ArchiveAboutContact

Category: World News

World News

མཐའ་ཡས་ལེན་གྱིས་ ཀམ་བོ་ཌི་ཡ་ལུ་ཡོད་མི་ ཁོང་རའི་གཞུང་ཚབ་ ལོག་འབོ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ མཐའ་ཡས་ལེན་གྱིས་ ཀམ་བོ་ཌི་ཡ་ལུ་ཡོད་མི་ ཁོང་གི་གཞུང་ཚབ་དེ་ ལོག་འབོ་ཡོདཔ་མ་ཚད་ མཐའ་ཡས་ལེན་ལུ་ཡོད་མི་ ཀམ་བོ་ཌི་ཡའི་ གཞུང་ཚབ་དེ་ཡང་ ཕྱིར་བཏོན་གཏང་ནི་སྦེ་ཨིན་པས།དེ་ཡང་ རྒྱལ་ཁབ་ ༢ ཀྱི་ ས་མཚམས་ཁར་ ས་འོག་རྫས་བམ་ཅིག་ གས་མིའི་ནང་ མཐའ་ཡས་ལེན་གྱི་ དམག་མི་ཅིག་ལུ་ རྨ་སྐྱོན་བྱུང་ཡོད་པའི་ཤུལ་ལས་ ཕིའུ་མཐའ་ཡས་ སྲིད་ཚོགས་གཞུང་གིས་ གྲོས་ཐག་བཅད་ནུག།ད་ཚུན་གྱི་རིང་ལུ་ རྒྱལ་ཁབ་ ༢ ཀྱི་ས་ མཚམས་ཁར་ ས་འོག་རྫས་བམ་ཚུ་ བཙུགས་ཡོད་པའི་ ཤུལ་མེད་རུང་ ད་རེས་འབདཝ་ད་ ཀམ་བོ་ཌི་ཡ་གིས་ ས་འོག་ལུ་ རྫས་བམ་གསརཔ་ བཙུགས་ཡོད་པའི་ གནད་དོན་ཐོག་ལུ་ མཐའ་ཡས་ལེན་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ ཀམ་བོ་ཌི་ཡ་ལུ་ ཉོག་བཤད་བཀོད་ཡོདཔ་ཨིན་པས།དེ་མ་ཚད་ མཐའ་ཡས་ལེན་གྱིས་ ས་མཚམས་བདའ་སྟེ་ཡོད་མི་ ཞིབ་དཔྱད་སྒོ་ར་ཚུ་ཡང་ སྒོ་བསྡམ་དགོ་པའི་ བཀོད་རྒྱ་དང་ ས་མཚམས་དེ་ཚུའི་ནང་ བལྟ་བཤལཔ་ཚུ་ རྩ་ལས་ར་ འཛུལ་མ་ཆོག་པའི་ བཀོད་རྒྱ་ཡང་གནང་ནུག།དེ་གི་ཧེ་མ་ཡང་ མཐའ་ཡས་ལེན་གྱི་ ས་མཚམས་ནང་འཁོད་ལུ་ […]

