ArchiveAboutContact

Category: World News

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༢ ལུ་ ཤི་རྐྱེན་བྱུང་ཡོདཔ།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༡ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་དང་ ལུང་ཕྱོགས་ཚུ་ནང་ མི་ཛ་ཡེལ་དང་ མཁའ་དམག་འཕྲུལ་ཆས་ ཌྲཱོན་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༡༢ ལུ་ ཤི་རྐྱེན་དང་ ཨ་ལུ་ ༢ རྩིས་ཏེ་ མི་གྲངས་ ༢༠ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས། རྒྱལ་ས་ཀི་ཡིབ་ལུ་ ཤི་རྐྱེན་བྱུང་མི་ ༨ ཀྱི་གྲས་ལས་ ༦ དེ་ཅིག་ མཛོད་ཁང་ཅིག་ལུ་ གནོད་སྐྱོན་བྱུང་པའི་ཤུལ་ལས་ ཡུ་ཀར་ཟ་ལིཛ་ནི་སི་ཡ་ལས་སྡེའི་ རེལ་ལིའི་ལས་བྱེདཔ་ཨིནམ་ད་ དེ་བསྒང་ ཁྲོམ་སྡེའི་རྫོང་ཁག་ ༣ ནང་ མེ་རྐྱེན་བྱུང་ཡོདཔ་མ་ཚད་ བོ་རིཛ་པིལ་ཁྲོམ་ཁར་ཡང་ ཁང་ཚན་ཅན་གྱི་ སྒྲིང་ཁྱིམ་ཅིག་ལུ་ གནོད་སྐྱོན་བྱུང་ཡོདཔ་ལས་ མི་གྲངས་ ༤ ལུ་ ཤི་རྐྱེན་བྱུང་ནུག།

World News

ཡུ་ཨེཛ་གིས་ ཝེ་ནི་ཛུ་ལའི་ ས་སྣུམ་བེར་རེལ་ཐེར་འབུམ་ ༦༥ ཚད་འཛིན་འབད་ནི།

བི་བི་སི། ཡུ་ཨེཛ་དང་ ཝེ་ནི་ཛུ་ལའི་བར་ན་ ས་སྣུམ་གསོག་འཇོག་འབད་དེ་ཡོད་མི་ བེར་རེལ་ཐེར་འབུམ་ ༦༥ ལྷགཔ་ཅིག་ ཚད་འཛིན་གྱི་དོན་ལས་ ཆིངས་ཡིག་བཟོ་ཡོདཔ་སྦེ་ སྤྱི་ཟླ་ ༨ པའི་ཚེས་ ༢༩ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་མཆོག་གིས་ གསལ་བསྒྲགས་གནང་ནུག། དེ་བཟུམ་མའི་ རྒྱལ་རབས་ཅན་གྱི་ ཚོང་འབྲེལ་ལུ་བརྟེན་ཏེ་ ཨ་མི་རི་ཀ་ལུ་ ས་སྣུམ་གསོག་འཇོག་ ལོག་ལྟབ་ལྷགཔ་ཅིག་ ཡར་སེང་འགྱོ་ནི་ཨིནམ་ལས་ ཨ་མི་རི་ཀའི་ མི་སེར་ཚུ་གི་དོན་ལུ་ ས་སྣུམ་བཀྲམ་སྤེལ་ཡར་སེང་གུ་ གོང་ཚད་ཚུ་ཡང་ མར་འབབ་འགྱོ་ནི་ཨིནམ་སྦེ་ གསུངས་ཡོདཔ་ཨིན་པས།

