ArchiveAboutContact

Category: World News

World News

རྒྱ་པཱན་ལུ་ རེལ་ལི་ཐུག་རྐྱེན་ནང་ ལས་གཡོགཔ་ ༤ ལུ་ ཤི་རྐྱེན་བྱུང་ཡོདཔ།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ རྒྱ་པཱན་གྱི་རྒྱལ་ས་ ཊོ་ཀི་ཡོའི་ བྱང་ཁ་ཐུག་གི་ རེལ་ལི་འབབ་ཚུགས་ ཤིན་ཀ་ནུ་མ་ལུ་ རེལ་ལི་དང་ ཁ་ཐུག་རྐྱབ་པའི་ཤུལ་ལས་ ལས་གཡོགཔ་ ༤ ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༡༠ དང་ སྐར་མ་ ༤༦ དེ་ཅིག་ཁར་ ལས་མི་ཚུ་ ཧོན་ལྡུམ་སྐམ་ནི་གི་ སྨན་གཏོར་ཏེ་ སྡོད་པའི་སྐབས་ལུ་ ཁ་ཐུག་རྐྱབ་ནུག་ཟེར་ ཊོ་བུ་རེལ་ལིའི་ འགོ་དཔོན་ཅིག་གིས་ བཤད་ཡོདཔ་ཨིན་པས། རེལ་ལི་དེ་ ཐུག་རྐྱེན་བྱུང་པའི་སྐབས་ལུ་ ཉེན་སྲུང་གི་ ལམ་སྟོན་ཚུ་ ལག་ལེན་འཐབ་ཡོད་མེད་ཀྱི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་གིས་ ཞིབ་དཔྱད་ཚུ་འབད་དོ་ཟེར་ ཊོ་བུ་རེལ་ལིའི་ འགོ་དཔོན་ཚུ་གིས་ གནས་ཚུལ་ཞལ་འཛོམས་ཅིག་ནང་ གསལ་བཤད་འབད་ནུག།

World News

ཀེ་ནི་ཡའི་ རྒྱལ་ཁབ་ནང་ གནམ་གྲུ་ཧེ་ལི་ཀོབ་ཊག་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་ ༧ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༡༩ ལུ་ ཀེ་ནི་ཡའི་ དབུས་ཕྱོགས་རྫོང་ཁག་གི་ གངས་རི་ཨོ་ལོ་ལོག་ཝི་ཟེར་སར་ གནམ་གྲུ་ཧེ་ལི་ཀོབ་ཊག་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ གནམ་གྲུ་དེ་ནང་གི་ དེད་དཔོན་རྩིས་ཏེ་ བལྟ་བཤལཔ་ ༦ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས། གནམ་གྲུ་ཐུག་རྐྱེན་ ཞིབ་དཔྱད་ལས་ཁུངས་ལས་ གནམ་གྲུ་དེ་ནང་ འཕུར་འགྲུལ་འབད་མི་ཚུ་ ག་ཏེ་ལས་ཨིན་ན་ ཧ་གོ་མ་ཚུགས་ཟེར་ བཤད་ཡོདཔ་ད་ ཀེ་ནི་ཡ་ ཞི་བའི་མཁའ་འགྲུལ་དབང་འཛིན་གྱིས་ ཐུག་རྐྱེན་དེ་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༩.༡༣ དེ་ཅིག་ཁར་ བྱུང་ཡོདཔ་སྦེ་བཤད་ནུག།

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༠ དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༡༨ ཀྱི་དྲོ་པ་ ཡུ་ཀེ་རེན་གྱི་ བྱང་ཤར་ཁར་ཀིབ་ལུང་ཕྱོགས་ཀྱི་ གཡུས་ཚན་ཅིག་ནང་ ར་ཤི་ཡ་གིས་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༠ དམར་བསད་འབད་ནུག། དེ་ཡང་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁར་ཀིབ་ལུང་ཕྱོགས་ཀྱི་ གཡུས་ཚན་པེ་ཅེ་ནི་ཧི་ལུ་ ཁང་ཚན་ཅན་གྱི་ སྒྲིང་ཁྱིམ་ཚུ་གིས་ བསྐོར་ཏེ་ཡོད་མི་ འགྲེམ་ཁང་དང་ ཚོང་ཁང་ཚུ་ལུ་ གདུག་རྩུབ་ཅན་གྱི་སྒོ་ལས་ གནོད་འཚུབ་བཀལ་ཡི་ཟེར་ཨིན་པས།

