ArchiveAboutContact

Category: World News

World News

ཨཱཛ་ཊེ་ལི་ཡ་ལུ་ ཁེ་ཕན་མེད་པ་ཅིན་ ཡུ་རོབ་ཚོང་འབྲེལ་འགྲིག་ཆའི་ནང་ གྲལ་གཏོགས་མི་འབད་ནི།

ཨེ་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༥ ལུ་ ཨཱཛ་ཊེ་ལི་ཡའི་བློན་ཆེན་ ཨེན་ཐོ་ནི་ ཨཱལ་བཱ་ནེཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ ཚོང་འབྲེལ་འགྲིག་ཆའི་ནང་ལས་ ཨཱཛ་ཊེ་ལི་ཡའི་དོན་ལུ་ མཐའ་དོན་ག་ནི་ཡང་མེད་པ་ཅིན་ ཨཱཛ་ཊེ་ལི་ཡའི་ གཞུང་གི་ཁ་ཐུག་ལས་ འགྲིག་ཆ་དེ་ལུ་ མཚན་རྟགས་མི་བཀོད་ཟེར་ཨིན་པས།དེ་ཡང་ པེ་རིཛ་ལུ་ ས་སྣུམ་ཕྱིར་ཚོང་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཞལ་འཛོམས་སྐབས་ལུ་ ཨཱཛ་ཊེ་ལི་ཡའི་ ཚོང་འབྲེལ་བློན་པོ་ ཌོན་ཕེ་རེལ་གྱིས་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ལྷན་འཛིན་ མཱར་ཀོཛ་སེཕ་ཀོ་བིཆ་དང་གཅིག་ཁར་ཕྱད་ནུག།ཨཱཛ་ཊེ་ལི་ཡའི་ བློན་ཆེན་གྱིས་ འདྲ་མཉམ་དང་ དྲང་བདེན་གྱི་ ཚོང་འབྲེལ་ལུ་ རྒྱབ་སྐྱོར་ཡོད་རུང་ ཡུ་ཨེཛ་ལུ་ མཛུབ་མོ་དཔག་སྟེ་ རྒྱལ་སྤྱིའི་གནས་རིམ་ནང་ ཚོང་འབྲེལ་གྱི་ གནས་སྟངས་ལུ་ འགྱུར་བ་ཐོན་མི་དང་བསྟུན་ཏེ་ ཨཱཛ་ཊེ་ལི་ཡ་ལུ་ ལེགས་ཤོམ་མིན་པ་ཅིན་ ཡུ་རོབ་རྒྱལ་ཁབ་ཚོགས་པ་དང་གཅིག་ཁར་ འགྲིག་ཆ་མི་བཟོ་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ར་ཤི་ཡ་དང་ ཡུ་ཀེ་རེན་གྱིས་ མཁའ་དམག་འཕྲུལ་ཆས་ཌཱོན་ཚུ་ ལག་ལེན་འཐབ་ཐོག་ལས་ མི་སེར་ལེ་ཤ་ཅིག་ལུ་གནོད་སྐྱོན

