ArchiveAboutContact

Category: World News

World News

ར་ཤི་ཡའི་ ཀུརཛ་ལུང་ཕྱོགས་ནང་ བྱང་ཀོ་རི་ཡའི་ དམག་མི་བརྒྱ་ཆ་ ༤༠ དེ་ཅིག་ལུ་ཤི་རྐྱེན།

བི་བི་སི། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ལུང་ཕྱོགས་ ཀུརཛ་ཟེར་སར་ ཟླ་ངོ་ ༣ གྱི་ ནང་འཁོད་ལུ་ར་ བྱང་ཀོ་རི་ཡའི་ དམག་མི་བརྒྱ་ཆ་ ༤༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།དེ་ཡང་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའ་རྐྱབ་ནིའི་དོན་ལས་ བྱང་ཀོ་རི་ཡ་གིས་ ར་ཤི་ཡ་ལུ་ དམག་མི་ ༡༡,༠༠༠ དེ་ཅིག་ དམག་རྒྱབ་སྦེ་ བཏང་མིའི་གྲས་ལས་ དམག་མི་ ༤,༠༠༠ དེ་ཅིག་ གར་སོང་མེད་པར་ བྱང་སྟོར་ཤོར་ཡོདཔ་སྦེ་བཀོད་ནུག།དེ་བཟུམ་སྦེ་ ད་རེས་ སྤྱི་ཟླ་དང་པའི་ནང་ར་ བྱང་ཀོ་རི་ཡའི་ དམག་མི་ ༡,༠༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་པའི་ ཡིད་ཆེས་ཡོདཔ་ད་ ད་ཚུན་གྱི་རིང་ལུ་ བྱང་སྟོར་ཤོར་མི་ དམག་མི་ཚུ་ཡང་ ཤི་རྐྱེན་དང་ རྨ་སྐྱོན་ འཛིན་བཟུང་ཚུ་གི་སྐོར་ལས་ གསལ་ཏོག་ཏོ་ཅིག་སྦེ་ ཧ་གོ་མ་ཚུགས་པར་ཡོདཔ་ཨིན་པས།ག་དེ་སྦེ་ར་ཨིན་རུང་ ར་ཤི་ཡའི་སྲིད་འཛིན་ ཝ་ལེ་ཌི་མིར་ པུ་ཊིན་གྱི་མཐུན་ཕྱོགས་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ ཟད་འགྲོ་སྦོམ་སྦེ་ར་ བཏང་ཐོག་ལས་ ར་ཤི་ཡ་ལུ་ རོགས་རམ་འབད་ནི་ཨིན་པས་ཟེར་ […]

World News

རྒྱ་གར་གྱི་མངའ་སྡེ་ མཧཱ་རཱཤ་ཏ་ར་ལུ་ རེལ་ལི་ཐུག་རྐྱེན་ནང་ མི་གྲངས་ ༡༣ དེ་ཅིག་ལུ་ ཤི་རྐྱེན་དང་ ༥ ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༢༢ ལུ་ རེལ་ལིའི་ནང་ མེ་འབར་ཡོད་པའི་ འཐོར་གཏམ་བྱུང་པའི་ཤུལ་ལས་ རེལ་ལི་གཞན་ཅིག་གིས་ བརྡུངས་བྱིན་ཡོདཔ་ལས་ མི་གྲངས་ ༡༣ དེ་ཅིག་ལུ་ ཤི་རྐྱེན་དང་ ༥ ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ རེལ་ལིའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་གར་གྱི་ ནུབ་ཕྱོགས་མངའ་སྡེ་ མཧཱ་རཱཤ་ཏ་ར་ལུ་ རེལ་ལིའི་ནང་ལས་ ཕྱི་ཁར་ཐོན་མི་ཅིག་གིས་ གློ་བུར་ཉེན་བརྡའི་ཐགཔ་ འཐེན་བཏང་པ་ལུ་བརྟེན་ཏེ་ རེལ་ལི་དེ་ བཀག་དགོཔ་བྱུང་པའི་སྐབས་ལུ་ བརྡུངས་བྱིན་ནུག་ཟེར་ཨིན་པས།མ་གཞི་ རྒྱ་གར་ལུ་ འདས་པའི་ལོ་ཚུ་ནང་ རེལ་ལིའི་ལམ་ཚུ་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༣༠ དེ་ཅིག་ ཟད་འགྲོ་བཏང་སྟེ་ དེང་སང་གི་ ལམ་ལུགས་ཐོག་ལུ་ བཟོ་བསྐྲུན་འབད་ཡོད་རུང་ སྤྱི་ལོ་ ༢༠༢༣ ལོར་ ཨོ་དི་ཤ་མངའ་སྡེའི་ནང་ རེལ་ལི་ ༣ ལུ་ ཐུག་རྐྱེན་བྱུང་སྟེ་ མི་གྲངས་ ༣༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།མཧཱ་རཱཤ་ཏ་ར་མངའ་སྡེ་ གཙོ་འཛིན་བློན་པོ་ དེ་ཝེན་ད་ར་ […]

