ArchiveAboutContact

Category: World News

World News

ཡུ་ཨེཛ་གིས་ ཀེ་ན་ཌའི་ ཅ་ཆས་ནང་འདྲེན་ལུ་ ཁྲལ་བརྒྱ་ཆ་ ༣༥ རེ་བཀལ་ནི།

བི་བི་སི།   ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཟླཝ་ཤུལ་མའི་ནང་ལས་ ཀེ་ན་ཌའི་ ཅ་ཆས་ནང་འདྲེན་ལུ་ ཁྲལ་བརྒྱ་ཆ་ ༣༥ རེ་ བཀལ་ནི་ཨིན་པའི་ ཉེན་བརྡ་འབད་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ ནང་འདྲེན་དང་ ཕྱིར་ཚོང་གི་ ཁྲལ་ཚད་སྐོར་ལས་ འགྲིག་ཆ་བཟོ་ཐབས་ལུ་ ཞལ་འཛོམས་མང་རབས་ཅིག་ ཚོགས་ཡོད་རུང་ ཁ་གསལ་ཅིག་ མེདཔ་ཨིན་པས། ཀེ་ན་ཌའི་བློན་ཆེན་ མཱག་ཀར་ནེ་གིས་ ཧེ་མ་ ཀེ་ན་ཌའི་དོན་ལུ་ དྲང་བདེན་ཅན་གྱི་ ཚོང་འབྲེལ་འགྲིག་ཆ་ཅིག་ བཟོ་ནི་སྦེ་ ཁས་བླངས་འབད་མི་དེ་ མཐར་མི་འཁྱོལ་ནི་བཟུམ་ཅིག་ཡོདཔ་ལས་ མི་སེར་ཚུ་ ཁོ་གིས་ ཌོ་ནཱལ་ཊཱམ་ལུ་ དོ་འགྲན་འབད་མི་ཚུགས་ནི་ཨིན་པའི་ ཐེ་ཚོམ་ཟ་དོ་ཡོདཔ་སྦེ་བཀོད་ནུག། ཁྲལ་ཡར་སེང་གི་སྐོར་ལས་ ད་ཚུན་གྱི་ འགྲིག་ཆའི་ཞལ་འཛོམས་ཚུ་ནང་ ཀེ་ན་ཌའི་ གཞུང་གི་ཁ་ཐུག་ལས་ ཀེ་ན་ཌའི་ལས་མི་དང་ ཚོང་ལཱ་ཚུ་ ཉེན་སྲུང་འབདཝ་འབད་སར་ཡོད་པའི་གུ་ ཟླཝ་ཤུལ་མའི་ནང་ ཆིངས་ཡིག་ཅིག་ བཟོ་དགོ་པའི་ དུས་ཚོད་བཀག་མི་དེ་ འཕྲོ་མཐུད་དེ་ར་ འགྲིག་ཆ་ཚུ་ བཟོ་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས། ཌོ་ནཱལ་ཊམ་གྱིས་ རྒྱལ་ཁབ་གཞན་ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ལུ་ མཁའ་དམག་ཐོག་ལས་གནོད་འཚུབ།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༡༠ ལུ་ ར་ཤི་ཡ་གིས་ ཕྱད་མདའི་གནམ་གྲུ་ཆུང་བ་ཌཱོན་ཚུ་ ལག་ལེན་འཐབ་སྟེ་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ལུ་ གནོད་འཚུབ་ཚབས་ཆེན་སྦེ་ བཀལ་མིའི་ནང་ མི་གྲངས་ ༢ ལུ་ ཤི་རྐྱེན་དང་ ༡༣ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས། དེ་ཡང་ གནམ་ནུབ་མོར་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ གནོད་འཚུབ་བཟློག་ཐབས་འབད་བའི་སྐབས་ལུ་ གནམ་ཁར་རྫས་བམ་གས་སར་ མཐོང་ཡོདཔ་ད་ ཡུ་ཀེ་རེན་ དམག་སྡེ་གིས་ ར་ཤི་ཡའི་ཁ་ཐུག་ལས་ དམིགས་བསལ་གྱི་ མགྱོགས་ཤུགས་ཡོད་མི་ ཚ་གཏད་མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་ནི་གི་ ཉེ་ཁ་ཡོད་པའི་ ཉེན་བརྡ་འབད་ནུག།  དེ་བཟུམ་སྦེ་ ར་ཤི་ཡ་གིས་ སྤྱི་ཟླ་ ༧ པའི་ཚེས་ ༨ ཀྱི་ནུབ་མོར་ ཌཱོན་ ༧༢༨ དང་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ ༡༣ གཅིག་ཤུལ་གཉིས་ཤུལ་སྦེ་ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་ཡོདཔ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ […]