World News

ནེ་པཱལ་ལུ་ ཆུ་རུད་དང་ ས་རུད་ཀྱི་ རྐྱེན་ངན་ནང་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་དང་ མང་རབས་ཅིག་ བྱང་སྟོར་ཤོར་ཡོདཔ།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༧ ལུ་ ནེ་པཱལ་རྒྱལ་ཁབ་ནང་ ཆུ་རུད་དང་ ས་རུད་ཚབས་ཆེན་གྱི་ རྐྱེན་ངན་བྱུང་པའི་ཤུལ་ལས་ ཉིན་གྲངས ༤ པ་ སྤྱི་ཟླ་ ༨ པའི་ཚེས་ ༢༩ ལུ་ ནེ་པཱལ་གྱི་ རྐྱེན་ངན་མར་ཕབ་དང་ འཛིན་སྐྱོང་དབང་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ མི་གྲངས་ ༦༢༦ དེ་ཅིག་ལུ་ ཤི་རྐྱེན་དང་ ༢,༤༦༢ དེ་ཅིག་ བྱང་སྟོར་ཤོར་ཡོདཔ་སྦེ་ཨིན་པས། གནས་ཚུལ་དེ་ བསྡུ་སྒྲིག་འབད་བའི་ དུས་ཚོད་ཁར་ ནེ་པཱལ་ཅི་ཏ་ཝཱན་མངའ་སྡེའི་ འགོ་དཔོན་ཚུ་གིས་ ཤི་རྐྱེན་བྱུང་མི་ཚུ་གི་ ཕུངམོ་ ༢༣༣ འཚོལ་ཐོབ་ཡོད་རུང་ ངོས་འཛིན་འབད་ནི་ལུ་ ལཱ་ཁག་གཏང་དོ་ཡོདཔ་ལས་ ཕུངམོ་ ༤ རྐྱངམ་གཅིག་ ངོས་འཛིན་འབད་ཡི་ཟེར་བཀོད་ནུག།

World News

ནེ་པཱལ་དང་ བོད་ཀྱི་ས་མཚམས་ལུ་ ཆུ་རུད་ཐོན་མི་དེ་ ཧི་མ་ལ་ཡའི་འཁྱེག་ཚུ་ བཞུ་ནི་དེ་གིས་ཨིནམ་སྦེ་བཤད་ཡོདཔ།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༧ ལུ་ མཚན་རིག་མཁས་མཆོག་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནེ་པཱལ་དང་ བོད་ཀྱི་ས་མཚམས་ལུ་ ཆུ་རུད་ཐོན་མི་དེ་ གཙོ་བོ་ར་ ཧི་མ་ལ་ཡའི་འཁྱེག་ཚུ་ མགྱོགས་དྲགས་སྦེ་ བཞུ་ནི་དེ་གིས་ འོང་ནི་མས་ཟེར་ཨིན་པས། མི་མང་ཤོས་ཅིག་གིས་ ས་རུད་དང་ ཆུ་རུད་ཚུ་ ས་ཡོམ་རྐྱབ་མི་ལུ་བརྟེན་ཏེ་ ཐོན་ཡོད་པའི་་ ཡིད་ཆེས་བསྐྱེདཔ་ཨིན་རུང་ ཡུ་ཨེཛ་ས་ཁམས་རིག་པ་ བརྟག་དཔྱད་ལས་ཁུངས་ཀྱིས་ ཁ་རུད་ཆད་ནི་དེགིས་ཨིནམ་སྦེ་ སྙན་ཞུའི་ནང་བཀོད་ནུག།

