་ ཁྱིམ་ཚང་ཚུ་ལུ་ ཉེན་བརྡ་འབད་ནུག། དེ་ལས་ ལྡུམ་རའི་ནང་ཡོད་མི་ འགྱིབ་ཀྱི་ཆུ་དུང་ ལག་ལེན་འཐབ་སྟེ་ མེ་རྐྱེན་དེ་ བཀག་ཐབས་འབད་དེ་ སྡོད་པའི་བར་ན་ མེ་བསད་སྣུམ་འཁོར་ ཝེན་གཏང་མི་ཅིག་ཡང་ ས་གནས་དེ་ཁར་ ལྷོད་ཡོདཔ་ལས་ མེ་རྐྱེན་དེ་ ཚད་འཛིན་འབད་ཚུགས་ཡོདཔ་ཨིན་པས། དེ་བསྒང་ ཁྱིམ་གཞན་མི་ ༢ […]

World News

བྱང་ཀོ་རི་ཡའི་ དམག་མི་ཚུ་ལུ་ རང་སྲོག་བཅད་དགོ་པའི་བརྡ་བསྐུལ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡ པའི་ཚེས་ ༡༣ ལུ་ ལྷོ་ཀོ་རི་ཡའི་ ཁྲིམས་བཟོཔ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་ལུ་ ཡུ་ཀེ་རེན་དང་ཅིག་ཁར་ དམག་རྐྱབ་མི་ བྱང་ཀོ་རི་ཡའི་ དམག་མི་ཚུ་ གསོན་པོ་སྦེ་ འཛིན་བཟུང་མ་འབད་བའི་ཧེ་མར་ རང་སྲོག་བཅད་དགོཔ་སྦེ་ སླབ་ནུག་ཟེར་ཨིན་པས། དེ་ཡང་ བྱང་ཀོ་རི་ཡའི་ དབང་འཛིན་ཚུ་གིས་ ཁོང་རའི་དམག་མི་ཚུ་ལུ་ དེ་སྦེ་ རང་སྲོག་བཅད་དགོ་པའི་ ཨུ་ཚུགས་བསྐྱེད་དོ་ཡོད་པའི་སྐོར་ལས་ གསང་བྱ་ལྟ་མི་ལས་སྡེ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ལྷོ་ཀོ་རི་ཡའི་ སྲིད་འཛིན་བགྲེསཔ་ འཛིན་བཟུང་ལས་ བཀག་ཆ་འབད་ཐབས་ལུ་ མི་སེར་ཚུ་གིས་ ངོ་རྒོལ་འགྲེམ་སྟོན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༡ པའི་ཚེས་ ༡༡ ལུ་ ངོ་རྒོལ་འགྲེམ་སྟོན་འབད་མི་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ ལྷོ་ཀོ་རི་ཡའི་རྒྱལ་ས་ སི་འཱུལ་ལུ་ འཕྲོ་མཐུད་དེ་ར་ སྤུངས་འཛོམས་འབད་ཡོདཔ་ད་ དེ་ཡང་ ན་ཧིང་ཅིག་ཁར་ སྲིད་འཛིན་ལས་ ཕྱིར་དབྱུངས་འབད་མི་ ཡཱུན་སུག་ཡེ་ཨཱོལ་དེ་ འཛིན་བཟུང་འབད་ནི་ལས་ བཀག་ཐབས་ལུ་ཨིན་པས།དེ་སྦེ་ རྒྱལ་སའི་ཁྲོམ་ལམ་བདའ་སྟེ་ ངོ་རྒོལ་འགྲེམ་སྟོན་འབད་མི་ མི་སེར་ཚུ་གིས་ སྲིད་འཛིན་ཡཱུན་སུག་ཡེ་ཨཱོལ་དེ་ འཛིན་བཟུང་འབད་ནི་མེད་པའི་གུ་ ཉེས་འཛུགས་བཀལ་མི་དེ་ཡང་ ཆ་མེད་གཏང་དགོ་པའི་ ཞུ་བ་འབད་ནུག།ངན་ལྷད་ཞིབ་དཔྱད་ཡིག་ཚང་ལས་ སྲིད་འཛིན་ཡཱུན་སུག་ཡེ་ཨཱོལ་དེ་ དེ་སྦེ་ འཛིན་བཟུང་འབད་དགོ་པའི་ བཀའ་རྒྱ་བཏོན་མི་དེ་ཡང་ གཙོ་བོ་ར་ སྤྱི་ཟླ་ ༡༢ པའི་ཚེས་ ༣ ལུ་ ཡཱུན་སུག་ཡེ་ཨཱོལ་གྱིས་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ དྲག་པོའི་སྲིད་གཞུང་བཙུགས་ནི་སྦེ་ གསལ་བསྒྲགས་འབད་ནི་གེ་གིས་ ཞིབ་དཔྱད་འབད་ཐབས་ལུ་ཨིན་པས།ན་ཧིང་ སྤྱི་ཟླ་ ༡༢ པའི་ཚེས་ ༡༢ ལུ་ སྲིད་འཛིན་ལས་ ཕྱིར་དབྱུངས་འབད་མི་ ཡཱུན་སུག་ཡེ་ཨཱོལ་དེ་ ངན་ལྷད་ཞིབ་དཔྱད་སྡེ་ཚན་གྱིས་ ད་རེས་ འཛིན་བཟུང་འབད་ནི་གི་ དཔའ་བཅམ་མི་དེ་ ལན་ཐེངས་ […]