World News

ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ༌གི་ སྲིད་འཛིན་ ༤༧ པའི་ ཁྲི་འདོན་མཛད་སྒོ་དང་འབྲེལ་ཏེ་ དམ་བཅའ་བཞེས་ཡོདཔ།

ཨཱལ་ཇ་ཟི་ར། སྤྱི༌ཟླ༌ ༡ པའི༌ཚེས༌ ༢༠ ལུ༌ དགུང་ལོ་ ༧༨ བཞེས་མི་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ༌གི་ སྲིད་འཛིན་ ༤༧ པའི་ ཁྲི་འདོན་མཛད་སྒོ་དང་འབྲེལ་ཏེ་ དམ་བཅའ་བཞེས་ཡོདཔ་ད་ དེ༌ཡང་ ལོ་ངོ༌ ༤ གི་ཤུལ་ལས་ ལོག༌སྟེ༌ར༌ སྲིད༌འཛིན༌སྦེ༌ བཙག༌འཐུ༌གྲུབ༌ནུག།དེ་བཟུམ་སྦེ་ སྤྱི་ལོ་ ༢༠༡༧ ལས་ ༢༠༢༡ ཚུན་ མི་ལོ་ ༤ གི་རིང་ལུ་ཡང་ སྲིད་འཛིན་མཛད་ཡོདཔ་ད་ ད་རེས་ ལོག་སྟེ་ར་ བཙག་འཐུ་གྲུབ་ཡོདཔ་ལས་ ཡུ་ཨེཛ་གི་ སྲིད་འཛིན་ཐེངས་ ༢ པ་ མཛདཔ་ཨིན་པས།དེ་འབདཝ་ལས་ ཧེ་མ་དང་ཕྱདཔ་ད་ ད་རེས་ བློ་སྟོབས་སྦོམ་སྦེ་ར་ ཐོབ་ཡོདཔ་ལས་ ཡིག་ཚང་ནང་ འགོ་དང་པ་ འཛུལ་ཞུགས་མཛད་མི་དང་འབྲེལ་ཏེ་ བཀོད་ཁྱབ་བཀའ་རྒྱ་ཚུ་ལུ་ མཚན་རྟགས་བཀོད་ནི་ཨིན་པའི་ གསལ་བསྒྲགས་གནང་ནུག།དེ་ཡང་ བཀོད་ཁྱབ་བཀའ་རྒྱ་ཚུ་ལུ་བརྟེན་ཏེ་ ཨ་མི་རི་ཀའི་ བསྐྱར་གསོ་ཆ་ཚང་དང་ གཞུང་རྒོལ་འབད་ནི་གི་ སྤྱི་བཏང་མནོ་ལུགས་ཚུ་ […]