World News

ཡུ་རོབ་ལུ་ དྲོད་ཤུགས་ཡར་སེང་སོང་ཡོདཔ་ལས་ མི་གྲངས་ ༢,༣༠༠ དེ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༩ ལུ་ གསར་བཏོན་འབད་མི་ ཚན་རིག་ཐོག་གི་ བརྟག་ཞིབ་སྙན་ཞུ་ཅིག་དང་འཁྲིལ་བ་ཅིན་ ཡུ་རོབ་ཀྱི་ཁྲོམ་ཚོགས་ ༡༢ དེ་ཅིག་གི་ནང་ དྲོད་ཤུགས་ལུ་བརྟེན་ཏེ་ མི་གྲངས་ ༢,༣༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།དེ་ཡང་ ཨིམ་པེ་རི་ཡཱལ་ མཐོ་རིམ་སློབ་གྲྭ་དང་ ལཱོན་ཌཱོན་འཕྲོད་བསྟེན་དང་ སྨན་བཅོས་སློབ་གྲྭའི་ ཚན་རིག་པ་ཚུ་གི་ བརྟག་ཞིབ་སྙན་ཞུ་ནང་ གནམ་གཤིས་འགྱུར་བ་གིས་ ཚ་དྲོད་ཡར་སེང་ལུ་ ཤན་ཞུགས་འབད་དེ་ ཤི་རྐྱེན་བྱུང་མི་ཚུ་གི་གྲས་ལས་ མི་གྲངས་ ༡,༥༠༠ ལུ་ ཤི་རྐྱེན་བྱུང་མི་དེ་ གནམ་གཤིས་འགྱུར་བ་དང་ འབྲེལ་བ་ཡོདཔ་སྦེ་བཀོད་ནུག།ཨིམ་པེ་རི་ཡཱལ་ མཐོ་རིམ་སློབ་གྲྭའི་ ཞིབ་འཚོལ་པ་ ཌོག་ཊར་བེན་ཀ་ལཱག་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གཤིས་འགྱུར་བ་ལུ་བརྟེན་ཏེ་ དྲོད་ཤུགས་དེ་ རྒྱ་ཆེ་ཏོག་ཏོ་སྦེ་ར་ ཡར་སེང་སོང་ཡོདཔ་ལས་ གནས་སྟངས་་དེ་ ཉེན་ཁ་ཅན་ཅིག་ལུ་ གྱུར་ཏེ་འདུག་ཟེར་ཨིན་པས།ཚན་རིག་པ་ཚུ་གིས་ ཁྲོམ་ཚོགས་བར་སེ་ལོ་ན་དང་ མ་ཌིཌ་ ལོན་ཌོན་ མི་ལཱན་ཚུ་གིས་གཙོས་པའི་ ཁྲོམ་ཚོགས་ ༡༢ ལུ་ ཞིབ་འཇུག་འབད་ཡོདཔ་ད་ དེ་ཡང་ ཁྲོམ་ཚོགས་དེ་ཚུའི་ནང་ གནམ་གཤིས་འགྱུར་བ་ལུ་བརྟེན་ཏེ་ […]