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༦ པའི་ཚེས་ ༥ གི་དྲོ་པར་ ར་ཤི་ཡའི་ མཁའ་དམག་གནམ་གྲུ་ཆུང་བའམ་ འཕྲུལ་ཆས་ཌཱོན་ཚུ་གིས་ ཡུ་ཀེ་རེན་གྱི་ ཁྲོམ་ཚོགས་ ༢ པ་ ཁར་ཀིབ་ལུ་ སྒྲིང་ཁྱིམ་ཅིག་གུ་ གནོད་འཚུབ་བཀལ་བའི་ མེ་རྐྱེན་ལུ་བརྟེན་ཏེ་ མི་གྲངས་ ༩ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།དེ་བཟུམ་སྦེ་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ཡང་ ར་ཤི་ཡའི་ དབང་ཆ་འོག་ལུ་ཡོད་མི་ ཡུ་ཀེ་རེན་གྱི་ ལྷོ་ཕྱོགས་ཟ་པོ་རི་ཞི་ཡ་དང་ ཁེར་སོན་ལུང་ཕྱོགས་ནང་ འཕྲུལ་ཆས་ཌྲཱོན་ཚུ་གི་ཐོག་ལས་ ནུས་ཤུགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ལུ་ གནོད་འཚུབ་བཀལ་ནུག།ར་ཤི་ཡ་གིས་ བསྐོ་བཞག་འབད་མི་ ཁེར་སོན་ལུང་ཕྱོགས་ཀྱི་ མངའ་སྡེ་སྤྱི་ཁྱབ་ ཝཱལ་ཌི་མིར་ སཱལ་ཌོ་གིས་འབད་བ་ཅིན་ ཡུ་ཀེ་རེན་གྱི་ གནོད་འཚུབ་ལུ་བརྟེན་ཏེ་ ལུང་ཕྱོགས་དེ་ནང་གི་ མི་སེར་ ༦༨,༠༠༠ དེ་ཅིག་ལུ་ གློག་མེའི་མཐུན་རྐྱེན་ཚུ་ མེདཔ་ཐལ་ཏེ་ཡོད་ཟེར་ཨིན་པས།དེ་མ་ཚད་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་གྱིས་ཡང་ ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ ར་ཤི་ཡའི་ནུབ་ཕྱོགས་ལུ་ རྫས་བམ་བསྐྱུར་དགོ་པའི་ བཀོད་རྒྱ་བཏང་སྟེ་ ར་ཤི་ཡའི་ མི་ […]

World News

རྒྱ་ནག་གིས་ གནད་འགག་ཆེ་བའི་ གཏེར་རྫས་ཚུ་ ཕྱིར་ཚོང་འཐབ་ནི་ལས་བཀག་དམ།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༤ ལུ་ རྒྱ་ནག་གིས་ གནད་འགག་ཆེ་བའི་ གཏེར་རྫས་ཚུ་ ཚོང་སྒྱུར་བཀག་དམ་འབད་ཡོདཔ་ལས་ རྒྱལ་སྤྱིའི་སྣུམ་འཁོར་བཟོ་སྐྲུན་ལས་སྡེ་ཚུ་ ཚ་གྱང་ལང་སྟེ་ ཡུ་ཨེཛ་གི་ མཉམ་རོགས་རྒྱལ་ཁབ་ཚུ་དང་ མཉམ་འབྲེལ་ཐོག་ལས་ ཁོང་གི་ཐོན་སྐྱེད་ཚུ་ལུ་ བསྣར་འགྱངས་དང་ ལ་ལོ་ཅིག་ སྒོ་བསྡམ་དགོཔ་ འཐོན་ནི་ཨིན་པའི་ རྩོད་ཉོག་བཀོད་ནུག།དེ་ཡང་ ཇར་མེ་ནིའི་ སྣུམ་འཁོར་བཟོ་སྐྲུན་འབད་མི་ཚུ་གིས་ རྒྱ་ནག་གི་ གཏེར་རྫས་ཕྱིར་ཚོང་ བཀག་དམ་འབད་མི་ལུ་བརྟེན་ཏེ་ སྣུམ་འཁོར་བཟོ་སྐྲུན་ཚུ་ མཇུག་བསྡུ་དགོཔ་ འཐོན་ནི་ཨིན་པའི་ ཉེན་བརྡ་ཁྱབ་སྤེལ་འབད་བའི་ཁར་ རྒྱ་གར་ལས་ཡང་ གློག་འཕྲུལ་སྣུམ་འཁོར་ བཟོ་སྐྲུན་འབད་མི་ཅིག་གིས་ ཉོག་བཤད་བཀོད་ཡོདཔ་ཨིན་པས།རྒྱ་ནག་གིས་ འཛམ་གླིང་ནང་ སྣུམ་འཁོར་དང་ གནམ་གྲུ་ དེ་ལས་ མཉེན་ཆས་དང་ དྲག་པོའི་གོ་མཚོན་ཚུ་ བཟོ་སྐྲུན་ལུ་མཁོ་བའི་ ཁབ་ལེན་རྡོ་གིས་གཙོས་པའི་ གཏེར་རྫས་སྣ་ཁག་ལེ་ཤ་ཅིག་ ཕྱིར་ཚོང་འཐབ་ནི་ལས་ བཀག་དམ་འབད་ནུག།ག་དེ་སྦེ་ར་ཨིན་རུང་ ཡུ་ཨེཛ་གི་ སྲིད་འཛིན་དང་ རྒྱ་ནག་གི་ སྲིད་འཛིན་ ༢ ཀྱི་བར་ན་ གསུང་གྲོས་གནང་ནི་གི་ ལས་རིམ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ལྷོ་ཀོ་རི་ཡའི་ སྲིད་འཛིན་གསརཔ་གིས་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ བཟོ་སྒྲིག་འབད་མི་ དཀའ་ངལ་བསལ་ཐབས།

