ArchiveAboutContact

Category: World News

World News

ཤྲཱི་ལངྐའི་ བཙོན་ཁང་ནང་ ཟིང་འཁྲུག་ལངས་ཡོདཔ་ལས་ བཙོན་པ་ ༣ ལུ་ ཤི་རྐྱེན་དང་ ༢༣ ལུ་རྨ་སྐྱོན།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༧ ལུ་ བཙོན་པ་ལེ་ཤ་ཅིག་ཡོད་མི་ ཤྲཱི་ལངྐའི་ བཙོན་ཁང་ནང་ ཟིང་འཁྲུག་ལངས་ཡོདཔ་ལས་ བཙོན་པ་ ༣ ལུ་ ཤི་རྐྱེན་དང་ གཞན་མི་ ༢༣ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས། དེ་མ་ཚད་ སྤྱི་ཟླ་ ༨ པའི་ཚེས་ ༦ གི་ཕྱི་རུ་ལས་ ཤྲཱི་ལངྐའི་རྒྱལ་ས་ ཀོ་ལོམ་བོ་ལས་ ཀི་ལོ་མི་ཊར་ ༨༠ དེ་ཅིག་གི་ ས་ཁར་ཡོད་མི་ ཀུ་རུ་ཝེ་ཏ་ བཙོན་ཁང་ནང་ཡང་ ཟིང་འཁྲུག་ལང་ཡོདཔ་ལས་ བཙོན་པ་ ༢ ལུ་ ཤི་རྐྱེན་དང་ གཞན་མི་ ༡༠ ལུ་ རྨ་སྐྱོན་བྱུང་ནུག།

World News

ཧའུ་ཐི་ངོ་རྒོལཔ་ཚུ་གིས་ གནོད་འཚུབ་བཀལ་མིའི་ནང་ གཞུང་གི་དམག་མི་ ༣༠ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༦ ལུ་ ཧའུ་ཐི་ངོ་རྒོལཔ་ཚུ་གིས་ ཡེ་མེན་གྱི་ དབུས་ཕྱོགས་ལུ་ཡོད་མི་ ཡེ་མེན་གཞུང་གི་ དམག་སྒར་ཚུ་ནང་ གནོད་འཚུབ་བཀལ་ཡོདཔ་ལས་ དམག་མི་ ༣༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག། དེ་བཟུམ་སྦེ་ གཞུང་གི་དམག་མི་ཚུ་གིས་ཡང་ མ་རིབ་དང་ ཧ་ཌ་ར་མ་འཱུཊ་ མངའ་སྡེ་ལུ་ཡོད་མི་ ངོ་རྒོལཔ་ཚུ་གི་ སྡོད་སྒར་ལེ་ཤ་ཅིག་ནང་ ནུས་ཤུགས་ཅན་གྱི་ མི་ཛ་ཡེ་དང་ མཁའ་དམག་ཌྲཱོན་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་བ་ལུ་བརྟེན་ཏེ་ ངོ་རྒོལཔ་ཚུ་ལུ་ ཤི་རྐྱེན་དང་ རྨ་སྐྱོན་ཚུ་ བྱུངཡོད་རུང་ གྱངས་ཁ་གཏན་འཁེལ་སྦེ་ བཤད་མ་བཏུབ་ཨིན་པས།