World News

ཀོ་ལམ་བི་ཡ་ གཙུག་ལག་སློབ་སྡེ་གིས་ ཨིཛ་རེལ་གྱི་ ཕྱད་མདའི་རྒྱབ་འགལ་ལུ་ ངོ་རྒོལ་འབད་མི་ སློབ་ཕྲུག་ ༨༠ ཕྱིར་བཏོན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ ཡུ་ཨེཛ་གི་ ཀོ་ལོམ་བི་ཡ་ གཙུག་ལག་སློབ་སྡེ་གིས་ ག་ཟ་ལུ་ ཨིཛ་རེལ་གྱི་ ཕྱད་མདའི་རྒྱབ་འགལ་ལུ་ ངོ་རྒོལ་འགྲེམ་སྟོན་འབད་མི་ སློབ་ཕྲུག་མང་རབས་ཅིག་ལུ་ སློབ་སྡེ་ལས་ ཕྱིར་བཏོན་དང་ རང་སོའི་ཆོས་ཚན་ལས་ མཚམས་འཇོག་འབད་ནི་དང་འབྲེལ་ཏེ་ ཉེས་བྱ་ཚབས་ཆེན་ བཀལ་ཡོདཔ་ཨིན་པས།ཀོ་ལམ་བི་ཡ་ གཙུག་ལག་སློབ་སྡེའི་ ཨེ་པར་ཐེཌ་ ཌའི་ཝེཊ་ཟེར་མི་ ངོ་རྒོལ་འགྲེམ་སྟོན་སྡེ་ཚན་གྱིས་ ཨིཛ་རེལ་དང་གཅིག་ཁར་ བཀག་དམ་འབད་དགོ་པའི་ བརྗོད་དོན་བཀོད་ཡོདཔ་ད་ ད་ཚུན་ འགྲེམ་སྟོན་དེ་ནང་ གྲལ་གཏོགས་འབད་བའི་ ཉེས་པ་ལུ་བརྟེན་ཏེ་ སློབ་ཕྲུག་ ༨༠ དེ་ཅིག་ ལོ་ངོ་ ༣ གྱི་རིང་ལུ་ སློབ་སྡེའི་ནང་ལས་ མཚམས་འཇོག་དང་ ཡང་ཅིན་ ཕྱིར་བཏོན་འབད་ནུག།གཙུག་ལག་སློབ་སྡེ་དེ་གིས་ བརྗོད་དོན་ཅིག་ གསལ་བསྒྲགས་འབད་མིའི་ནང་ འཕྲལ་ཁམས་ཅིག་ཁར་ ཉེས་བྱ་བཀལ་མི་ སློབ་ཕྲུག་ཚུ་གིས་ དུས་ཅི་ སྤྱི་ཟླ་ ༥ པ་ནང་ བཱཊ་ལར་དཔེ་མཛོད་ཁང་ནང་ བར་ཆད་རྐྱབ་མི་ལུ་བརྟེན་ཏེ་ཨིནམ་སྦེ་ བཀོད་དེ་ཡོདཔ་ཨིན་པས།དེ་མ་ཚད་ བསླབ་སྟོན་གྱི་ལས་དོན་ཚུ་ལུ་ བར་ཆད་རྐྱབ་ནི་དེ་ […]

World News

མི་ཡཱན་མར་ དམག་སྡེ་གཞུང་གིས་ ན་འོང་ཀི་ཡོ་ཁྲོམ་དེ་ ངོ་རྒོལ་དམག་སྡེ་ལས་ ལོག་ཐོབ་ཡོདཔ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ མི་ཡཱན་མར་ དམག་སྡེ་གཞུང་གིས་ རྒྱལ་ཁབ་ཀྱི་ བྱང་ཤར་ས་ཁོངས་ཚུ་ནང་ ངོ་རྒོལ་དམག་སྡེ་ལས་ རྒྱལ་ཁབ་འཐོབ་ནི་དེ་ དཀོན་སུ་ཅིག་ཨིན་རུང་ དམག་སྦྱོང་ལྟེ་བའི་ ཉེ་འདབས་ལུ་ཡོད་མི་ ཐབས་བྱུས་ཅན་གྱི་ ཁྲོམ་ཚོགས་ཅིག་ ལོག་ཐོབ་ཡོདཔ་སྦེ་ཨིན་པས།དེ་ཡང་ ཤཱན་མངའ་སྡེའི་ཁྲོམ་ ན་འོང་ཀི་ཡོ་ཟེར་མི་དེ་ ཏཱང་ནེ་ཤ་ནཱལ་ ལི་བ་རེ་ཤཱན་དམག་སྡེ་གིས་ དབང་སྟེ་ཡོད་སར་ གཞུང་གི་དམག་སྡེ་གིས་ མདུན་བསྐྱོད་ཐོག་ལས་ ལོག་ལེན་ནུག།ན་འོང་ཀི་ཡོ་ཁྲོམ་དེ་ མི་ཡཱན་མར་དང་ རྒྱ་ནག་ ༢ ཀྱི་བར་ན་ ཐབས་བྱུས་ཅན་གྱི་ མཐུད་ལམ་ཨིནམ་ད་ ཁྲོམ་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པའི་ནང་ ངོ་རྒོལ་དམག་སྡེ་གིས་ བཙན་དབང་འབད་ཡོདཔ་ཨིན་པས།ཁྲོམ་དེ་ རྒྱལ་ཁབ་ནང་ དམག་མི་ཚུ་གི་ སྦྱོང་བརྡར་སྤེལ་ཁང་ལས་ ཀི་ལོ་མི་ཊར་ ༤༠ དང་ མི་ཡཱན་མར་གྱི་ ཁྲོམ་ཚོགས་ ༢ པ་ མཱན་ཌ་ལེ་ལས་ ཀི་ལོ་མི་ཊར་ ༨༠ གི་ས་ཁར་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་གིས་ ནད་ཡམས་ཀྱི་ སྒྲིག་གཞི་སྒྱུར་བཅོས་ལུ་ ངོས་ལེན་མེདཔ།