World News

ཀེ་ལི་ཕོར་ནི་ཡའི་ཁྲོམ་སྡེ་ ལོཛ་ཨེན་ཇི་ལེཛ་ལུ་ ནགས་མེ་བྱུང་མི་དེ་ ས་གནས་ཁག་ ༢ ཀྱི་ནང་ ཚད་འཛིན་འབད་ཚུགས་ཡོདཔ།

རོའི་ཊརཛ། ཡུ་ཨེཛ་གི་མངའ་སྡེ་ ཀེ་ལི་ཕོར་ནི་ཡའི་ཁྲོམ་སྡེ་ ལོཛ་ཨེན་ཇི་ལེཛ་ལུ་ ནགས་མེ་བྱུང་མི་དེ་ རླུང་མ་ཤུགས་ཅན་དང་ ས་སྐམ་རྡོ་སྐམ་ལུ་བརྟེན་ཏེ་ མེ་བསད་ནི་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་ཡོད་རུང་ སྤྱི་ཟླ་ ༡ པའི་ཚེས་ ༡༠ ལུ་ ལོཛ་ཨེན་ཇི་ལེཛ་གི་ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་ ས་གནས་ཁག་ ༢ ཀྱི་ནང་ ཚད་འཛིན་འབད་ཚུགས་ཡོདཔ་ཨིན་པས།དེ་ཡང་ མེ་རྐྱེན་ཁག་ ༦ དུས་མཉམ་ལུ་ བྱུང་མིའི་ནང་ ད་ཚུན་གྱི་བར་ན་ མི་གྲངས་ ༡༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ བཟོ་བཀོད་ ༡༠,༠༠༠ དེ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་སྦེ་བཀོད་ནུག།དེ་མ་ཚད་ མི་སེར་ ༡༥༣,༠༠༠ ལྷགཔ་ཅིག་ སྡོད་གནས་སྤོ་དགོཔ་ ཐོན་པའི་ཁར་ པེ་རིཛ་ཧིལ་ཊོན་དང་ བིལ་ལི་ཀི་རིཛ་ཊཱལ་ཚུ་བརྩིས་ཏེ་ ཡོངས་གྲགས་ཅན་གྱི་ མི་ངོམ་ལེ་ཤ་ཅིག་གི་ སྡོད་ཁྱིམ་ཚུ་ཡང་ འཚིགས་ཡོདཔ་ཨིན་པས།མེ་རྐྱེན་དེ་ འགོ་དང་པ་ སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ ས་གནས་ཀྱི་ ཕྱི་རོའི་ཆུ་ཚོད་ ༨.༡༥ […]