World News

རྒྱ་གར་ཨ་སམ་མངའ་སྡེའི་ནང་ གནམ་བྱཱར་གྱི་ དུས་ཚོད་འདི་ཁར་ ཆུ་རུད་ལུ་བརྟེན་ཏེ་ མི་གྲངས་ ༩༥ ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི། རྒྱ་གར་གྱི་ ཨ་སམ་མངའ་སྡེའི་ནང་ འདས་པའི་ཆུ་ཚོད་ ༢༤ གི་རིང་ལུ་ ཆརཔ་མ་ཆདཔ་སྦེ་ར་ རྐྱབ་ནི་དེ་གིས་ མི་གྲངས་ ༦ ལུ་ ཤི་རྐྱེན་བྱུང་མི་རྩིས་ཏེ་ དུས་ཅི་ གནམ་བྱཱར་གྱི་ དུས་ཚོད་འདི་ཁར་ མི་གྲངས་བསྡོམས་ ༩༥ ལུ་ ཤི་རྐྱེན་བྱུང་ནུག། རྐྱེན་ངན་སྙན་ཞུ་དང་ བརྡ་དོན་འཛིན་སྐྱོང་རིམ་ལུགས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཨ་སམ་མངའ་སྡེའི་ རྫོང་ཁག་ལེ་ཤ་ཅིག་གི་ གྲོང་གསེབ་དང་ ཁྲོམ་སྡེ་ཚུ་ནང་ ཆུ་རུད་སྦོམ་སྦེ་ར་ ཐོན་ཡོདཔ་ལས་ དཀའ་ངལ་བྱུང་བཞིན་དུ་ཡོད་ཟེར་ཨིན་པས། དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ ཤི་རྐྱེན་བྱུང་མི་ མི་གྲངས་ ༦ གི་གྲས་ལས་ མི་ ༥ སྤྱིར་བཏང་ཆུ་རུད་ཀྱི་ གནས་སྟངས་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་བཟུམ་སྦེ་ བིཛ་ཝ་ནཱཐ་དང་ སི་ཝ་ས་གར་ རྫོང་ཁག་ ༢ ཀྱི་ནང་ མི་གྲངས་ ༢ རེ་དང་ གོ་ལ་གྷཊ་ལུ་ མི་ […]

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་ ༡༤ ལུ་ ཤི་རྐྱེན་དང་ ༢༧ ལུ་རྨ་སྐྱོན།

རོའི་ཊརཛ། སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ གློ་བུ་ཞབས་ཏོག་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ནུབ་ཅིག་གི་རིང་ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ མི་ ༡༤ ལུ་ ཤི་རྐྱེན་དང་ ༢༧ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ མཛོད་ཁང་ཚུ་ཡང་ གཏོར་བཏང་ནུག་ཟེར་ཨིན་པས། དེ་ཡང་ མི་སེར་ས་ཡ་ ༣ དེ་ཅིག་ཡོད་མི་ རྒྱལ་ས་ཀི་ཡིབ་ཀྱི་ ས་ཁོངས་ ༧ གྱི་ནང་ ནུབ་ཕྱེད་དེ་ཅིག་ཁ་ལས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ནི་ འགོ་བཙུགས་ཡོདཔ་སྦེ་ དམག་སྡེའི་བདག་སྐྱོང་གིས་ གསལ་བཤད་འབད་ནུག། ད་རུང་ རྒྱལ་ས་ཀི་ཡིབ་ཀྱི་ ས་ཁོངས་ལེ་ཤ་ཅིག་གི་ནང་ཡང་ གནོད་འཚུབ་བཀལ་ཡོདཔ་ལས་ མི་ ༡ ལུ་ ཤི་རྐྱེན་དང་ ༢༤ ལུ་ རྨ་སྐྱོན་བྱུང་པའི་ཁར་ སྒྲིང་ཁྱིམ་ལེ་ཤ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་སྦེ་ དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས། དེ་སྦེ་ གནོད་སྐྱོན་བྱུང་མི་ སྒྲིང་ཁྱིམ་ཚུ་གི་ […]

World News

ཡུ་ཀེ་རེན་གྱིས་ ར་ཤི་ཡ་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་ ༥ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༣ གྱི་ནུབ་མོ་ ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ སྤང་ཚལ་ནང་ཡོད་མི་ མཛོད་ཁང་ ༢ ལུ་ གནོད་འཚུབ་བཀལ་ཡོདཔ་མ་ཚད་ མོཛ་ཀོའི་ཉེ་འདབས་ལུ་ ར་ཤི་ཡ་གིས་ ཡོངས་འབྲེལ་ཐོག་ལས་ ཚོང་འབྲེལ་འཐབ་མི་ ས་ཁོངས་ཅིག་ལུ་ཡང་ གནོད་འཚུབ་བཀལ་ནུག། དེ་བཟུམ་སྦེ་ ལྷོ་ཕྱོགས་ཀེ་རིམ་ལེན་ལས་ ཀི་ལོ་མི་ཊར་ ༦༩ དེ་ཅིག་གི་ ས་ཁར་ཡོད་མི་ བཟོ་གྲྭ་འཕྲུལ་ཁང་ཅིག་ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༥ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་སྦེ་ ས་གནས་ཀྱི་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ཨིན་པས། དེ་མ་ཚད་ སེན་པེ་ཊརཛ་བཱག་དང་ ཊི་ཝར་ལུང་ཕྱོགས་ཚུ་ནང་ཡོད་མི་ སྤང་ཚལ་ས་ཁོངས་ གཞན་ཚུ་གི་ནང་ཡང་ གནོད་འཚུབ་བཀལ་ཡོདཔ་སྦེ་ འགོ་དཔོན་ཚུ་གིས་ གསལ་བཤད་འབད་ནུག། ཡུ་ཀེ་རེན་གྱིས་ དེ་ཚེ་ནུབ་གཅིག་ལུ་ མཁའ་དམག་རང་སྒུལ་འཕྲུལ་ཆས་ ཌྲཱོན་ ༣༢༠ དེ་ཅིག་ ར་ཤི་ཡ་ལུ་ བཏང་མི་ཚུ་ བཀག་ཆ་དང་ གཏོར་བཏང་ཡོདཔ་སྦེ་ […]