རོའི་ཊརཛ། འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ འཐུས་མི་ཚུ་གིས་ ནད་ཡམས་ཀོ་ཝིཌ་-༡༩ ཐོན་པའི་ཤུལ་ལས་ མ་འོངས་པ་ལུ་ དེ་བཟུམ་མའི་ ནད་ཡམས་ཀྱི་ གདོང་ལན་དོན་ལས་ གྲ་སྒྲིག་གི་ སྒྲིག་གཞི་ཁྲིམས་མཐུན་སྒྱུར་བཅོས་ལུ་ ཡུ་ཨེཛ་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ ཡུ་ཨེཛ་གི་ རྒྱལ་ཁམས་ལས་ཁུངས་དང་ གསོ་བ་དང་ མི་སྟོབས་ལས་ཁུངས་ ༢ ཀྱིས་ རྒྱལ་སྤྱི་གསོ་བའི་སྒྲིག་གཞི་ འཕྲི་སྣོན་གྱི་ གནད་དོན་ཚུ་ལུ་ ངོ་ལེན་མེདཔ་སྦེ་བཤད་ནུག།སྒྲིག་གཞི་དེ་གི་ འཕྲི་སྣོན་ཚུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་གིས་ ན་ཧིང་ ཆ་འཇོག་གྲུབ་ཡོདཔ་ད་ དེ་ཡང་ རྒྱལ་སྤྱིའི་གནས་རིམ་ནང་ ཉེན་ཁ་ཆེ་བའི་ གློ་བུར་གྱི་ ནད་ཡམས་འཐོན་པའི་སྐབས་ལུ་ རྒྱལ་སྤྱིའི་ཉེན་སྲུང་ལུ་ བརྩོན་ཐབས་ཀྱི་སྐོར་ལས་ བཀོད་དེ་ཡོདཔ་ཨིན་པས།ཡུ་ཨེཛ་གིས་ འཕྲི་སྣོན་ ༢༠༢༤ ཅན་མའི་ནང་ ངེས་ཚིག་ཚུ་ཡང་ དྭངས་གསལ་ཅན་སྦེ་མེདཔ་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ འགོ་འདྲེན་འཐབ་མི་ རྒྱལ་སྤྱིའི་གདོང་ལན་ཚུ་ སྲིད་དོན་ལུ་ གཙོ་བོར་བཟུང་ནི་གི་ ཉེན་ཁ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ལྷོ་ཀོ་རི་ཡ་ལུ་ ཆར་ཤུགས་སྦེ་རྐྱབ་པའི་ རྐྱེན་ངན་ནང་ མི་གྲངས་ ༤ ལུ་ཤི་རྐྱེན།