World News

ཨིན་ཌོ་ནེ་ཤི་ཡ་ལུ་ ས་རུད་ཆད་དེ་ མི་གྲངས་ ༡༦ ལུ་ ཤི་རྐྱེན་དང་ ༡༠ ལུ་རྨ་སྐྱོན།

རོའི་ཊརཛ།སྤྱི་ཟླ་ ༡ པའི་ཚེས་ ༢༡ ལུ་ ཨིན་ཌོ་ནེ་ཤི་ཡའི་ ཇ་བ་ཁྲོམ་སྡེ་ པེ་ཀ་ལོང་གཱན་ལུ་ ས་རུད་ཆད་པའི་ རྐྱེན་ངན་ནང་ མི་གྲངས་ ༡༦ ལུ་ ཤི་རྐྱེན་དང་ ༡༠ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ མི་གྲངས་ ༣ ཡང་ བརླག་སྟོར་ཤོར་ནུག།དེ་ཡང་ རྒྱལ་ཁབ་ཀྱི་ རྐྱེན་ངན་ལས་སྡེའི་ འགོ་དཔོན་ཅིག་གིས་ བཤདདོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༡ པའི་ཚེས་ ༢༠ ལུ་ ས་གནས་དེ་ཁར་ ཆརཔ་ཤུགས་སྦེ་ རྐྱབ་པ་ལུ་བརྟེན་ཏེ་ ས་རུད་ཆད་ནུག་ཟེར་ཨིན་པས།ད་རེས་ མི་གྲངས་ ༣ བརླག་སྟོར་ཤོར་མི་ཚུ་ འཚོལ་དོ་ཡོདཔ་ད་ ས་རུད་དེ་གིས་ སྡོད་ཁྱིམ་དང་ འཁོར་ལམ་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་པའི་ཁར་ སྣུམ་འཁོར་ཚུ་ཡང་ ས་འདམ་གྱི་འོག་ལུ་ ཚུད་ཡོདཔ་སྦེ་བཀོད་ནུག།དེ་ལས་ རྐྱེན་ངན་དེ་གིས་ ཟམ་ ༢ ཡང་ མེདཔ་བཏང་ཡོདཔ་ད་ ད་རུང་ཡང་ ཉིན་གྲངས་དག་པ་ཅིག་གི་རིང་ལུ་ ཆརཔ་འཕྲོ་མཐུད་དེ་ར་ རྐྱབ་ནི་ཨིན་པའི་སྐོར་ལས་ […]

World News

ཨི་རཱན་གྱི་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ ༢ ཀྲོབ་མདའ་རྐྱབ་སྟེ་ དམར་བསད་འབད་ཡོདཔ།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༡༨ ཀྱི་དྲོ་པར༌ ཨི་རཱན་གྱི་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ ༢ ཀྲོབ་མདའ་རྐྱབ་སྟེ་ དམར་བསད་འབད་ཡོདཔ་ད་ དེ་སྦེ་ དམར་བསད་འབད་མི་ཡང་ དྲང་དཔོན་ཨ་ལི་ ར་ཟི་ནི་དང་ དྲང་དཔོན་མོ་ཧཱ་མཱད་ མོ་གི་སི་ ༢ ཨིན་པས།དེ་ཡང་ ཨི་རཱན་གྱི་རྒྱལ་ས་ ཏཱེ་རཱན་ལུ་ ཀྲོབ་བམདའ་འབག་མི་ཅིག་ ཁྲིམས་ཁང་ནང་ འཛུལ་ཞིནམ་ལས་ དྲང་དཔོན་ ༢ བསད་ཡོདཔ་མ་ཚད་ སྐུ་སྲུང་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ད་ ངོ་རྒོལ་འབད་མི་དེ་ ས་གནས་དེ་ཁ་ལས་ བྱོག་འགྱོ་བའི་ཤུལ་ལུ་ རང་སྲོག་བཅད་དེ་ ཤི་སོངཔ་ཨིན་པས།དེ་སྦེ་ དྲང་དཔོན་ ༢ དམར་བསད་འབད་དགོ་པའི་སྐོར་ལས་ བརྡ་དོན་ཁ་གསལ་ཅིག་མེད་རུང་ དྲང་དཔོན་ ༢ ཀྱིས་ སྤྱི་ལོ་ ༡༩༨༠ ལས་ ༡༩༩༠ ཚུན་གྱི་བར་ན་ ཨིཛ་ལཱ་མིག་ གཞུང་གི་བྱང་ཕྱད་ཚུ་ལུ་ གནོདཔ་བཀལ་ནི་དང་ བསད་ནིའི་ནང་ འགན་ཁུར་འབག་ཡོདཔ་སྦེ་ཨིན་པས།མངོན་མཐོ་ཁྲིམས་འདུན་གྱི་ བརྡ་བརྒྱུད་ཡིག་ཚང་ལས་ བཤད་དོ་བཟུམ་འབད་བ་ཅིན་ དྲང་དཔོན་ […]