World News

ཨིན་ཌོ་ནེ་ཤི་ཡ་ལུ་ ས་ཡོམ་ཤུགས་ཚད་ ༧.༧ འབད་མི་ རྐྱབ་ཡོདཔ་ལས་ མི་གྲངས་ ༤༧ ལུ་ ཤི་རྐྱེན་བྱུང་ཡོདཔ།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༥ དེ་ཅིག་ཁར་ ཨིན་ཌོ་ནེ་ཤི་ཡ་ལུ་ ས་ཡོམ་ཤུགས་ཚད་ ༧.༧ འབད་མི་ རྐྱབ་ཡོདཔ་ལས་ མི་གྲངས་ ༤༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ མངའ་སྡེའི་སྤྱི་འཛིན་གྱིས་ བཤད་ཡོདཔ་ཨིན་པས། ས་ཡོམ་དེ་ ཕོ་ལོ་རེཛ་ མའུ་མེ་རེ་ མཚོ་གླིང་ལུ་ བྱུང་ཡོདཔ་ད་ དེ་ཡང་ མི་སེར་ཚུ་ ཉལ་སྡོད་པའི་ དུས་ཚོད་ནང་ སྒྲིང་ཁྱིམ་ཚུ་ རམ་འགྱོ་མི་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ ཨིན་ཌོ་ནི་ཤི་ཡ་ གནམ་གཤིས་རིག་པ་དང་ ས་ཁམས་རིག་པའི་ལས་སྡེ་གིས་ སྙན་ཞུ་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ […]

World News

རྒྱ་པཱན་ལུ་ ས་རུད་དང་ ཆུ་རུད་ཚུ་ ཐོན་ཡོདཔ་ལས་ མི་ ༨ ལུ་ ཤི་རྐྱེན་དང་ གཞན་མི་ ༥ ལུ་ རྨ་སྐྱོན་བྱུང་ཡོདཔ།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༡༤ ལུ་ རྒྱ་པཱན་གྱི་རྒྱལ་ས་ ཊོ་ཀི་ཡོའི་ ཉེ་འདབས་ཀྱི་ མངའ་སྡེ་ཅི་བཱ་ལུ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ས་རུད་དང་ ཆུ་རུད་ཐོན་ཡོདཔ་ལས་ ཉུང་ཤོས་ར་ མི་གྲངས་ ༨ དེ་ཅིག་ལུ་ ཤི་རྐྱེན་དང་ གཞན་མི་ ༥ ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ དབང་འཛིན་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཆརཔ་དེ་ལུ་བརྟེན་ཏེ་ ཁྱིམ་གུང་ ༢༠,༠༠༠ ལྷགཔ་ཅིག་གི་ གློག་མེ་བཀྲམ་སྤེལ་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ ཊི་ཀོ་ཡོ་ ན་རི་ཏ་ གནམ་ཐང་ནང་ འགྲུལ་པ་ ༧,༠༠༠ དེ་ཅིག་ཡང་ འཕུར་འགྲུལ་འབད་མ་ཚུགས་པར་ ལུས་ཡོདཔ་སྦེ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ […]