བི་བི་སི།ལྷོ་ཀོ་རི་ཡ་ལུ་ ཆརཔ་ཤུགས་ཅན་སྦེ་ རྐྱབ་མི་ལུ་བརྟེན་ཏེ་ མི་གྲངས་ ༤ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ མི་གྲངས་ ༡,༣༠༠ ལྷགཔ་ཅིག་ ས་གནས་གཞན་ཁར་ སྤོ་བཤུད་འབད་ནུག།དེ་སྦེ་ ཤི་རྐྱེན་བྱུང་མིའི་གྲས་ཁར་ སྐྱེས་ལོ་ ༨༠ གྱ་གྲངས་ནང་འབད་མི་ ༢ ཡོདཔ་་ དབང་འཛིན་ཚུ་གིས་ དུས་དང་མ་བསྟུན་པའི་ ཆར་ཆུ་དེ་ འཕྲོ་མཐུད་ནི་བཟུམ་ཅིག་ཡོད་པའི་ ཉེན་བརྡ་འབད་ཡོདཔ་ཨིན་པས།གུ་ཝི་ཇུ་ཟེར་སར་མི་ ཇ་ཁང་གི་ཇོ་བདག་ ཀིམ་ཧ་མིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ ཆརཔ་ཤུགས་སྦེ་རྐྱབ་སར་ འགོ་དང་པ་ མཐོང་ཡི་ཟེར་ཨིནམ་ད་ དུས་རྒྱུན་གྱི་ཚད་ལས་བརྒལ་བའི་ ཆར་ཤུགས་ལུ་བརྟེན་ཏེ་ ལྷོ་ཀོ་རི་ཡ་གཞུང་གིས་ གནམ་གཤིས་དང་འབྲེལ་བའི་ རྐྱེན་ངན་ཚབས་ཆེན་གྱི་ ཉེན་བརྡ་ཚུ་འབད་ནུག།ས་གནས་སེ་ཨོ་སཱན་ཟེར་སར་ ཆརཔ་གི་ཚད་དེ་ཡང་ མི་ལི་མི་ཊར་ ༤༠༠ ལས་ལྷག་ཡོདཔ་ད་ ནུབ་ཕྱོགས་མཚོ་འགྲམ་དེ་ནང་ དེ་བཟུམ་མའི་ ཆརཔ་རྐྱབ་ནི་དེ་ ལོ་བརྒྱ་རེའི་བར་ན་ ཚར་རེ་རྐྱབ་དོ་ཡོདཔ་སྦེ་ གནམ་གཤིས་ལས་སྡེ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨིཛ་རེལ་གྱིས་ ག་ཟ་ལུ་ མི་ ༢༦ དམར་བསད།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ རྫས་བམ་ཚུ་ བསྐྱུར་ཐོག་ལས་ གནོད་འཚུབ་བཀལ་ཏེ་ པེ་ལིཛ་ཊིན་གྱི་ མི་སེར་ ༢༦ དེ་ཅིག་ དམར་བསད་འབད་ཡོདཔ་མ་ཚད་ ག་ཟ་ལུ་ཡོད་མི་ སྨན་ཁང་ཚུ་གི་ནང་ཡང་ ཉིན་བསྟར་བཞིན་དུ་ ནདཔ་ལེ་ཤ་སྦེ་ སྤུངས་འཛོམས་འབད་དོ་ཡོདཔ་ལས་ སྨན་བཅོས་ཀྱི་ གོ་རིམ་སྒྲིག་མ་ཚུགས་པར་ཡོདཔ་ཨིན་པས།དེ་ཡང་ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ དམར་བསད་འབད་མི་ཚུ་གི་གྲས་ལས་ ག་ཟ་ཁྲོམ་ཚོགས་ཀྱི་ ཤར་ཕྱོགས་ས་གནས་ ཏུ་ཕཱ་ཟེར་སར་ མི་ ༢ དང་ ག་ཟ་ཁྲོམ་ཚོགས་ཀྱི་ བྱང་ཕྱོགས་ས་གནས་ ཇ་བ་ལི་ཡ་ལུ་ མི་ ༥ དམར་བསད་འབད་ནུག།དེ་གི་ཧེ་མར་ཡང་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ཉེན་སྲུང་དག་ལྡན་པའི་ ས་གོ་སྦེ་ ངོས་འཛིན་གྲུབ་མི་ ས་ཁོངས་ཚུ་ནང་ སྐྱབས་བཅོལ་བའི་གུར་ཚུ་གུ་ གནོདཔ་བཀལ་བའི་སྐབས་ལུ་ གུར་ཚུ་ལས་ མེ་འབར་ཏེ་ ཨཱལ་མ་ཝ་སི་ཟེར་སར་ ཨ་ལོ་ཆུང་ཀུ་ཚུ་རྩིས་ཏེ་ ཉུང་ཤོས་ར་ མི་གྲངས་ ༥ […]