World News

མ་ལི་རྒྱལ་ཁབ་ཀྱི་ དམག་སྡེའི་གཙོ་འཛིན་ལུ་ ལོ་ལྔའི་གཞུང་སྐྱོང་གོ་སྐབས། 

བི་བི་སི། མ་ལི་རྒྱལ་ཁབ་ཀྱི་ དམག་སྡེའི་གཙོ་འཛིན་ དམག་སྤྱི་ཧ་སི་མི་ གོའི་ཊ་ལུ་ བར་སྐབས་སྤྱི་ཚོགས་ནང་ལས་ བཙག་འཐུ་འགོ་འདྲེན་མ་འཐབ་པར་ དུས་ཡུན་ཡར་སེང་ཐོག་ལས་ ལོ་ལྔའི་གཞུང་སྐྱོང་གི་ གོ་སྐབས་སྤྲོད་ནུག། དེ་ཡང་ དམག་སྤྱི་ཧ་སི་མི་ གོའི་ཊ་གིས་ གཞུང་སྐྱོང་བཙན་དབང་ ལན་ཐེངས་ ༢ འབད་ཡོདཔ་ད་ ཁོ་གིས་ ན་ཧིང་ གཞུང་སྐྱོང་དེ་ དམངས་གཙོའི་རིང་ལུགས་ལུ་ བསྐྱར་སྒྱུར་འབད་ནི་ཨིནམ་སྦེ་ བཤད་ཡོད་རུང་ ད་ལྟོ་ཡང་ དམངས་གཙོའི་རིང་ལུགས་ མ་བཙུགས་པར་ཡོདཔ་ཨིན་པས། སྤྱི་ཚོགས་ནང་ལས་བཏོན་མི་ འགན་ཁུར་གྱི་ དཔྱད་ཡིག་ནང་གསལ་ མ་ལི་རྒྱལ་ཁབ་ནང་ གནས་སྟངས་ཞི་བདེ་ཅན་ལུ་ མ་འགྱུར་ཚུན་གྱི་བར་ན་ དམངས་གཙོའི་རིང་ལུགས་ བསྐྱར་འཛུགས་འབད་ནི་ལུ་ དུས་ཚོད་འགོར་རུང་ འཐུསཔ་སྦེ་བཀོད་ནུག། སྐྱེས་ལོ་ ༤༡ འབད་མི་ དམག་སྤྱི་གོའི་ཊ་གིས་ སྤྱི་ལོ་ ༢༠༣༠ ཚུན་ར་ གཞུང་སྐྱོང་འབད་ནི་གི་ གོ་སྐབས་ཡོདཔ་ལས་ ལྡོག་ཕྱོགས་ཡང་ མེདཔ་འགྱོ་བའི་ ཉེན་ཁ་ཡོདཔ་ད་ ཁོ་གིས་ གཞུང་སྐྱོང་བཙན་དབང་དེ་ སྤྱི་ལོ་ ༢༠༢༡ ལུ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ གོ་མཚོན་བཀྲམ་སྤེལ་མར་ཕབ།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༣ ལུ་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གིས་ ཡུ་ཀེརེ་ན་ལུ་ གོ་མཚོན་བཀྲམ་སྤེལ་ འཕྲོ་རྒྱུན་གཅད་པ་ཅིན་ ལོ་ངོ་ ༤ འཁོར་བའི་ ཕྱད་མདའ་དེ་ ར་ཤི་ཡ་གིས་ ད་རུང་ཡང་ ཡུན་འགྱངས་སྦེ་ བཞག་ནི་ལུ་ རྒྱུད་སྐུལ་འབད་འོང་ཟེར་ཨིན་པས། དེ་ཡང་ ཡུ་ཨེཛ་སྲུང་སྐྱོབ་ལས་ཁུངས་ཀྱིས་ རྒྱལ་ཁབ་གཞན་ཚུ་ལུ་ དམག་གི་རྒྱབ་སྐྱོར་དང་ གྲོགས་རམ་སྐོར་ལས་ བསྐྱར་ཞིབ་ཅིག་འབད་བའི་ཤུལ་ལས་ ཡུ་ཀེ་རེན་ལུ་ གོ་མཚོན་ལ་ལོ་ཅིག་ བཀག་ཆ་འབད་དགོ་པའི་ གྲོས་ཆོད་བཏོན་ནུག། ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཛེ་ལེནཛ་ཀི་གིས་འབད་བ་ཅིན་ རྒྱལ་ཁབ་ ༢ ཀྱི་བར་ན་ གོ་མཚོན་བཀྲམ་སྤེལ་སྐོར་ལས་ ལོ་རྒྱུས་ཚུ་ སླབ་པའི་བསྒང་ཡོད་ཟེར་ཨིནམ་ད་ གོ་མཚོན་བཀྲམ་སྤེལ་ བསྣར་འགྱངས་ཐོག་ལུ་ ལུས་སོང་པ་ཅིན་ ར་ཤི་ཡ་གིས་ ཧེང་སྐལ་ར་ གནོད་འཚུབ་བཀལ་ནི་ལུ་ རྒྱུད་སྐུལ་འབད་འོང་ཟེར་ཨིན་པས། ཡུ་ཀེ་རེན་གྱི་ སྲུང་སྐྱོབ་ལྷན་ཁག་གིས་ ཡུ་ཨེཛ་གི་ཁ་ཐུག་ལས་ གོ་མཚོན་བཀག་ཆ་འབད་ནིའི་སྐོར་ལས་ གཞུང་འབྲེལ་བརྡ་དོན་ཅིག་ ག་ནི་ཡང་ མ་ཐོབ་སྦེ་ […]