World News

ཨིན་ཌོ་ནེ་ཤི་ཡའི་ གྲུ་གཟིངས་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༥ ལུ་ ཤི་རྐྱེན་དང་ གཞན་མི་ ༤༡ བྱོར་སྟོར།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༢ ལུ་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༨.༤༤ དེ་ཅིག་ཁར་ འགྲུལ་པ་ ༢༥༠ འབག་མི་ ཨིན་ཌོ་ནེ་ཤི་ཡའི་ གྲུ་གཟིངས་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ཡོད་པའི་ཕུངམོ་ཚུ་ ཐོབ་ཡོད་རུང་ གཞན་མི་ ༤༡ གར་སོང་མེད་པར་ བྱང་སྟོར་ཤོར་ཡོདཔ་སྦེ་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ཨིན་པས། གྲུ་གཟིངས་དེ་ རྒྱལ་ཁབ་ཀྱི་ ཁྲོམ་ཚོགས་སྦོམ་ཤོས་ ༢ པ་ ཤར་ཇ་ཝ་ལུ་ཡོད་མི་ སུ་ར་མ་ཡ་ལས་ ལྷོ་སུ་ལུ་ཝེ་སི་ལུ་ཡོད་མི་ མ་ཀ་སར་ལུ་ འགྲུལ་སྐྱོད་འབད་བའི་སྐབས་ལུ་ མེ་རྐྱེན་དེ་ བྱུང་ཡོདཔ་སྦེ་ རྒྱལ་ཡོངས་འཚོལ་ཞིབ་དང་ ཉེན་སྐྱོབ་ལས་སྡེ་གིས་ སྙ་ཞུ་འབད་ནུག། གྲུ་གཟིངས་དེ་ཁར་ མེ་རྐྱེན་བྱུང་པའི་སྐབས་ལུ་ མི་དེ་ཚུ་གིས་ སྲོག་སྐྱོབ་ཇེ་ཀེཊ་གྱོན་ཏེ་ སྲོག་སྐྱབས་གྲུ་གཟིངས་ནང་ མཆོངས་ཡོདཔ་ད་ བྱུང་རྐྱེན་དེ་གིས་སྐོར་ལས་ གསལ་ཏོག་ཏོ་སྦེ་ ཤེས་མ་ཚུགསཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ར་ཤི་ཡ་ལུ་ བཟའ་ཁང་ཅིག་ནང་ རྫས་བམ་ཅིག་ འགས་ཡོདཔ་ལས་ མི་གྲངས་ ༣ ལུ་ཤི་རྐྱེན།