World News

ནེ་པཱལ་དང་ རྒྱ་ནག་གི་ བོད་ལུང་ཕྱོགས་ནང་ ཆུ་རུད་ཐོན་ཡོདཔ་ལས་ མི་ ༣༦༠ དེ་ཅིག་ལུ་ ཤི་རྐྱེན་དང་ ༡,༤༠༠ བྱང་སྟོར།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༨ པའི་ཚེས་ ༢༦ ལུ་ ནེ་པཱལ་དང་ རྒྱ་ནག་གི་ བོད་ལུང་ཕྱོགས་ནང་ ཆུ་རུད་ཐོན་མི་ལུ་བརྟེན་ཏེ་ སྤྱི་ཟླ་ ༨ པའི་ཚེས་ ༢༧ ལུ་ ཕུངམོ་ ༣༦༠ དེ་ཅིག་ ཐོབ་ཡོདཔ་ད་ མི་གྲངས་ ༡,༤༠༠ ལྷགཔ་ཅིག་ བྱང་སྟོར་ཤོར་ནུག། ནེ་པཱལ་གྱི་ དབང་འཛིན་ཚུ་གིས་ མི་གྲངས་ ༣༥༩ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ བཤད་ཡོད་མི་དེ་ཡང་ ཉེན་སྐྱོབ་སྡེ་ཚན་ཚུ་གིས་ འདམ་རྫབ་ནང་ལས་ འཚོལ་ཞིབ་འབད་བའི་སྐབས་ལུ་ མི་རོ་ཚུ་ ཐོབ་ཡོདཔ་ད་ ཁྱིམ་མཚེས་བོད་ལྗོངས་ནང་ མི་ ༣ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ བཤད་ཡོདཔཨིན་པས། དེ་སྦེ་ རྐྱེན་ངན་བྱུང་པའི་ཤུལ་ལས་ རྒྱ་ནག་གི་བློན་ཆེན་ ལི་ཀི་ཡང་དེ་ བོད་ལུང་ཕྱོགས་ཀྱི་ འདམ་རྫབ་ས་ཁོངས་ནང་ གློ་བུར་གྱི་ ཉེན་སྐྱོབ་དང་ གྲོགས་རམ་ཚུ་གི་ ལམ་སྟོན་འབད་ནིའི་དོན་ལུ་ ལྷོད་ཡོདཔ་ཨིན་པས། ནེ་པཱལ་གྱི་ ཁྲིམས་སྲུང་འགག་སྡེ་དང་ བལྟ་བཤལ་འགོ་དཔོན་ཚུ་གིས་ […]

World News

ཨི་རཱན་དང་ ཨོ་མཱན་ ༢ ཀྱི་བར་ན་ ཧོར་མུཛ་མཚོ་ལམ་གྱི་ ཆིངས་ཡིག་བཟོ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༢༦ ལུ་ ཨི་རཱན་དང་ ཨོ་མཱན་ ༢ ཀྱི་བར་ན་ ཧོར་མུཛ་མཚོ་ལམ་ བགོ་བཤའ་དང་ འོང་འབབ་ཚུ་གི་སྐོར་ལས་ ཆིངས་ཡིག་བཟོ་ཡོད་རུང་ ཡུ་ཨེཛ་གི་ཁ་ཐུག་ལས་ ངོས་ལེན་མ་འབད་བ་ཅིན་ མཚོ་ལམ་དེ་ ལོག་སྒོ་ཕྱེ་མི་ཚུགས་ནི་ཨིནམ་སྦེ་ ཨི་རཱན་དམག་སྡེ་གིས་ བཤད་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་ ༢ པའི་ནང་ དམག་འཁྲུག་འགོ་མ་བཙུགས་པའི་ཧེ་མ་ འཛམ་གླིང་ནང་ ས་སྣུམ་ཚུ་དང་ རང་བཞིན་རྫས་རླངས་ཚུ་ སྐྱེལ་འདྲེན་འབད་མི་ གྲུ་གཟིངས་ལྔ་དཔྱ་ ༡ ཨི་རཱན་དང་ ཨོ་མཱན་ ༢ ཀྱིས་ འཛིན་སྐྱོང་འཐབ་མི་ མཚོ་གླིང་བརྒྱུད་དེ་ འགྲུལ་སྐྱོད་འབད་མི་ཚུ་ ཚད་འཛིན་གྱི་དོན་ལུ་ བདུན་ཕྲག་ལས་བཅད་དེ་ གྲོས་བསྟུན་འབད་ནུག།