World News

འཛམ་གླིང་སྤྱི་ཚོགས་ཀྱི་ མཁས་མཆོག་གིས་ ཨིཛ་རེལ་དང་གཅིག་ཁར་ ཚོང་འབྲེལ་འཐབ་ནི་མེད་པའི་ནན་སྐུལ།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༣ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ མཁས་མཆོག་ཅིག་གིས་ རྒྱལ་སྤྱིའི་ཚོང་སྡེ་ཚུ་གིས་ ཨིཛ་རེལ་དང་གཅིག་ཁར་ ཚོང་འབྲེལ་འཐབ་ནི་མེད་པའི་ ནན་སྐུལ་འབད་ཡོདཔ་ད་ དེ་ཡང་ ཨིཛ་རེལ་དང་གཅིག་ཁར་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ག་ཟ་དང་ ཝེཛ་བེང་ས་ཁོངས་ཚུ་ནང་ ཕྱད་མདའ་དང་འབྲེལ་བའི་ ཉེས་པ་འཁྲི་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས། མཁས་མཆོག་ཕ་རཱན་སེཛ་ཀ་ ཨཱལ་བ་ནིཛ་གིས་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆ་ལྷན་ཚོགས་ནང་ སྙན་ཞུ་ཅིག་ ཕུལ་བའི་སྐབས་ལུ་ ཧ་མཱཛ་དང་གཅིག་ཁར་ དམག་འཁྲུག་ལང་མི་དེ་ནང་ འགན་འཁྲི་དང་ བལྟ་རྟོག་ག་ནི་ཡང་མེདཔ་སྦེ་ བཤད་ཡོད་རུང་ ཨིཛ་རེལ་གྱིས་ མོ་གིས་བཤད་མི་ ལོ་རྒྱུས་ཚུ་ལུ་ བདེན་ཁུངས་མེད་ལུགས་བཤད་ནུག། འཛམ་གླིང་སྤྱི་ཚོགས་ཀྱི་ མཁས་མཆོག་ཚུ་ རང་དབང་ཅན་གྱི་ མཁས་མཆོག་གི་གྲངས་སུ་ཨིནམ་ད་ ཁོང་གིས་ འགྲོ་བ་མིའི་དབང་ཆ་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ སྙན་ཞུ་འབད་མི་སྦེ་ བསྐོ་བཞག་འབདཝཨིན་པས། ཨི་ཊ་ལི་ལས་ རྒྱལ་སྤྱིའི་ཁྲིམས་དོན་རྒྱབ་མི་ཅིག་ཨིན་མི་ ཨཱལ་བ་ནིཛ་གིས་ ཨིཛ་རེལ་གྱིས་ ག་ཟའི་ཁྲོམ་ཚོགས་ལུ་ དེང་སང་གི་ འབྱུང་རབས་ནང་ ག་ནི་བ་ཡང་ སེམས་ངན་ཅན་གྱི་སྒོ་ལས་ མི་རིགས་རྩ་མེད་ཀྱི་ ལཱ་ཚུ་འབདཝ་ཨིནམ་སྦེ་ […]