World News

ཟིམ་བབ་ཝིའི་ ཀ་རི་བཱ་མཚོ་ནང་ གྲུ་ཆུང་ཅིག་ ཐིམས་སོངཔ་ལས་ མི་གྲངས་ ༡༥ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༡༢ ལུ་ སྲོག་སྐྱབས་འབད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཟིམ་བབ་ཝིའི་ ཀ་རི་བཱ་མཚོ་ནང་ གྲུ་ཆུང་ཅིག་ ཐིམས་སོངཔ་ལས་ མི་གྲངས་ ༡༥ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས། དེ་ཡང་ ཤོག་འཛིན་བཙོང་མིའི་ ཐོ་བཀོད་དང་འཁྲིལཝ་ད་ གྲུ་ཆུང་དེ་ནང་ འགྲུལ་པ་ ༩༠ དང་ ལས་བྱེདཔ་ ༥ དེ་ཅིག་ཡོདཔ་ལས་ ལྗིད་ཚད་ལས་བརྒལ་བའི་སྟབས་ཀྱིས་ མགོ་མཇུག་ལོག་སྟེ་ ཡར་སོངཔ་སྦེ་ ཁྲིམས་སྲུང་འགག་སྡེ་གིས་ སྙན་ཞུ་འབད་ནུག། དེ་མ་ཚད་ མཚོའི་རྦ་རླབས་ ཤུགས་ཅན་ཅིག་གིས་ཡང་ མགོ་མཇུག་ལོག་སྟེ་ བཏང་ཡོད་པའི་སྐོར་ལས་ བརྙན་ཐུང་ཅིག་ནང་ གསལ་སྟོན་འབད་ཡོདཔ་སྦེ་ ཁྲིམས་སྲུང་འགག་སྡེ་གིས་ བཤད་ཡོདཔ་ཨིན་པས། ཟིམ་བབ་ཝིའི་ ས་མཚམས་ལུ་ཡོད་མི་ ཀ་རི་བཱ་མཚོ་དེ་ སྐྱེལ་འདྲེན་ལུ་ རྒྱབ་སྐྱོར་དང་ ཉ་བཟུང་ནི་ ཆུར་བརྟེན་གློག་མེ་ཚུ་གི་དོན་ལས་ འཛམ་གླིང་ནང་ མི་གིས་བཟོ་མི་ མཚོ་སྦོམ་ཤོས་ཅིག་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཀོ་ལོམ་བི་ཡ་ལུ་ ས་ཡོམ་སྦོམ་ཅིག་ རྐྱབ་མིའི་ནང་ མི་གྲངས་ ༡༣༢ དེ་ཅིག་ལུ་ ཤི་རྐྱེན་དང་ ༤༨༠ ལྷགཔ་ཅིག་ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༡༠ ལུ་ ཀོ་ལོམ་བི་ཡའི་ ནུབ་ཕྱོགས་མངའ་སྡེ་ ཅོ་ཀོ་ལུ་ ས་ཡོམ་ཤུགས་ཚད་ མེ་ནི་ཅཱུད་ ༧.༤ འབད་མི་ རྐྱབ་པ་ལུ་བརྟེན་ཏེ་ སྒྲིང་ཁྱིམ་ཚུ་ རམ་ཡར་སོངཔ་ལས་ ཉུང་ཤོས་ར་ མི་གྲངས་ ༡༣༢ དེ་ཅིག་ལུ་ ཤི་རྐྱེན་དང་ ༤༨༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། དེ་བཟུམ་མའི་ ས་ཡོམ་རྐྱབ་མི་དེ་ འདས་པའི་ལོ་ཚུ་གི་ནང་ལས་ ད་ཚུན་གྱི་བར་ན་ ས་ཡོམ་སྦོམ་ཤོས་ཅིག་ཨིནམ་ད་ ས་ཡོམ་དེ་ཡང་ ས་གནས་ཀྱི་ ཕྱི་རོའི་ཆུ་ཚོད་ ༧,༣༤ དེ་ཅིག་ཁར་ རྒྱབ་ཡོདཔ་སྦེ་ ས་ཁམས་རིག་པའི་ ཞབས་ཏོག་སྡེ་ཚན་གྱིས་ བཤད་ཡོདཔ་ཨིན་པས། ས་ཡོམ་དེ་ནང་ ཤི་རྐྱེན་མང་ཤོས་ར་ ཀོ་ལོམ་བི་ཡའི་ ཀོ་ཕི་འཛུགས་སྐྱོང་གི་ ལུང་ཕྱོགས་ས་ཁོངས་ པེ་རི་ར་ཁྲོམ་ཚོགས་ནང་ བྱུང་ཡོདཔ་མ་ཚད་ མཐའ་འཁོར་ཁྲོམ་སྡེ་ཚུ་དང་ ཝ་ལི་ཌིལ་ ཀའུ་ཀ་ལུང་ཕྱོགས་ནང་ཡང་ གནོད་སྐྱོན་བྱུང་ཡོདཔ་སྦེ་བཀོད་ནུག།