བི་བི་སི། ལྷོ་ཀོ་རི་ཡའི་ སྲིད་འཛིན་གསརཔ་ ལི་ཇཱེ་མི་ཡུང་གིས་ སྲིད་འཛིན་གྱི་ བཙག་འཐུའི་ནང་ལས་ ཚད་ལས་བརྒལ་བའི་ ཚོགས་རྒྱན་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོད་རུང་ དགའ་སྤྲོའི་ངང་ལུ་ ཉིནམ་ ༡ ཡང་ བཞུགས་ནི་གི་ དུས་ཚོད་མེདཔ་ཨིན་པས།དེ་ཡང་ སྲིད་འཛིན་གསརཔ་ཚུ་ལུ་ ཁོང་རའི་གཞུང་སྐྱོང་སྡེ་ཚན་ བསྡུ་སྒྲིག་འབད་ནི་དང་ རྒྱལ་ཁབ་ཀྱི་དོན་ལུ་ མ་འོངས་པའི་ འཆར་སྣང་ཚུ་ བརྩམ་ནི་ལུ་ ཐོབ་སྲོལ་ཡོད་མི་ ཟླ་ངོ་ ༢ ཀྱི་ དུས་ཡུན་དེ་ ད་རེས་ཀྱི་ སྲིད་འཛིན་གསརཔ་ལུ་ མི་འཐོབ་ནི་ཨིནམ་སྦེ་བཀོད་ནུག།དེ་སྦེ་ དུས་ཚོད་མ་ཐོབ་མི་དེ་ ཧེ་མའི་སྲིད་འཛིན་གྱིས་ རྒྱལ་ཁབ་དེ་ དྲག་པོའི་སྲིད་གཞུང་འོག་ལུ་ བཙུགས་ཐབས་འབད་མི་ལུ་བརྟེན་ཏེ་ ཕྱིར་དབྱུངས་འབད་མིའི་ཚབ་ལུ་ ཧེ་མར་ ལྡོག་ཕྱོགས་འགོ་ཁྲིདཔ་ཨིན་མི་ ད་རེས་ཀྱི་ སྲིད་འཛིན་དེ་གིས་ དེ་འཕྲལ་ལས་ གཞུང་སྐྱོང་གི་ འགན་ཁུར་འབག་དགོཔ་ ཐོན་ནི་དེ་གིས་ཨིན་པས།རྒྱལ་ཁབ་དེ་ནང་ ཧེ་མའི་སྲིད་འཛིན་གྱི་ བྱ་སྤྱོད་ལུ་བརྟེན་ཏེ་ ཟླ་ངོ་ ༦ གི་རིང་ལུ་ བྱ་སྟབས་མ་བདེཝ་ཚུ་ ཐོན་པའི་ཤུལ་ལས་ ལི་གི་ཁ་ཐུག་ལས་ ལྷོ་ཀོ་རི་ཡའི་ དམགས་གཙོའི་རིང་ལུགས་ བཙན་ཐབས་འབད་དེ་ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་ལེ་ཤ་ཅིག་ནང་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༧ ལུ་ཤི་རྐྱེན།