World News

ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ ག་ཟ་ཁྲོམ་ཚོགས་ལུ་ ཉིན་གྲངས་ ༢ ཀྱི་ནང་ མི་གྲངས་ ༣༠༠ ལྷགཔ་ཅིག་དམར་བསད།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༧ པའི་ཚེས་ ༢ དང་ ༣ གྱི་ ནང་འཁོད་ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ པེ་ལིཛ་ཊིན་གྱི་ མི་སེར་ ༣༠༠ ལྷགཔ་ཅིག་ དམར་བསད་འབད་ཡོདཔ་སྦེ་ ག་ཟའི་གཞུང་འབྲེལ་བརྡ་བརྒྱུད་ཡིག་ཚང་ལས་ བཤད་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༣ ལུ་ ག་ཟ་ཁྲོམ་ཚོགས་ཀྱི་ ས་ཁོངས་མ་འདྲཝ་ཚུ་ནང་ དུས་ཡུན་ཆུ་ཚོད་ ༢༤ གི་ ནང་འཁོད་ལུ་ མི་གྲངས་ ༡༡༨ དམར་བསད་དང་ གཞན་མི་ ༥༨༡ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ དེ་ཚེ་དྲོ་པ་ གྲོགས་རམ་ས་ཁོངས་ཚུ་ནང་ གྲོགས་རམ་འཚོལ་མི་ ༣༣ གྱིས་གཙོས་པའི་ མི་གྲངས་ ༧༣ ཡང་ དམར་བསད་འབད་ནུག། དེ་བཟུམ་སྦེ་ ཨཱལ་མ་ཝ་སི་ཟེར་སར་ཡོད་པའི་ སྡོད་སྒར་ཚུ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༣ དང་ […]