World News

པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་ལུ་ ས་ཆ་ངན་ལྷད་ཀྱི་ ཉེས་འཛུགས་ཐོག་ལུ་ ལོ་ངོ་ ༡༤ གི་བཙོན་ཁྲིམས།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༡༧ ལུ་ པ་ཀིཛ་ཏཱན་གྱི་ ཁྲིམས་འདུན་ཅིག་ལས་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་ལུ་ ས་ཆ་ངན་ལྷད་ཐོག་ལས་ ལེན་ཡོད་པའི་ ཉེས་འཛུགས་འབད་དེ་ ལོ་ངོ་ ༡༤ གི་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།འཁྲུན་ཆོད་དེ་ཡང་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༨ པའི་ནང་ལས་ རཱ་ཝཱལ་པིན་ཌི་ཁྲོམ་སྡེའི་ གི་རི་སཱན་ཟེར་མི་ བཙོན་ཁང་ནང་ཡོད་མི་ ཨིམ་རཱན་ཁཱན་ལུ་ ངན་ལྷད་བཀག་སྡོམ་ ཁྲིམས་འདུན་གྱིས་ བཏོན་ཡོདཔ་ཨིན་པས།དེ་མ་ཚད་ སྐྱེས་ལོ་ ༧༢ འབད་མི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་གྱི་ཨམ་སྲུ་ བུཤ་ར་བི་བི་ལུ་ཡང་ ལོ་ངོ་ ༧ གྱི་ བཙོན་ཁྲིམས་བཀལ་ཡོད་རུང་ འཁྲུན་ཆོད་བཏོན་པའི་ཤུལ་ལས་ བཙོན་འཐུས་སྤྲོད་དེ་ དོ་དམ་འོག་ལུ་བཞག་ནུག།ཁྲིམས་དོན་བློན་པོ་ ཨ་ཟམ་ན་ཟིར་ཊ་རཱར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིམ་རཱན་ཁཱན་གྱི་ སྲིད་དོན་ཚོགས་པ་གིས་ ཆེ་མཐོའི་ཁྲིམས་འདུན་ཚུ་ལུ་ མཐོ་གཏུགས་འབད་ཆོག་པའི་ཁར་ པ་ཀིཛ་ཏཱན་གྱི་ སྲིད་འཛིན་ལུ་ཡང་ སྐྱིད་སྡུག་ཞུ་ཆོག་ཟེར་ཨིན་པས།ས་ཆ་དེ་ སྤྱི་ལོ་ ༢༠༡༨ ལས་ ༢༠༢༢ […]