ཨེ་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༣ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་ལེ་ཤ་ཅིག་ནང་ ས་ཐག་རིང་ས་ལས་ གནོད་འཚུབ་བཀལ་ཏེ་ མི་ ༧ དེ་ཅིག་ལུ་ ཤི་རྐྱེན་དང་ ༢༧ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ ཡུ་ཀེ་རེན་གྱི་ མཁའ་དམག་བདག་སྐྱོང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ ནུབམོ་ཅིག་ལུ་ མཁའ་དམག་འཕྲུལ་ཆས་ཌཱོན་ ༡༡༢ དེ་ཅིག་ བཏང་ཡོདཔ་ལས་ ས་གནས་ ༡༡ གི་ནང་ གནོད་སྐྱོན་བྱུང་ཡོད་རུང་ ཌཱོན་ ༧༥ དེ་ཅིག་ ཕབ་བཏང་ཡི་ཟེར་ཨིན་པས།ཤི་རྐྱེན་བྱུང་མི་ཚུ་ཡང་ མང་ཤོས་ཅིག་ ཡུ་ཀེ་རེན་གྱི་ བྱང་ཤར་ལུང་ཕྱོགས་ ༢ ཀྱི་ནང་ བྱུང་ཡོདཔ་ད་ དེ་བཟུམ་སྦེ་ སུ་མི་ཁྲོམ་སྡེའི་ནང་ཡང་ ར་ཤི་ཡའི་ མཁའ་དམག་འཕྲུལ་ཆས་ཌཱོན་གྱིས་ མི་ ༣ ལུ་ ཤི་རྐྱེན་དང་ ༢༠ ལུ་ རྨ་སྐྱོན་བྱུང་ཡོདཔ་སྦེ་ ས་གནས་ཀྱི་ དབང་འཛིན་ཚུ་གིས་ གསལ་བཤད་འབད་ནུག།དེ་བཟུམ་སྦེ་ […]

World News

རྒྱ་གར་གྱི་ བྱང་ཤར་ལུང་ཕྱོགས་ནང་ ཆུ་རུད་སྦོམ་སྦེ་ར་ ཐོན་ཡོདཔ་ལས་ མི་གྲངས་ ༣༤ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ རྒྱ་གར་གྱི་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ཉིན་ཞག་ ༤ གི་རིང་ལུ་ རྒྱ་གར་གྱི་ བྱང་ཤར་ལུང་ཕྱོགས་ནང་ ཆུ་རུད་སྦོམ་སྦེ་ར་ ཐོན་ཡོདཔ་ལས་ མི་གྲངས་ ༣༤ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིནམ་ད་ གནམ་གཤིས་ལས་ཁུངས་ཀྱིས་ ད་རུང་ཡང་ ཆརཔ་ཤུགས་སྦེ་ རྐྱབ་ནི་ཨིན་པའི་ སྔོན་དཔག་འབད་ནུག། དེ་མ་ཚད་ ཧི་མ་ལ་ཡའི་མངའ་སྡེ་ འབྲས་ལྗོངས་ལུ་ཡང་ བལྟ་བཤལཔ་སྟོང་ཕྲག་ ༡ ལྷགཔ་ཅིག་ བཀག་བཞག་ཡོདཔ་ད་ མེ་གྷ་ལ་ཡ་མངའ་སྡེའི་ ས་ཁོངས་ཚུ་ནང་ཆུ་རུད་ཐོན་སར་ཡང་ མི་གྲངས་ ༥༠༠ ལྷགཔ་ཅིག་ ཉེན་སྐྱོབ་འབད་ནིའི་དོན་ལུ་ དམག་མིའི་སྡེ་ཚན་ཚུ་ བཙུགས་ཡོདཔ་སྦེ་ཨིན་པས། དེ་བཟུམ་སྦེ་ ཁྱིམ་མཚེས་རྒྱལ་ཁབ་ བང་ལ་དེཤ་གི་ བྱང་ཤར་སིལ་ལེཊ་ རྫོང་ཁག་ནང་ཡང་ ས་རུད་ཐོན་མི་ལུ་བརྟེན་ཏེ་ བཟའ་ཚང་གཅིག་གི་ འཐུས་མི་ ༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ རི་ལྡན་རྫོང་ཁག་ རང་ག་མ་ཏི་དང་ བཱན་ཌར་བཱན་ དེ་ལས་ […]

World News

ཡུ་ཨེཛ་གིས་ ཨེ་ཤི་ཡའི་ མཐུན་འབྲེལ་རྒྱལ་ཁབ་ཚུ་ལུ་ སྲུང་སྐྱོབ་ཡར་དྲག་གཏང་དགོ་པའི་ནན་སྐུལ།