World News

པཱ་ཀིཛ་ཏཱན་གྱི་ སྨན་ཁང་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ ཨ་ལུ་རྨས་སྐྱེས་ ༡༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༦ གི་དྲོ་པ་ པཱ་ཀིཛ་ཏཱན་གྱི་རྒྱལ་ས་ ཨིཛ་ལ་མ་བཱད་ལུ་ སྨན་ཁང་གི་ ཁང་མིག་ཅིག་ནང་ མེ་རྐྱེན་བྱུང་ཡོདཔ་ལས་ ཉུང་ཤོས་ར་ ཨ་ལུ་རྨས་སྐྱེས་ ༡༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ ཁྲོམ་སྡེའི་ནང་ རྒྱལ་ཁབ་ཀྱི་ སྨན་ཁང་གཙོ་བོ་ཅིག་ཨིན་མི་ པཱ་ཀིཛ་ཏཱན་ གསོ་བའི་ཚན་རིག་སྤེལ་ཁང་གི་ སྒྲིང་ཁྱིམ་ཐོག་ཚད་ ༣ པའི་ནང་ཡོད་མི་ ཨའི་དང་ ཨ་ལུའི་ལས་ཚན་ལུ་ བྱུང་ཡོདཔ་ཨིན་པས། དེ་བསྒང་ ཨ་ལུའི་ནད་ཤག་ནང་ ཨ་ལུ་རྨས་སྐྱེས་ ༡༥ ཡོད་མིའི་གྲས་ལས་ ཨ་ལོ་རྨས་སྐྱེས་ ༡ སྲོག་སྐྱབས་འབད་ཚུགས་ཡོདཔ་ད་ མེ་རྐྱེན་དེ་ ཨ་ལུའི་ནད་ཤག་ནང་ཡོད་མི་ ཨེ་ཡར་ཀཱན་ཌི་ཤཱན་ (རླུང་འཕྲུལ་) ལས་ཚན་ཅིག་ལས་ བྱུང་ཡོདཔ་སྦེ་ སྨན་ཁང་གི་ མགྲིན་ཚབ་ཅིག་གིས་ གསལ་བཤད་འབད་ནུག།

World News

ར་ཤི་ཡ་གིས་ ཡུ་ཀེརེ་ན་གྱི་ ཚོང་ཁང་སྦོམ་ཅིག་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༦ དམར་བསད།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢༡  ལུ་ ར་ཤི་ཡ་གིས་ རང་སྒུལ་མཁའ་དམག་འཕྲུལ་ཆས་ཌྲཱོན་ཚུ་ ལག་ལེན་འཐབ་སྟེ་ ཡུ་ཀེ་རེན་གྱི་ས་གནས་ ཀི་རི་ཝི་རི་ཟེར་སར་ཡོད་མི་ ཚོང་ཁང་སྦོམ་ཅིག་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༡༦ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༣༠ ལུ་ རྨ་སྐྱོན་བྱུང་ནུག དེ་ཡང་ དེ་ཚེ་ནུབམོ་གཅིག་ར་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་གིས་ ཚོང་ཁང་རམ་འགྱོ་མིའི་ནང་ མི་མ་ཤི་བར་ གསོན་པོ་སྦེ་ཡོད་མི་ཚུ་ འཚོལ་ཐབས་འབད་ཡོད་རུང་ མི་གྲངས་ ༩ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས།   ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ དེ་བཟུམ་མའི་ གནོད་འཚུབ་ལན་ཐེངས་ ༢ རེ་ བཀལ་མི་དེ་ མནོ་བསམ་གཏང་མ་ཚུགས་པའི་ ལོག་ལྟ་ཅན་གྱི་ ལཱ་ངན་ཅིག་ཨིན་པས་ཟེར་ བཤད་ཡོདཔ་ད་ དེ་ཡང་ གནོད་འཚུབ་ཐེངས་དང་པའི་ཤུལ་ལས་ར་ ས་ཁོངས་དེ་ནང་ གློ་བུར་གྱི་ ལཱ་འབད་མི་ཚུ་ལུ་ དམིགས་གཏད་བསྐྱེད་དེ་བཀལ་ཡོདཔ་སྦེ་བཤད་ནུག།