World News

རྒྱ་གར་གྱི་ སྲུང་སྐྱོབ་དམག་མི་ཚུ་གིས་ མ་འོཛ་ངོ་ལོགཔ་ ༡༢ དེ་ཅིག་དམར་བསད།

ཨཱལ་ཇ་ཟི་ར། ནིའུ་ལྡི་ལི་གིས་ ངོ་རྒོལ་འབད་མི་ཚུ་ བཀག་ཐབས་ལུ་ དུས་ཡུན་རིངམོ་སྦེ་ ལཱ་ཚུ་ཡར་སེང་འབད་མི་དང་བསྟུན་ཏེ་ རྒྱ་གར་གྱི་ སྲུང་སྐྱོབ་དམག་མི་ཚུ་གིས་ མ་འོཛ་ ངོ་ལོགཔ་ ༡༢ དེ་ཅིག་ དམར་བསད་འབད་ནུག།དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༡༧ ལུ་ ཁྲིམས་སྲུང་འགག་སྡེ་གིས་ ངོ་ལོགཔ་ཚུ་གི་ དམག་སྒར་ལྟེ་བ་ཨིན་མི་ ཅ་ཏིཛ་སྒར་མངའ་སྡེའི་ བི་ཇ་པུར་རྫོང་ཁག་གི་ ནགས་ཚལ་ས་ཁོངས་ནང་ ངོ་ལོགཔ་ཚུ་ཡོད་པའི་ སྙན་ཞུ་ཐོབ་པའི་ཤུལ་ལས་ ངོ་ལོགཔ་ཚུ་དང་ ངོ་ཕྲད་ཐོག་ལུ་ འཐབ་འཛིང་འབདཝ་ད་ མ་འོཛ་ངོ་ལོགཔ་ ༡༢ ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།ས་ཁོངས་དེ་ནང་ སྤྱི་ཟླ་ ༡ པའི་ཚེས་ ༡༦ གི་ ཕྱི་རོ་ལས་ ཁྲིམས་སྲུང་འགག་པ་ ༣,༠༠༠ དེ་ཅིག་ བཀོ་བཀྲམ་འབད་དེ་ བཏང་ཡོདཔ་ད་ རྒྱ་གར་གྱི་ ཧིན་དྷུཛ་ཏཱན་ཊ་ཡེམཛ་ཟེར་མི་ གསར་ཤོག་ནང་འབད་བ་ཅིན་ ངོ་ལོགཔ་ ༡༧ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་བཀོད་ནུག།ག་དེ་སྦེ་ཨིན་རུང་ གཞུང་གི་ཁ་ཐུག་ལས་ སྤྱི་ལོ་ ༢༠༢༦ ལུ་ […]