སི་ཨེན་ཨེན། སྤྱི་ཟླ་ ༥ པའི་ཚེས་ ༣༡ ལུ་ ཡུ་ཨེཛ་གི་ སྲུང་སྐྱོབ་དྲུང་ཆེན་ པེ་ཊེ་ཧེག་སེཐ་གིས་ ཨེ་ཤི་ཡ་དང་ པེ་སི་ཕིག་ ལུང་ཕྱོགས་དང་ འཛམ་གླིང་རྒྱལ་ཁབ་ག་ར་ལུ་ ཉེན་བརྡ་འབད་བའི་ནང་གསལ་ རྒྱ་ནག་གིས་ ཏ་ཡེ་ཝཱན་གྱི་ རྒྱབ་འགལ་ལུ་ འཆར་གཞི་བརྩམས་མི་ཚུ་ ཉེན་ཁ་ཅན་སྦེ་ཡོདཔ་ལས་ ཡུ་ཨེཛ་གི་ མཐུན་འབྲེལ་དང་ མཉམ་འབྲེལ་རྒྱལ་ཁབ་ཚུ་གིས་ རང་སོའི་སྲུང་སྐྱོབ་ཚུ་ ཡར་དྲག་གཏང་དགོ་པའི་ ནན་སྐུལ་འབད་དགོཔ་སྦེ་ནུག།དེ་ཡང་ སྲུང་སྐྱོབ་དྲུང་ཆེན་གྱིས་ སིངྒ་པོར་ལུ་ཡོད་མི་ ཨེ་ཤི་ཡའི་ སྲུང་སྐྱོབ་གྲོས་གནས་ ཤང་རི་ལ་ལུ་ གསལ་བཤད་འབད་མིའི་ནང་ རྒྱ་ནག་གིས་ ཉེན་བརྡ་འབད་མི་ཚུ་ ངོ་མ་ལུ་ འགྱུར་སྲིད་ནི་མས་ཟེར་ཨིན་པས།རྒྱ་ནག་གིས་ ཏ་ཡེ་ཝཱན་གྱི་ རྒྱབ་འགལ་ལུ་ དྲག་དམག་ལག་ལེན་གྱི་དོན་ལས་ ཉིན་བསྟར་བཞིན་དུ་ དམང་སྦྱོང་འབད་དེ་ ཨིན་ཌོ་པེ་སི་ཕིག་ ལུང་ཕྱོགས་ནང་ དབང་ཆ་འདྲ་མཉམ་དེ་ དྲག་པོའི་སྒོ་ལས་ སྒྱུར་བཅོས་གཏང་ནི་ལུ་ གྲ་སྒྲིག་འབད་དོ་ཡོདཔ་སྦེ་བཤད་ནུག།ཁོ་གིས་འབད་བ་ཅིན་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ དྲག་པོའི་དམག་སྡེ་ལུ་ སྤྱི་ལོ་ ༢༠༢༧ ལོར་ ཏ་ཡེ་ཝཱན་ རྒྱལ་ཁབ་ནང་ བཙན་འཛུལ་འབད་དགོ་པའི་ […]