World News

ཨིན་ཌོ་ནེ་ཤི་ཡའི་ རྒྱ་མཚོའི་ནང་ གྲུ་ཆུང་ཅིག་ ཐིམས་སོངཔ་ལས་ འགྲུལ་པ་ལེ་ཤ་ཅིག་བྱང་སྟོར།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༦ པའི་ཚེས་ ༣ ལུ་ ཨིན་ཌོ་ནེ་ཤི་ཡའི་ མཚོ་གླིང་བཱ་ལི་ལུ་ འགྲུལ་པ་ ༦༥ འབག་མི་ གྲུ་ཆུང་ཅིག་ རྒྱ་མཚོའི་ནང་ ཐིམས་སོངཔ་ལས་ མི་ངོམ་ ༤ ལུ་ ཤི་རྐྱེན་དང་ ལེ་ཤ་ཅིག་ཡང་ བྱང་སྟོར་ཤོར་ཡོདཔ་ཨིན་པས།གྲུ་ཆུང་དེ་ རྒྱ་མཚོའི་ནང་ ཐིམས་པའི་ཤུལ་ལས་ སྲོག་སྐྱབས་འབད་མི་ཚུ་གིས་ བྱང་སྟོར་ཤོར་མི་ འགྲུལ་པ་ ༣༨ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ད་ གྲུ་ཆུང་དེ་ཡང་ ཤར་ཕྱོགས་ཇ་བཱ་ལུ་ཡོད་མི་ གྲུ་ཚུ་བཞག་སའི་ས་ཁོངས་ བཱན་ཡུ་ཝང་གི་ཟེར་ས་ལས་ རྒྱ་མཚོའི་ནང་ འགྲུལ་བསྐྱོད་འབད་ནི་ འགོ་བཙུགས་པའི་ཤུལ་ལུ་ ཐིམས་སོངཔ་སྦེ་བཀོད་ནུག།གྲུ་ཆུང་དེ་ནང་ལས་ འགྲུལ་པ་ ༢༣ དེ་ཅིག་ སྲོག་སྐྱབས་འབད་ཚུགས་ཡོདཔ་ད་ བཱན་ཡུ་ཝང་གིའི་ ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ རཱ་མ་སམ་ཏ་མ་ པུ་ཏ་ར་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྲོག་སྐྱབས་འབད་མི་ཚུ་ རྒྱ་མཚོའི་ནང་ དྲན་མེད་ངང་ལུ་ཡོདཔ་སྦེ་ ཐོབ་ཅི་ཟེར་ཨིན་པས།མདང་ཞག་ སྤྱི་ཟླ་ ༣ པའི་ནང་ཡང་ བཱ་ལི་མཚོ་གླིང་ལུ་ འགྲུལ་པ་ ༡༦ འབག་མི་ […]

World News

བོད་ཆོས་ཀྱི་དབུ་ཁྲིད་ སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ བཤུལ་འཛིན་གྱི་ དགོངས་འཆར་གསལ་བསྒྲགས།

བི་བི་སི། བོད་ལས་བྲོས་ཟུར་མཛད་མི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་མཆོག་གིས་ ཁོ་ར་དགོངས་པ་རྫོགས་པའི་ཤུལ་ལུ་ བཤུལ་འཛིན་ཅིག་ཡོད་ཟེར་ གསུངས་གནང་ཡོདཔ་ལས་ མི་ལོ་ ༦༠༠ འཁོར་བའི་ གཙུག་སྡེ་མེདཔ་ འགྱོ་ནི་བཟུམ་ཅིག་ཡོད་པའི་ ཚ་གྱང་དང་འབྲེལ་ཏེ་ མི་མང་ག་ར་ བློ་བདེ་ཏོག་ཏོ་སོང་ནུག། དེ་ཡང་ སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ དྷ་རམ་ས་ལའི་ ཁྲོམ་ཚོགས་ནང་ ཆོས་ཕྱོགས་ཀྱི་ འགོ་ཁྲིདཔ་ཚུ་དང་ ཞལ་འཛོམས་ཅིག་ ཚོགས་གནང་པའི་སྐབས་ལུ་ མཐོང་ཐོས་གསུང་འཕྲིན་ཅིག་གི་ཐོག་ལས་ གཙུག་སྡེ་དེ་ འཕྲོ་རྒྱུན་མཐུད་ནི་ཨིན་པའི་སྐོར་ལས་ ང་གིས་ ཏན་ཏན་སྦེ་ བཤད་དོ་ཟེར་ གསུངས་ཡོདཔ་ཨིན་པས། དེ་མ་ཚད་ སྐྱབས་མགོན་མཆོག་གིས་ ཁོ་རའི་ཡིག་ཚང་གི་ འཐུས་མི་ཚུ་གིས་ བོད་ཆོས་ཀྱི་དབུ་ཁྲིད་ཚུ་དང་ ཆོས་ཕྱོགས་འགོ་ཁྲིདཔ་ གཞན་ཚུ་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་ འདས་པའི་ལམ་ལུགས་དང་འཁྲིལ་ཏེ་ བཤུལ་འཛིན་ཅིག་ འཚོལ་ཞིབ་འབད་དེ་ ངོས་འཛིན་འགྲུབ་འོང་ཟེར་ གསུངས་གནང་ནུག། རྒྱ་ནག་ལུ་དམིགས་པའི་ མཐོང་ཚུལ་ཅན་གྱི་ བརྡ་འཕྲིན་ཅིག་ནང་ གནད་དོན་འདི་ཁར་ ག་གིས་ཡང་ བར་དཀྲུགས་འབད་ནི་གི་ དབང་ཚད་མེད་ཟེར་ཡང་ གསུངས་ཡོདཔ་ཨིན་པས། སྐྱབས་མགོན་ཏ་ལའི་བླ་མ་མཆོག་ རྒྱ་ནག་གིས་ བོད་དབང་མི་ལུ་ ངོ་རྒོལ་གྱི་ […]