World News

རྒྱ་གར་གྱི་ གློག་བརྙན་འཁྲབ་རྩེདཔ་ ས་ཨིཕ་ཨ་ལི་ཁཱན་ལུ་ གྱི་གསོབ་བྱིན་ཡོདཔ།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༡༦ ལུ་ རྒྱ་གར་གྱི་ གློག་བརྙན་འཁྲབ་རྩེདཔ་ ས་ཨིཕ་ཨ་ལི་ཁཱན་ལུ་ མུམ་བཱ་ཡེ་ ཁྲོམ་ཁར་ཡོད་མི་ ཁོ་རའི་ཁྱིམ་ནང་སྦེ་ གྱི་གསོབ་བྱིན་པའི་ཤུལ་ལུ་ སྨན་ཁང་ནང་བསྐྱལ་ཏེ་ གཤག་བཅོས་འབད་ཡོདཔ་ལས་ གནས་སྟངས་ལེགས་ཤོམ་སྦེ་ར་ཡོད་ཟེར་ཨིན་པས།དེ་ཡང་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟམ་འབད་བ་ཅིན་ ནུབ་ཕྱེད་དེ་ཅིག་ཁར་ མི་ངོ་མ་ཤེསཔ་ཅིག་ ཁོ་གི་ཁྱིམ་ནང་ ཧམ་འཛུལ་འབད་དེ་ འོང་མི་ཅིག་དང་ འཐབ་འཛིང་བྱུང་པའི་ཤུལ་ལུ་ གྱི་གསོབ་བྱིན་ནུག་ཟེར་ཨིནམ་ད་ གནད་དོན་དེ་ དབྱེ་ཞིབ་ཀྱི་དོན་ལས་ ཁྲིམས་སྲུང་སྡེ་ཚན་ཅིག་ བཟོ་དོ་ཡོདཔ་སྦེ་བཤད་ནུག།ས་ཨིཕ་ཨ་ལི་ཁཱན་གྱིས་ རྒྱ་གར་གྱི་ གློག་བརྙན་འཁྲབ་རྩེདཔ་མོ་ ཀ་རི་ན་ ཀ་པུར་ ཁཱན་དང་གཅིག་ཁར་ གཉེན་རྐྱབ་ཡོདཔ་ལས་ ཁོང་ ༢ ལུ་ ཨ་ལོ་ ༢ ཡོདཔ་ད་ ཁོ་གི་བཟའ་ཚང་གི་ ཁ་ཐུག་ལས་ ག་ནི་ཡང་ མ་སླབ་སྟེ་འབད་རུང་ ཁཱན་གྱི་སྡེ་ཚན་གྱིས་ ཁོང་ཆ་ཁྱབ་ ཉེན་སྲུང་དང་ལྡནམ་སྦེ་ར་ཡོད་ཟེར་ཨིན་པས།མུམ་བཱ་ཡེ་ ལི་ལ་ཝ་ཏི་ སྨན་ཁང་ལས་ ས་ཨིཕ་ཨ་ལི་ཁཱན་ལུ་ རྨ་སྐྱོན་ཁག་ ༦ དེ་ཅིག་ བྱུང་པའི་ནང་ལས་ […]

World News

ཏཱ་ཡེ་ཝཱན་གྱི་ རྒྱ་མཚོའི་མཐའ་མར་ ལཱ་ངན་འབད་བ་ཅིན་ མཚོ་དམག་གཏང་ནི་ལུ་གྲ་སྒྲིག།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༡༦ ལུ་ ཏཱ་ཡེ་ཝཱན་གྱི་ སྲུང་སྐྱོབ་བློན་པོ་ ཝེལ་ལིང་ཊཱོན་ཀུ་གིས་ རྒྱ་ནག་དང་འབྲེལ་བ་ཡོད་མི་ གྲུ་ཅིག་ལུ་ གནོད་སྐྱོན་བྱུང་ཡོད་པའི་ དོགས་པ་ལུ་བརྟེན་ཏེ་ རྒྱ་མཚོའི་མཐའ་མར་ བརྒྱུད་འབྲེལ་ཐགཔ་གི་ ཉེ་འདབས་ལུ་ བྱ་ངན་འབད་བ་ཅིན་ མཚོ་དམག་གཏང་འོང་ཟེར་ བཤད་ཡོདཔ་ཨིན་པས།དེ་ཡང་ ཧོང་ཀོང་གི་ ཚོང་སྡེ་ཅིག་གི་ བདག་དབང་ཐོག་ལུ་ཡོད་མི་ གྲུ་ཆེན་དེ་ ཀེ་མེ་རུན་དང་ ཏཱན་ཛ་ནི་ཡ་ ༢ ཀྱི་ནང་ཡང་ ཐོ་བཀོད་འབད་དེ་ཡོདཔ་ད་ སྤྱི་ཟླ་འདི་ འགོ་བཙུགས་ཁམས་ཅིག་ཁར་ ཏཱ་ཡེ་ཝཱན་གྱི་ བྱང་ཁ་ཐུག་ལུ་ རྒྱུན་ཐག་ཅིག་ལུ་ གནོད་སྐྱོན་བྱུང་སྟེ་ཡོད་རུང་ བདེན་དཔྱད་འབད་ནིའི་དོན་ལས་ གནམ་གཤིས་ངན་པའི་སྟབས་ཀྱིས་ གྲུ་ནང་འཛུལ་མ་ཚུགསཔ་ཨིན་པས།ཏཱ་ཡེ་ཝཱན་གྱི་ མཚོ་གླིང་མཐའ་འཁོར་ལུ་ རྒྱ་ནག་གི་ལས་སྣ་ཚུ་ ཐད་ཀར་དུ་ གདོང་ལན་མེད་པར་ གནོན་ཤུགས་ཀྱི་དོན་ལུ་ བཟོ་བཀོད་འབད་དེ་ཡོདཔ་ལས་ ཏཱ་ཡེ་ཝཱན་ལུ་ ཚ་གྱང་ལང་དགོཔ་བྱུང་ནུག།ད་རུང་ སྲུང་སྐྱོབ་བློན་པོ་གིས་ རྒྱ་མཚོའི་བརྒྱུད་འབྲེལ་ཐགཔ་ཡོད་མི་ ས་ཁོངས་ཚུ་ནང་ ལྟ་རྟོག་འབད་ནི་ལུ་ དམག་སྡེ་གིས་ རྒྱ་མཚོའི་སྲུང་སྐྱོབ་སྡེ་ཚན་དང་ མཉམ་འབྲེལ་ཐོག་ལས་ ཆ་རོགས་འབད་ནི་ཨིན་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།པདྨ་བཟངམོ།