World News

ལྷོ་ཀོ་རི་ཡ་གིས་ བྱང་ཀོ་རི་ཡའི་ མི་སེར་ཚུ་ལུ་ གསང་བའི་སྒོ་ལས་ གནས་ཚུལ་ཁྱབ་སྤེལ།

བི་བི་སི། ལྷོ་ཀོ་རི་ཡ་གིས་ བྱང་ཀོ་རི་ཡ་ལུ་ གནས་ཚུལ་ཚུ་ ཁྱབ་སྤེལ་འབད་ནིའི་ནང་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ད་ དེ་ཡང་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ ཁོ་རའི་མི་སེར་ཚུ་ལུ་ ཕྱི་ཁའི་གནས་ཚུལ་ཚུ་ ག་ནི་ཡང་ འཐོབ་ནི་མེདཔ་སྦེ་ བཟོ་ཐབས་ལུ་ བརྩོན་ཤུགས་བསྐྱེད་ནི་དེ་གིས་ཨིན་པས།འཛམ་གླིང་ནང་ རྒྱལ་ཁབ་ཚུ་གི་གྲས་ལས་ བྱང་ཀོ་རི་ཡའི་ རྒྱལ་ཁབ་རྐྱངམ་གཅིག་ལུ་ གློག་འཕྲིན་ཡོངས་འབྲེལ་ཚུ་ མེད་པའི་ཁར་ རྒྱང་མཐོང་ཊི་ཝི་དང་ གསར་ཤོག་ཚུ་ཡང་ག་ར་ གཞུང་གིས་ བདག་དབང་ཐོག་ལུ་ཡོདཔ་སྦེ་བཀོད་ནུག།ཝ་ཤིང་ཊཱོན་ལུ་སྡོད་མི་ བྱང་ཀོ་རི་ཡའི་སྐོར་ལས་ མཁས་མཆོག་མཱར་ཊིན་ ཝི་ལི་ཡམ་གྱིས་འབད་བ་ཅིན་ གནས་ཚུལ་ཚུ་ དེ་སྦེ་ བཀག་དམ་འབད་མི་དེ་ཡང་ ཁོང་རའི་མི་སེར་ཚུ་ལུ་ མ་བདེན་པའི་ གཏམ་རྐྱངམ་གཅིག་ བཤད་ཐབས་ལུ་ འོང་ནི་མས་ཟེར་ཨིན་པས།དེ་འབདཝ་ལས་ ལྷོ་ཀོ་རི་ཡ་གིས་ ཝ་ཤང་ཚུ་ ལག་ལེན་འཐབ་སྟེ་ གནས་ཚུལ་ཚུ་ སྤེལ་ཐབས་འབད་དོ་ཡོད་པའི་ཁར་ གསང་བའི་སྒོ་ལས་ བརྡ་དོན་སྤེལ་ནི་གི་ རིམ་ལུགས་དང་ ནུབ་མོར་འཕྲིན་ཐུང་དང་ རྒྱང་བསྒྲགས་ཚུ་གི་ཐོག་ལས་ ཁེ་མིན་ལས་ཚོགས་ཚུ་གིས་ གནས་ཚུལ་ཚུ་ ཁྱབ་སྤེལ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

འཛམ་གླིང་ནང་གི་ གཙུག་ལག་སློབ་སྡེ་ཚུ་ནང་ ཕྱིའི་རྒྱལ་ཁབ་ཁག་གི་ སློབ་ཕྲུག་ཚུ་ལུ་ འཛུལ་ཞུགས་ཀྱི་ནན་སྐུལ།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༣༠ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཁོང་གི་གཙུག་ལག་སློབ་སྡེ་ཚུ་ནང་ ཕྱི་རྒྱལ་གྱི་ སློབ་ཕྲུག་ཚུ་ བཙུགས་ནི་མེདཔ་ བཟོ་ནིའི་དོན་ལས་ ཡུ་ཨེཛ་གི་ གཞུང་ཚབ་ཡིག་ཚང་ཚུ་ལུ་ རྒྱལ་ཁབ་ནེ་ནང་ འཛུལ་ཞུགས་ཀྱི་ ཆོག་ཐམ་ཚུ་ མཚམས་འཇོག་འབད་དགོ་པའི་ བཀའ་རྒྱ་གནང་ནུག།དེ་འབདཝ་ལས་ འཛམ་གླིང་མཐའ་དབུས་ཀྱི་ གཙུག་ལག་སློབ་སྡེ་ཚུ་གིས་ ཕྱིའི་རྒྱལ་ཁབ་ཁག་གི་ སློབ་ཕྲུག་ཚུ་ ཁོང་གི་གཙུག་ལག་སློབ་སྡེ་ཚུ་ནང་ འོང་དགོ་པའི་ རྒྱུད་སྐུལ་འབད་དོ་ཡོདཔ་ཨིན་པས།རྒྱ་པཱན་གྱི་ གཙུག་ལག་སློབ་སྡེ་ཨང་དང་པ་ ཨོ་ས་ཀ་གཙུག་ལག་སློབ་སྡེ་གིས་ སློབ་སྟོན་གྱི་ གླ་ཡོན་ཡངས་ཆག་ གཏང་ནི་ཨིན་པའི་གུ་ ཞིབ་འཚོལ་གྱི་ གནང་སྦྱིན་དང་ སློབ་ཕྲུག་ཚུ་ལུ་ འགྲུལ་བསྐྱོད་ཀྱི་ གྲོགས་རམ་ཚུ་ཡང་འབད་ནི་ཟེར་ བཤད་དོ་ཡོདཔ་ད་ དེ་བཟུམ་སྦེ་ ཀི་ཡོ་ཊོ་གཙུག་ལག་སློབ་སྡེ་གིས་ཡང་ ལས་འཆར་ཚུ་ ཤོ་མཚུངས་སྦེ་ར་ བརྩམ་དོ་ཡོདཔ་སྦེ་བཀོད་ནུག།ཧོང་ཀོང་ལུ་འབད་བ་ཅིན་ ཁོང་གི་གཙུག་ལག་སློབ་སྡེ་ཚུ་ནང་ ད་རེས་ ཡུ་ཨེཛ་ལུ་སྡོད་མི་ སློབ་ཕྲུག་ཚུ་ གནས་སོར་འོང་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་འབད་དགོ་པའི་ བཀོད་རྒྱ་བཏང་ཡོདཔ་ད་ རྒྱ་ནག་གི་ ཟི་ཇི་ཨའོ་ཏོང་ གཙུག་ལག་སློབ་སྡེ་གིས་ཡང་ སློབ་ཕྲུག་ཚུ་ སློབ་སྡེ་དེ་ནང་ […]