World News

མཐའ་ཡས་ལེན་གྱི་ རྩ་ཁྲིམས་ཅན་གྱི་ ཁྲིམས་ཀྱི་འདུན་ས་ལས་ བློན་ཆེན་གྱི་ ཕྱག་འགན་མཚམས་འཇོག།

རོའི་ཊརཛ། མཐའ་ཡས་ལེན་གྱི་བློན་ཆེན་ ཨམ་པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་ར་དེ་ བློན་ཆེན་གྱི་ གོ་གནས་ལས་ ཕྱིར་དབྱུང་འབད་དགོ་པའི་ ཨེབ་ཤུགས་བསྣར་འགྱངས་ཐོག་ལུ་ཡོད་པའི་བར་ན་ སྤྱི་ཟླ་ ༧ པའི་ཚེས་ ༡ ལུ་ མཐའ་ཡས་རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་ལས་ བློན་ཆེན་དེ་གི་ ཕྱག་འགན་ཚུ་ མཚམས་འཇོག་འབད་ནུག།དེ་ཡང་ སྤྱི་ཚོགས་ཀྱི་ འཐུས་མི་ ༣༦ གིས་ བློན་ཆེན་དེ་ལུ་ གཡོ་སྒྱུ་དང་ བཟང་སྤྱོད་ཀྱི་ཁྱད་ཚད་ལས་ འགལ་ཤོར་དང་ ཀམ་བོ་ཌི་ཡའི་དབུ་ཁྲིད་ ཧུན་སེན་དང་གཅིག་ཁར་ བརྒྱུད་འཕྲིན་ཐོག་གི་ གསུང་གྲོས་དེ་ དྲན་ཚོར་ཅན་ཅིག་ཨིན་རུང་ མི་མང་ལུ་ གསང་བརྟོལ་འབད་མི་དེ་ རྩ་ཁྲིམས་ཆེན་མོ་ལས་ཡང་ འགལ་ཤོར་བྱུང་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་ཨིན་པས།ཁྲིམས་འདུན་གྱིས་ ཉེས་འཛུགས་དེ་ཚུ་ལུ་ ངོས་ལེན་འབད་དེ་ ཉེས་འཛུགས་ཀྱི་ ཞུ་ཡིག་སྐོར་ལས་ བསམ་ཞིབ་འབད་དགོ་པའི་ མགྲིན་གབྱངས་གཅིག་གི་ མོས་མཐུན་ཡང་ བྱུང་ཡོདཔ་སྦེ་བཤད་ནུག།ཁྲིམས་འདུན་ལས་ མཚམས་འཇོག་གི་ བཀའ་རྒྱ་གནང་མི་ལུ་ བློན་ཆེན་གྱི་ ཁ་ཐུག་ལས་ དགག་ལན་ཕུལ་ནིའི་དོན་ལུ་ ཉིན་གྲངས་ ༡༥ གི་ དུས་ཚོད་གནང་སྟེ་ཡོདཔ་ད་ མོ་ར་ ལམ་སྲོལ་བློན་པོ་སྦེ་ […]

Online now: 12 Today: 1842 Total visitors: 17278