བི་བི་སི། ར་ཤི་ཡའི་རྒྱལ་ས་ མོཛ་ཀོ་ལུ་ཡོད་མི་ ཨི་ཊ་ལིའི་ བཟའ་ཁང་ཅིག་ནང་ ནང་བཟོའི་རྫས་བམ་ཅིག་ འགས་པ་ལུ་བརྟེན་ཏེ་ མི་གྲངས་ ༣ ལུ་ ཤི་རྐྱེན་དང་ གཞན་མི་ ༢༡ ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ ཁྲོམ་སྡེ་ལྟེ་བའི་ ཉེ་འདབས་ལུ་ཡོད་མི་ ཀུ་ཌྲིནཛ་ཀ་ཡའི་ ས་ཁོངས་ནང་ སྤྱི་ཟླ་ ༨ པའི་ཚེས་ ༡ ལུ་ ས་གནས་ཀྱི་ ཕྱི་རུའི་ཆུ་ཚོད་ ༨ དེ་ཅིག་ཁར་ བྱུང་ཡོདཔ་ད་ དེ་བསྒང་ རྫས་བམ་འབག་མི་ ཨམ་སྲུག་ཅིག་གིས་ ཟ་ཁང་ནང་ འཛུལ་ནི་གི་ རྩིས་རྐྱབ་ཡོད་རུང་ ཉེན་སྲུང་དམག་མི་ཚུ་གིས་ བཀག་བཞག་ཡོདཔ་ཨིན་པས། དེ་བསྒང་ བེལ་ཟི་རོ་སི་ཟེར་མི་ ཟ་ཁང་དེ་ནང་ སྒེར་གྱི་དགའ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་སྟེ་ སྡོད་ཡོདཔ་ད་ ཤི་རྐྱེན་བྱུང་མི་ཚུ་ཡང་ རྫས་བམ་འབད་མི་ ཨམ་སྲུ་མོ་ར་དང་ ཉེན་སྲུང་དམག་མི་ ༡ ལྟ་སྐོར་པ་ ༡ ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

པེ་རུ་ལུ་ བལྟ་བཤལཔ་འབག་མི་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་གྲངས་ ༡༣ ལུ་ཤི་རྐྱེན།

བི་བི་སི། པེ་རུ་ལུ་ བལྟ་བཤལཔ་འབག་མི་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ གནམ་གྲུའི་ནང་ འཕུར་འགྲུལ་འབད་མི་ མི་གྲངས་ ༡༣ པོ་ག་ར་ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡ ལུ་ སེནཛ་ན་ཀེ་ར་ཝཱན་ སི་-༢༠༨ འབད་མི་ གནས་གྲུ་དེ་ ནཱཛ་ཀ་ལ་ཡིནཛ་ མནའ་ཤུལ་ས་ཁོངས་ནང་ འཕུར་འགྲུལ་འབད་བའི་སྐབས་ལུ་ ཐུག་རྐྱེན་བྱུང་ཡོདཔ་ཨིན་པས། དེ་བསྒང་ གནམ་གྲུ་དེ་ནང་ འགྲུལ་པ་ ༡༡ དང་ གནམ་གྲུའི་དེད་དཔོན་ ༢ སྡོད་ཡོདཔ་ད་ འགྲུལ་པ་ཚུ་ཡང་ ཇར་མ་ནི་ལས་ ༢ དང་ སི་པེན་ལས་ ༢ ཨི་ཊ་ལི་ལས་ ༧ ཨིན་པས་ཟེར་བཀོད་ནུག། ད་ཚུན་གྱི་བར་ན་ གནམ་གྲུ་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ ཐུག་རྐྱེན་བྱུང་ཡོདཔ་ཨིན་ནའི་སྐོར་ལས་ གསལ་ཏོག་ཏོ་ཅིག་སྦེ་ མ་ཤེས་པར་ཡོདཔ་ཨིན་པས། ནཱཛ་ཀ་ལ་ཡིནཛ་ མནའ་ཤུལ་ས་ཁོངས་དེ་ བལྟ་བཤལཔ་ཚུ་གི་དོན་ལུ་ མཐོང་སྣང་ཡོངས་གྲགས་ཅན་དང་ ཡུ་ནིཛ་ཀོའི་ འཛམ་གླིང་སྲོལ་རྒྱུན་ས་ཁོངས་ཅིག་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