World News

རོ་ཧི་ནེ་ལུ་ མཁའ་དམག་ཐོག་ལས་ དྲག་བཅོམ་འབད་དེ་ མི་སེར་ལེ་ཤ་ཅིག་དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༡༡ ལུ་ འཛམ་གླིང་སྤྱི་ཚོགས་ལས་ བཤད་དོ་བཟུམ་འབད་བ་ཅིན་ མ་ཡན་མར་ དྲག་པོའི་སྲིད་གཞུང་དམག་སྡེ་གིས་ བདུན་ཕྲག་འདི་ནང་ མ་ཡན་མར་གྱི་ ནུབ་ཕྱོགས་མངའ་སྡེ་ རོ་ཧི་ནེ་ལུ་ མཁའ་དམག་ཐོག་ལས་ དྲག་བཅོམ་འབད་དེ་ མི་སེར་བཅུ་ཕྲག་ལེ་ཤ་ཅིག་ དམར་བསད་འབད་ནུག་ཟེར་ཨིན་པས།དེ་ཡང་ ཤར་ལྷོ་ཨེ་ཤི་ཡའི་ མ་ཡན་མར་ རྒྱལ་ཁབ་ནང་ མི་རིགས་དང་འབྲེལ་བའི་ ནང་འཁྲུག་ལང་སྟེ་ ལོ་ངོ་ ༤ དེ་ཅིག་ ལང་དོ་ཡོདཔ་ད་ རོ་ཧི་ནེ་ལུ་ མི་སེར་དམངས་གཙོའི་གཞུང་ངམ་ ཨ་ར་ཀེན་དམག་སྡེ་ གཞི་བཙུགས་འབད་མི་ཚུ་གིས་ ལུང་ཕྱོགས་དེ་ རང་སྐྱོང་གི་དོན་ལས་ ངོ་རྒོལ་འབདཝ་ཨིན་པས་ཟེར་བཀོད་ནུག།དེ་བཟུམ་སྦེ་ སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ཡང་ དྲག་པོའི་སྲིད་གཞུང་གིས་ ཡན་བེ་ཁྲོམ་སྡེའི་མངའ་ཁོངས་ ཀེ་ཡུག་ནི་མའུ་ གཡུས་ཚན་ནང་ སྡོད་ཁྱིམ་ ༥༠༠ དེ་ཅིག་ གཏོར་བཏང་པའི་ཁར་ མི་གྲངས་ ༤༠ ལྷགཔ་ཅིག་ཡང་ དམར་བསད་འབད་ནུག་ཟེར་ཨིན་པས།དེ་མ་ཚད་ མུཛ་ལིམ་གྱི་ གཡུས་ཚན་ནང་ཡང་ མི་གྲངས་ ༢༦ […]