World News

ཨི་རག་གི་ ཚོང་འབྲེལ་ལྟེ་བ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༦༡ དེ་ཅིག་ལུ་ཤི་རྐྱེན།

བི་བི་སི། ཨི་རག་གི་ ཀུཊ་ཁྲོམ་སྡེའི་ནང་ ཐོག་ཚད་ ༥ འབད་མི་ ཚོང་འབྲེལ་ལྟེ་བ་ཅིག་ མེ་གིས་འཚིགས་སོངཔ་ལས་ མི་གྲངས་ ༦༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས། ཉིན་གྲངས་ ༧ གྱི་ཧེ་མ་ སྒོ་ཕྱེ་མི་ ཚོང་ཁང་དེ་ནང་ སྤྱི་ཟླ་ ༧ པའི་ཚེས་ ༡༦ གི་ནུབ་མོར་ མེ་རྐྱེན་བྱུང་ཡོདཔ་ད་ དུས་དེ་ལས་ཚུར་ ཚད་འཛིན་འབད་ཚུགས་པར་ཡོདཔ་ད་ མེ་བསད་མི་ཚུ་གིས་ ཚོང་ཁང་གི་ ཁྱིམ་ཏོག་གུ་ལས་སྦེ་ མི་དེ་ཚུ་ སྲོག་སྐྱབས་འབད་ཡོད་རུང་ ད་ལྟོའི་བར་ན་ཡང་ མི་མང་ཤོས་ཅིག་ བརླག་སྟོར་ཤོར་ཡོདཔ་སྦེ་ སྙན་ཞུ་འབད་ནུག། ལུང་ཕྱོགས་གཙོ་འཛིན་ མོ་ཧམ་མཱད་ ཨཱལ་མི་ཡ་ཧི་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ རྐྱེན་ངན་བྱུང་མིའི་སྐོར་ལས་ ཚོང་འབྲེལ་ལྟེ་བའི་ ཇོ་བདག་ལུ་ ཁྲིམས་མཐུན་གྱི་ དང་ལེན་འབད་འོང་ཟེར་ཨིན་པས། དེ་བསྒང་ མང་ཤོས་ཅིག་ར་ ཁྲུས་ཁང་ནང་ དབུགས་འགག་སྟེ་ ཤི་རྐྱེན་བྱུང་ཡོདཔ་ད་ ད་ལྟོ་ཡང་ ཕུངམོ་ ༡༤ དེ་ཅིག་ […]

World News

ཨཱཕ་གྷ་ནིཛ་ཏཱན་གྱི་ མི་སེར་སྟོང་ཕྲག་ལས་བཅད་དེ་ བི་རི་ཊེན་གྱིས་ གསང་བའི་ཐོག་ལས་ལེན་ཡོདཔ།