World News

ནའི་ཇི་རི་ཡ་ལུ་ གྲུ་ཆུང་ཅིག་ མགོ་མཇུག་ལོག་སྟེ་ ཡར་སོངཔ་ལས་ མི་གྲངས་ ༥༠ དེ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ ནའི་ཇི་རི་ཡའི་ ནུབ་བྱང་མངའ་སྡེ་ སོ་ཀོ་ཊོ་ལུ་ གྲུ་ཆུང་ཅིག་ ལྗིད་ཚད་དྲགས་པའི་སྟབས་ཀྱིས་ མགོ་མཇུག་ལོག་སྟེ་ ཡར་སོངཔ་ལས་ མི་གྲངས་ ༥༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ མང་ཤོས་ཅིག་ ཨ་ལུ་ཚུ་ཨིན་པས། ནའི་ཇི་རི་ཡའི་ གྲུ་ཆུང་ཚུ་ལུ་ དེ་བཟུམ་མའི་ ཐུག་རྐྱེན་བྱུང་མི་དེ་ གཙོ་བོ་ར་ ཉམས་བཅོས་ལེགས་ཤོམ་མེད་མི་དང་ མི་མང་དྲགས་པའི་ཁར་ ཁྲིམས་ལུགས་ཚུ་ཡང་ བསྟར་སྤྱོད་མ་འབད་ནི་དེ་གིས་ བྱུང་དོ་ཡོདཔ་སྦེ་བཀོད་ནུག།

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ མི་ཛ་ཡེལ་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༦ ལུ་ ཤི་རྐྱེན་དང་ ༤༠ ལུ་རྨ་སྐྱོན།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་དང་ མཐའ་སྐོར་གྱི་ ལུང་ཕྱོགས་ཚུ་ནང་ དམིགས་གཏད་བསྐྱེད་དེ་ མི་ཛ་ཡེལ་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༦ དེ་ཅིག་ལུ་ ཤི་རྐྱེན་དང་ ༤༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ ཡུ་ཀེ་རེན་གྱི་ མཁའ་དམག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ ནུམམོ་གཅིག་གི་རིང་ལུ་ མགྱོགས་ཚད་ཅན་གྱི་ མི་ཛ་ཡེལ་ལེ་ཤ་ཅིག་ བཏང་ཡོདཔ་མ་ཚད་ ནུས་ཤུགས་ཅན་གྱི་ མི་ཛ་ཡེལ་ཚུ་དང་ མཁའ་དམག་རང་སྒུལ་འཕྲུལ་ཆས་ ཌཱོན་ ༡༦༨ དེ་ཅིག་ཡང་ བཏང་ཐོག་ལས་ གནོད་འཚུབ་བཀལ་ཡི་ཟེར་ཨིན་པས། དེ་བསྒང་ ཡུ་ཀེ་རེན་གྱི་ མཁའ་དམག་གིས་ ར་ཤི་ཡའི་ མཁའ་དམག་རང་སྒུལ་འཕྲུལ་ཆས་ ཌཱོན་བརྒྱ་ཆ་ ༩༠ དེ་ཅིག་དང་ མགྱོགས་ཚད་ཅན་གྱི་ མི་ཛ་ཡེལ་ལེ་ཤ་ཅིག་ ཕབ་བཏང་ཡོད་རུང་ ནུས་ཤུགས་ཅན་གྱི་ མི་ཛ་ཡེལ་ཚུ་གི་ཐེད་ཁར་ ག་དེམ་ཅིག་ བཏང་ཡི་ག་དང་ ག་དེམ་ཅིག་ ཕབ་བཏང་ཡི་ག་གི་སྐོར་ལས་ […]

Online now: 27 Today: 2646 Total visitors: 2646