World News

ལྷོ་ཨཕ་རི་ཀ་ལུ་ ས་གཏེར་གྱི་ལཱ་འབད་མི་ སའི་འོག་ལུ་ཚུད་མི་ གཤིན་གསོན་ག་ར་ ཕྱི་ཁར་བཏོན་ཚར་ཡོདཔ།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༡༦ ལུ་ སྲོག་སྐྱབས་སྡེ་ཚན་དང་གཅིག་ཁར་ ལཱ་འབད་མི་ ཁས་བླངས་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལྷོ་ཨཕ་རི་ཀ་ལུ་ ཁྲིམས་འགལ་ཐོག་ལས་ གསེར་བཏོན་ས་གཏེར་གྱི་ ལཱ་འབད་མི་ སའི་འོག་ལུ་ཚུད་མི་ཚུ་ ཕྱི་ཁར་བཏོན་ཚར་ཡི་ཟེར་ཨིན་པས།དེ་ཡང་ ཁྲིམས་ཀྱི་འདུན་ས་ལས་ གཞུང་ལུ་ སྲོག་སྐྱབས་ཀྱི་ ལཱ་འབད་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ཏེ་ སྤྱི་ཟླ་ ༡ པའི་ཚེས་ ༡༣ ལས་ ད་ཚུན་གྱི་བར་ན་ ཕུངམོ་ ༧༨ དང་ གསོན་པོ་ ༢༠༠ ལྷགཔ་ཅིག་ ཕྱིར་བཏོན་འབད་ནུག།སྤྱི་ཟླ་ ༡༡ པའི་ནང་ གཞུང་གིས་ ཁྲིམས་སྲུང་འགག་སྡེ་ལུ་ ཁྲིམས་འགལ་ཐོག་ལས་ ས་གཏེར་གྱི་ ལཱ་འབད་མི་ཚུ་ མཇུག་བསྡུ་ཐབས་ལུ་ འཛིན་བཟུང་འབད་དགོ་པའི་ བཀའ་རྒྱ་གནང་པའི་ཤུལ་ལས་ འགོ་བཙུགས་ཡོདཔ་ཨིན་པས།སྤྱི་ཟླ་ ༡ པའི་ཚེས་ ༡༤ ལུ་ ས་གཏེར་བློན་པོ་དང་ ཁྲིམས་སྲུང་འགག་སྡེ་གིས་ ས་ཁོངས་དེ་ནང་ བལྟ་སྐོར་འབདཝ་ད་ མི་ཚུ་གིས་ ཚིག་རྩུབ་ཐོག་ལས་ […]

Online now: 13 Today: 1103 Total visitors: 16539