སི་ཨེན་ཨེན། ཨཱཕ་གྷ་ནིཛ་ཏཱན་ལུ་ ཏ་ལི་བཱན་གྱིས་ གཞུང་བཙུགས་པའི་ཤུལ་ལས་ ཨཱཕ་གྷ་ནིཛ་ཏཱན་གྱི་ མི་སེར་ ༡༩,༠༠༠ དེ་ཅིག་ལུ་ གཞུང་གིས་ སྡུག་སྦྱོང་གཏང་ནི་སྦེ་ཡོདཔ་ལས་ བི་རི་ཊེན་ལུ་ སྐྱབས་བཅོལ་བའི་དོན་ལས ཞུ་བ་འབད་མི་ཚུ་གི་ གནས་སྡུད་ཚུ་ བི་རི་ཊེན་གྱིས་ གསང་ཞིབ་འབད་དེ་ ཨཱཕ་གྷན་གྱི་ མི་སེར་ལེ་ཤ་ཅིག་ བི་རི་ཊེན་གྱིས་ ལེན་ཡོདཔ་ཨིན་པས།དེ་ཡང་ བི་རི་ཊེན་གྱིས་ གསང་བའི་ལས་འཆར་ཅིག་ གཞི་བཙུགས་འབད་དེ་ མི་སེར་རང་སོའི་ སྒེར་དོན་ཁ་གསལ་ཚུ་ འཚོལ་ཞིབ་འབདཝ་ད་ ཨཱཕ་གྷན་གྱི་ མི་སེར་ལེ་ཤ་ཅིག་ལུ་ ཏ་ལི་བཱན་གཞུང་གིས་ སྡུག་སྦྱོང་གཏང་ནི་གི་ ཉེན་ཁ་ཡོད་པའི་ ཤེས་གསལ་བྱུངམ་ལས་ བི་རི་ཊེན་གྱི་ ཧེ་མའི་གཞུང་གིས་ གཞི་བཙུགས་འབད་ཡོད་མི་ གསང་བའི་ལས་འཆར་གྱི་དོན་ལུ་ ཌོ་ལར་ཐེར་འབུམ་ ༢.༧ དེ་ཅིག་ ཟད་འགྲོ་བཏང་ནུག།གསང་བའི་ལས་འཆར་དེ་དང་ གནས་སྡུད་ལ་ལོ་ཅིག་ སྤྱི་ལོ་ ༢༠༢༢ ལུ་ ཐེངས་གཅིག་ཕྱི་ཁར་ཤོར་ཡོདཔ་ལས་ གདོང་དེབ་ཕེཛ་བུག་ནང་ཡང་ བཀོད་པའི་ཤུལ་ལུ་ གཞུང་གིས་ གནས་སྡུད་བཀག་དམ་འབད་རུང་ ད་རེས་ སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ […]

World News

ཡུ་ཨེཛ་གིས་ ཕྱིའི་རྒྱལ་ཁབ་ཁག་གི་ མི་སེར་ཚུ་ ལྷོ་ཨ་ཕི་རི་ཀའི་ས་གནས་ ཨེཛ་ཝ་ཏི་ནི་ལུ་བསྐྱལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ ཡུ་ཨེཛ་གི་ ནང་འཁོད་སྲུང་སྐྱོབ་ལས་ཁུངས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་ལུ་ཡོད་མི་ རྒྱལ་ཁབ་ཁག་གི་ མི་སེར་ཚུ་ ལྷོ་ཨ་ཕི་རི་ཀའི་ས་གནས་ ཨེཛ་ཝ་ཏི་ནི་ཟེར་སར་ གནམ་གྲུའི་ཐོག་ལས་ བསྐྱལ་ཡི་ཟེར་ཨིནམ་དང་ དེ་ཡ་ ཡུ་ཨེཛ་མངོན་མཐོ་ཁྲིམས་འདུན་ལས་ ཡུ་ཨེཛ་ལུ་ ནང་བསྐྱོད་འབད་དེ་ སྡོད་མི་ཚུ་ ཕྱིར་བཏོན་འབད་ནི་མེད་པའི་ བཀག་དམ་གུ་ཡངས་བཏང་བའི་ཤུལ་ལུ་ བསྐྱལ་ཡི་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༦ པ་ མཇུག་བསྡུ་ཁམས་ལུ་ ཡུ་ཨེཛ་མངོན་མཐོ་ཁྲིམས་འདུན་ལས་ ཡུ་ཨེཛ་ལུ་ ནང་བསྐྱོད་འབད་དེ་སྡོད་མི་ ཕྱི་མི་ཚུ་ ཡུ་ཨེཛ་གཞུང་གི་ཁ་ཐུག་ལས་ ཁོང་རའི་རྒྱལ་ཁབ་མིན་མི་ རྒྱལ་ཁབ་གཞན་ལུ་ གནོད་ཉེན་ཚུ་གི་སྐོར་ལས་ ག་ནི་ཡང་ མ་བཤད་པར་ ཕྱིར་བཏོན་འབད་ཆོག་པའི་ གནང་བ་གྲོལ་ནུག།ཡུ་ཨེཛ་གི་ ནང་འཁོད་སྲུང་སྐྱོབ་ལས་ཁུངས་ཀྱིས་ བཤད་ནོ་བཟུམ་འབད་བ་ཅིན་ ཕྱིའི་རྒྱལ་ཁབ་ཁག་གི་ མི་སེར་ཚུ་ སྤྱོད་ངན་ཚབས་ཆེན་ལུ་བརྟེན་ཏེ་ རང་སོའི་རྒྱལ་ཁབ་ནང་ ལོག་ལེན་མ་བཏུབ་མི་ཚུ་ ལྷོ་ཨ་ཕི་རི་ཀའི་ས་གནས་ ཨེཛ་ཝ་ཏི་ནི་ལུ་ གནམ་གྲུའི་ཐོག་ལས་ བསྐྱལ་ཡི་ཟེར་ཨིནམ་ད་ ཁོང་གི་གྲས་ཁར་ ཝེཊ་ནཱམ་དང་ ཇ་མའི་ཀ་ ཀིའུ་བ་ […]