World News

རྒྱ་གར་གྱི་རྒྱལ་ས་ ལྡི་ལིའི་ས་གནས་ཁག་ལུ་ བཙོག་རླུང་གིས་ འགྲུལ་བསྐྱོད་ལུ་བར་ཆད།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༡༠ གྱི་དྲོ་པར་ རྒྱ་གར་གྱི་རྒྱལ་ས་ ལྡི་ལིའི་ས་གནས་ལེ་ཤ་ཅིག་ནང་ ས་སྨུག་སྟུག་དྲགས་དང་ རླུང་མའི་སྤུས་ཚད་ མར་ཉམས་སོང་ཡོདཔ་ལས་ གནམ་གྲུ་དང་ རེལ་ལི་ སྣུམ་འཁོར་ཚུ་ འགྲུལ་བསྐྱོད་འབད་ནི་ལུ་ ཐོ་ཕོག་ནུག།དེ་ཡང་ གནམ་གཤིས་གནས་སྟངས་ སྐྱོ་དྲགས་ལུ་བརྟེན་ཏེ་ གནམ་གྲུ་ ༡༥༠ ལྷགཔ་ཅིག་ འཕུར་འགྲུལ་འབད་ནི་ འཕྱིས་ཡོདཔ་མ་ཚད་ རེལ་ལི་ ༡༠ དེ་ཅིག་ཡང་ དུས་ཚོད་ཁར་ འགྲུལ་བསྐྱོད་འབད་མ་ཚུགསཔ་ཨིན་པས།སྤྱི་ཟླ་ ༡༢ པ་ལས་ སྤྱི་ཟླ་ ༡ པ་ཚུན་ལུ་ རྒྱ་གར་གྱི་ བྱང་ཕྱོགས་ས་གནས་ཚུ་ནང་ གནམ་དགུན་ཨ་རྟག་ར་ གྱང་ཤུགས་ཆེཝ་ལས་ བཙོག་རླུང་ཚུ་གིས་ འགྲུལ་བསྐྱོད་འབད་ནི་ལུ་ དཀའ་ངལ་བྱུངམ་མ་ཚད་ ཉེན་ཁ་ཅན་ཅིག་སྦེ་ཡང་ ཐོན་དོ་ཡོདཔ་སྦེ་བཀོད་ནུག།དབང་འཛིན་ཚུ་གིས་ བཙོག་རླུང་མར་ཕབ་འབད་ཐབས་ལུ་ བཟོ་བསྐྲུན་དང་ གཏོར་བཤིག་གི་ལཱ་ཚུ་ བཀག་ཆ་འབད་བའི་ཁར་ སློབ་གྲྭའི་ཆོས་ཚན་ཚུ་ཡང་ ཡོངས་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དྲག་བཅོམ་འབད་མིའི་ནང་ མི་ ༡༣ ལུ་ ཤི་རྐྱེན་དང་ ༡༡༣ ལུ་རྨ་སྐྱོན།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༨ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཤར་ལྷོ་ཁྲོམ་ཚོགས་ ཟ་པོ་རི་ཟི་ཡ་ལུ་ དྲག་བཅོམ་ཐོག་ལས་ རྫས་བམ་གས་བཅུག་མིའི་ནང་ མི་གྲངས་ ༡༣ ལུ་ ཤི་རྐྱེན་དང་ ༡༡༣ ལུ་ རྨ་སྐྱོན་བྱུང་ནུག།དེ་བཟུམ་སྦེ་ མི་མང་སྐྱེལ་འདྲེན་བཱཛ་ཅིག་ལུ་ གནོད་སྐྱོན་བྱུང་པའི་ཁར་ ཤི་རྐྱེན་བྱུང་མིའི་ ཕུངམོ་ཚུ་ཡང་ རྨ་སྐྱོན་བྱུང་མི་ མི་སེར་ཚུ་གི་ སྦོ་ལོགས་ཁར་ གཏོར་བཞག་ནུག་ཟེར་ ཡུ་ཀེ་རེན་གྱི་ དབང་འཛིན་ཚུ་གིས་ བཤདཔ་ཨིན་པས།དེ་མ་ཚད་ བཟོ་གྲྭའི་མཐུན་རྐྱེན་དང་ གཞི་རྟེན་མཁོ་ཆས་ གཞན་ཚུ་གིས་གཙོས་པའི་ ཁང་ཚན་ཡོད་མི་ སྒྲིང་ཁྱིམ་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་སྦེ་ ཡུ་ཀེ་རེན་གྱི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ གསལ་བསྒྲགས་འབད་ནུག།ག་དེ་སྦེ་ར་ཨིན་རུང་ སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ ཡུ་ཀེ་རེན་གྱིས་ གཞུང་འབྲེལ་མྱ་ངན་གྱི་ཉིནམ་སྦེ་ གསལ་བསྒྲགས་གནང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 5 Today: 1035 Total visitors: 16471