World News

མངལ་སྦྲུམ་བཀག་ཐབས་ཀྱི་ སྨན་ལུ་བརྟེན་ཏེ་ གཟེར་ནད་ཀྱི་ ཉེན་ཁ་ཡར་སེང་།

ཨེན་ཌི་ཊི་ཝི། ཡུ་རོབ་གཟེར་ནད་ཚོགས་པའི་ ཞལ་འཛོམས་སྐབས་ལུ་ མངལ་སྦྲུམ་བཀག་ཐབས་ཀྱི་ སྨན་གྱི་ཕན་གནོད་སྐོར་ལས་ གསལ་བཤད་འབདཝ་ད་ འཕྲལ་ཁམས་ཀྱི་ ཞིབ་འཚོལ་གྲུབ་འབྲས་ནང་ མངལ་སྦྲུམ་བཀག་ཐབས་ཀྱི་ སྨན་ལུ་བརྟེན་ཏེ་ གཟེར་ནད་ཕོག་ནི་གི་ ཉེན་ཁ་སྦོམ་སྦེ་ར་ཡོད་ཟེར་ཨིན་པས།དེ་ཡང་ ད་རེས་ ཨམ་སྲུ་ས་ཡ་ལས་བཅད་མི་ཚུ་གི་དོན་ལུ་ དེ་བཟུམ་མའི་ སྨན་དེ་གིས་ རང་སོའི་ཟླ་ཁྲག་དང་ མངལ་སྦྲུམ་ཆགས་ནི་ བཀག་ཐབས་ལུ་ བྱ་སྟབས་བདེ་བའི་ སྨན་ཅིག་སྦེ་ སྤྱོད་དོ་ཡོདཔ་ཨིན་རུང་ ཞིབ་འཚོལ་དང་འཁྲིལ་བ་ཅིན་ ན་གཞོན་ཨམ་སྲུ་ཚུ་ལུ་ གཟེར་ནད་ཕོག་མིའི་གྲས་ལས་ བརྒྱ་ཆ་ ༤༠ དེ་ཅིག་ མངལ་སྦྲུམ་བཀག་ཐབས་ཀྱི་ སྨན་ལུ་བརྟེན་ཏེ་ བྱུང་ཡོདཔ་སྦེ་བཀོད་ནུག།རྒྱལ་སྤྱིའི་གནས་རིམ་ནང་ སྐྱེས་ལོ་ ༡༨ ལས་ ༤༩ བར་ན་ མི་རློབས་དང་འབྲེལ་ཏེ་ ཞིབ་འཚོལ་འབད་མི་ གཟེར་ནད་ཀྱི་སྐོར་ལས་ གསལ་བཤད་འབད་ཡོདཔ་ད་ ཞིབ་འཚོལ་ནང་ ཡུ་རོབ་རྒྱལ་ཁབ་ ༡༣ ཀྱི་ནང་ལས་ གཟེར་ནད་ཕོག་མི་ ༦༠༨ ཀྱིས་ གྲལ་གཏོགས་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 32 Today: 80 Total visitors: 17547