World News

ཕ་རཱནཛ་དང་ ཡུ་ཀེའི་བར་ན་ ཕྱི་མི་ནང་བསྐྱོད་ གྲངས་མཉམ་གྱི་ཆིངས་ཡིག།

ཨཱལ་ཇ་ཟི་ར། ཡུ་ཀེ་དང་ ཕ་རཱནཛ་རྒྱལ་ཁབ་ ༢ ཀྱི་བར་ན་ ཕྱི་མི་སྟོང་ཕྲག་ལས་བཅད་དེ་ ནང་བསྐྱོད་འབད་མི་ བཀག་ཐབས་ལུ་ ཕན་ཚུན་ཕྱི་མི་ནང་བསྐྱོད་ གྲངས་མཉམ་བཟོ་ནི་གི་ ཆིངས་ཡིག་ཅིག་བཟོ་ནུག།  དེ་ཡང་ ཡུ་ཀེ་གིས་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ནང་ལས་ ཕྱིར་ཐོན་འབད་བའི་ཤུལ་ལུ་ ཡུ་རོབ་རྒྱལ་ཁབ་ཚུ་གི་གྲས་ལས་ ཕ་རཱནཛ་གི་སྲིད་འཛིན་ ཨེ་མ་ནུལ་ མེ་ཀོ་རོན་དེ་ ལོན་ཌཱོན་ལུ་ ཉིན་གྲངས་ ༣ གྱི་ གཟིགས་སྐོར་ལུ་ བྱོན་མི་དེ་ འགོ་དང་པ་ཨིན་པས། དེ་བསྒང་ ཕ་རཱནཛ་གི་ སྲིད་འཛིན་དང་ ཡུ་ཀེའི་བློན་ཆེན་ ཀིར་སི་ཊར་མར་ མེ་ཀོ་རོན་ ༢ ཀྱི་བར་ན་ “གཅིག་ནང་ན་འོངམ་ད་ གཅིག་ཕྱི་ཁར་གཏང་ནི་” ཟེར་བའི་ ཕྱི་མི་ནང་བསྐྱོད་ཀྱི་ ཆིངས་ཡིག་བཟོ་མི་དེ་ ཨིང་ལིཤ་ཅེ་ནཱལ་ཟེར་མི་ རྒྱ་མཚོ་བརྒལ་ཏེ་ ཕ་རཱནཛ་ལས་ ཡུ་ཀེ་ལུ་ གྲུ་ཆུང་ཚུ་ནང་འོང་ནི་ བཀག་ཐབས་ལུ་ཨིན་པས་ཟེར་ བཀོད་འདུག་པའིགནས་ཚུལ།

Online now: 11 Today: 1785 Total visitors: 17221