World News

ཡུ་ཀེ་རེན་གྱིས་ ར་ཤི་ཡ་ལུ་ ཌྲཱོན་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༣ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༡༠ ལུ་ ཡུ་ཀེ་རེན་གྱིས་ མཁའ་དམག་རང་སྒུལ་འཕྲུལ་ཆས་ ཌྲཱོན་ཚུ་གི་ཐོག་ལས་ ར་ཤི་ཡ་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༡༣ ལུ་ ཤི་རྐྱེན་དང་ ཨ་ལོ་ ༡ རྩིས་ཏེ་ མི་གྲངས་ ༧༥ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ ཡུ་ཀེ་རེན་ དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནིཛ་ནེ་ཀམཛ་ལུ་ཡོད་མི་ ས་སྣུམ་ཡང་བཙག་འཕྲུལ་ཁང་གི་ ས་ཁོངས་ནང་ ཡུ་ཀེ་རེན་ ཁོང་ར་གིས་ སྲུང་སྐྱོབ་འཕྲུལ་རིག་ཐོག་ལས་ བཟོ་སྐྲུན་འབད་མི་ ཌྲཱོན་ཨེཕ་པི་-༡ འབད་མི་ཚུ་ ལག་ལེན་འཐབ་ཐོག་ལས་ གནོད་འཚུབ་བཀལ་ཡི་ཟེར་ཨིན་པས། དེ་བསྒང་ ཡུ་ཀེ་རེན་གྱིས་ ར་ཤི་ཡ་ལུ་ བཟོ་གྲྭའི་མཐུན་རྐྱེན་ཚུ་དང་ སྡོད་ཁྱིམ་གྱི་ ས་ཁོངས་ཚུ་ནང་ཡང་ གནོད་འཚུབ་བཀལ་ཡོདཔ་སྦེ་ ར་ཤི་ཡ་གིས་ གཏན་འཁེལ་བཟོ་ནུག། དེ་གི་ཧེ་མ་ སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ཡང་ ཡུ་ཀེ་རེན་གྱིས་ ནིཛ་ནེ་ཀམཛ་ལུ་ཡོད་མི་ ས་སྣུམ་ཡང་བཙག་འཕྲུལ་ཁང་གི་ […]

World News

ཧོར་མུཛ་མཚོ་ལམ་ ལོག་སྒོ་ཕྱེ་ནིའི་ཐེད་ཁར་ ཡུ་ཨེཛ་གི་ ཁས་ལེན་ཚུ་ལུ་ རག་ལས་ནི།

ཨཱལ་ཇ་ཟི་ར། ཨི་རཱན་གྱི་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧོར་མུཛ་མཚོ་ལམ་གྱི་སྐོར་ལས་ ཨོ་མཱན་དང་གཅིག་ཁར་ མཐའ་དཔྱད་གྲོས་བསྟུན་འབད་བའི་བསྒང་ཨིན་རུང་ ཐབས་བྱུས་ཅན་གྱི་ མཚོ་ལམ་དེ་ ལོག་སྒོ་ཕྱེ་ནི་ལུ་ ཡུ་ཨེཛ་ལས་ ཡངས་ཆག་འཐོབ་དགོ་ཟེར་ཨིན་པས། སྤྱི་ཟླ་ ༨ པའི་ཚེས་ ༨ ལུ་ ཨི་རཱན་གྱི་ ཕྱི་འབྲེལ་བློན་པོ་ ཨ་བཛ་ཨ་ར་ཅི་གིས་ ཨོ་མཱན་དང་གཅིག་ཁར་ ཆིངས་ཡིག་བཟོ་ནི་གུ་ ལྷོད་ཡོད་རུང་ ཧོར་མུཛ་མཚོ་ལམ་ག་ར་ ལོག་ཕྱེ་ནིའི་ཐེད་ཁར་ སྤྱི་ཟླ་ ༦ པའི་ནང་བཟོ་མི་ གོ་དོན་ཆིངས་ཡིག་ལྟར་དུ་ ཡུ་ཨེཛ་གི་ ཁས་ལེན་ཚུ་ལུ་ རག་ལས་ནི་ཨིན་པའི་ གསལ་བཤད་འབད་ནུག། ཡུ་ཨེཛ་གིས་ ཨི་རཱན་དང་ མཉམ་འབྲེལ་མེད་པར་ ལྷོ་ཕྱོགས་ཨོ་མ་ནིའི་ མཚོ་ལམ་གྱི་དོན་ལུ་ རྒྱབ་སྐྱོར་འབད་མི་དང་ ཨིཛ་རེལ་གྱིས་ ལེ་བཱ་ནཱོན་ལུ་ གནོད་འཚུབ་བཀལ་མི་ དེ་ལས་ ཕྱི་རྒྱལ་ལུ་ཡོད་མི་ ཨི་རཱན་གྱི་ ཏི་རུ་བཀག་དམ་འབད་མི་ཚུ་ ལོག་བྱིན་མ་བཏུབ་མི་ལུ་ཡང་ སྐྱོན་བརྗོད་འབད་ཡོདཔ་ཨིན་པས། ཨི་རཱན་དམག་སྡེ་གིས་ ཧོར་མུཛ་མཚོ་ལམ་ ལོག་སྒོ་ཕྱེ་ནི་དེ་ རང་སོའི་ཐབས་ལམ་ཅིག་ཨིནམ་ལས་ ཨི་རཱན་དང་ ཨོ་མཱན་གྱི་བར་ན་ གྲོས་བསྟུན་འབད་མི་དང་ […]

World News

བེང་ཀོག་གི་ ཁྲོམས་ཟུར་ཅིག་ནང་ ན་གཞོན་ཅིག་གིས་ ཀྲོབ་མདའ་རྐྱབ་ཡོདཔ་ལས་ མི་ ༨ ལུ་ ཤི་རྐྱེན་དང་ ༢༢ ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༧ ལུ་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་གི་ ཁྲོམས་ཟུར་ཅིག་ནང་ ན་གཞོན་ཅིག་གིས་ ཀྲོབ་མདའ་ག་ལྷོད་རྐྱབ་པ་ལུ་བརྟེན་ཏེ་ མི་ ༨ ལུ་ ཤི་རྐྱེན་དང་ གཞན་མི་ ༢༢ ལུ་ རྨ་སྐྱོན་བྱུང་ཡོདཔ་ལས་ མཐའ་ཡས་ལེན་གྱི་ བློན་ཆེན་མཆོག་གིས་ ཀྲོབ་མདའ་ཚད་འཛིན་གྱི་ ཁྲིམས་ལུགས་གསརཔ་ཅིག་ གསར་བཏོད་འབད་ནི་ཨིན་པའི་ ཁས་བླངས་མཛད་ནུག། དེ་ཡང་ སྐྱེས་ལོ་ ༡༤ འབད་མི་ བུཚ་དེ་གིས་ ནཱོན་ཐ་བུ་རི་ལུ་ཡོད་མི་ དེབ་སི་རེན་ སློབ་གྲྭའི་ནང་ མ་འགྱོ་བའི་ཧེ་མ་ ཁྱིམ་གཅིག་ནང་སྡོད་མི་ ཁོ་རའི་ཨ་རྒས་ཨང་རྒས་ཚུ་ དམར་བསད་འབད་ཡོདཔ་ཨིན་པས། དེབ་སི་རེན་སློབ་གྲྭའི་ སློབ་ཕྲུག་ཅིག་ཨིན་མི་ བུཚ་དེ་གིས་ སློབ་གྲྭ་དེ་ནང་གི་ སློབ་དཔོན་ ༥ དམར་བསད་འབད་བའི་ཤུལ་ལས་ བུཚ་ཁོ་ར་ཡང་ རང་སྲོག་བཅད་ཡོདཔ་ད་ དེ་བསྒང་ རྨ་སྐྱོན་བྱུང་མི་ སློབ་ཕྲུག་ཅིག་ལུ་ཡང་ ཤི་རྐྱེན་བྱུང་ཡོད་པའི་ སྙན་ཞུ་འབད་ནུག། བློན་ཆེན་ཨ་ནུ་ཊིན་ ཅ་རཱན་ཝི་ར་ཀཱུལ་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ མི་མངའཛོམས་སར་ […]

Online now: 31 Today: 206 Total visitors: 2883