པ་ཀིཛ་ཏཱན་ལུ་ གངས་འཛེགས་འབད་མི་ ༤ ལུ་ ཤི་རྐྱེན་དང་ གཞན་མི་ ༤ བྱང་སྟོར།

ཨེན་ཌི་ཊི་ཝི། པ་ཀིཛ་ཏཱན་ ཀཤ་མིར་གྱི་ གངས་རི་བོ་རོཊ་ཟེར་སར་ གངས་འཛེགས་འབད་མི་ ༤ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ ༦ ཡང་ བྱང་སྟོར་ཤོར་ཡོདཔ་ད་ དེ་སྦེ་ བྱང་སྟོར་ཤོར་མིའི་གྲས་ཁར་ ༡ ནེ་པྱལ་ལས་ ཉམས་མྱོང་ཅན་གྱི་ གངས་འཛེགས་པ་ ནིར་མཱལ་པུར་ཇ་ཨིན་པས། དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༣༠ ལུ་ གངས་རི་མཐོ་ཚད་ མི་ཊར་ ༧,༠༠༠ དེ་ཅིག་གུ་ ཆརཔ་རྐྱབ་ནི་དེ་གིས་ མི་གྲངས་ ༨ འབད་མི་ གངས་འཛེགས་སྡེ་ཚན་དེ་ ཕྱགས་བདའ་ཡོདཔ་ཨིན་པས། དེ་བསྒང་ གངས་འཛེགས་འབད་མི་ཚུ་ཡང་ ནེ་པཱལ་ལས་ མི་གྲངས་ ༦ དང་ པ་ཀིཛ་ཏཱན་ལས་ ༡ ཨོ་མཱན་ལས་ ༡ ཨ་མི་རི་ཀ་ལས་ ༡ རྒྱ་ནག་ལས་ ༡ ཨིན་པས་ཟེར་བཀོད་ནུག།

World News

ཨི་རཱན་གྱིས་ ཧོར་མུཛ་མཚོ་གླིང་ནང་ གྲུ་གཟིངས་ཚུ་ བཀག་དམ་འབད་ཡོདཔ་ལས་ ས་སྣུམ་གྱི་ གོང་ཚད་ཡར་སེང་།

རོའི་ཊརཛ།སྤྱི་ཟླ་ ༧ པའི་ཚེས་ ༣༡ ལུ་ ཨི་རཱན་གྱིས་ གྲུ་ཆེན་ ༢ ཧོར་མུཛ་མཚོ་ལམ་ལས་ ཐོན་འགྱོ་ནི་འབད་མི་དེ་ བཀག་ཆ་འབད་ཡོདཔ་ལས་ ས་སྣུམ་གྱི་ གོང་ཚད་ཚུ་ ཡར་སེང་འགྱོ་བའི་ཁར་ བདུན་ཕྲག་འདི་ནང་ ཨི་ཇིབ་ཀྱི་ མེ་ཌི་ཊེ་རི་ཡན་ མཚོ་འགྲམ་ལུ་ཡང་ མཁའ་དམག་འཕྲུལ་ཆས་ ཌཱོན་གྱི་ཐོག་ལས་ གྲུ་གཟིངས་ཚུ་ལུ་ གནོད་འཚུབ་བཀལ་ནུག།དེ་འབདཝ་ལས་ འཛམ་གླིང་ནང་ ནུས་ཤུགས་བཀྲམ་སྤེལ་གྱི་དོན་ལུ་ ཚ་གྱང་ལང་དགོ་པའི་ གཞི་ཅིག་ལུ་ གྱུར་ཡོདཔ་ད་ ཨི་རཱན་གྱིས་འབད་བ་ཅིན་ ས་སྣུམ་སྐྱེལ་འདྲེན་འབད་མི་ གྲུ་གཟིངས་གཞན་ ༤ ཡང་ དམག་མི་ཚུ་གིས་ བར་འཛུལ་ཐོག་ལུ་ ལོག་འོང་ཡི་ཟེར་ཨིན་པས།དེ་ལས་ ས་སྣུམ་སྐྱེལ་འདྲེན་འབད་མི་ གྲུ་གཟིངས་སྦོམ་ཚུ་ ཨི་རཱན་དང་ ཨོ་མཱན་གྱི་བར་ན་ དོག་དྲགས་ཅིག་ཨིན་མི་ མཚོ་ལམ་བརྒྱུད་དེ་ འགྲུལ་བསྐྱོད་འབད་ཡོདཔ་ད་ འཛམ་གླིང་ནང་ མཚོ་ལམ་དེ་ཁ་ལས་ ནུས་ཤུགས་སྐྱེལ་འདྲེན་གྱི་ གྲུ་གཟིངས་ལྔ་དཔྱ་ ༡ འགྲུལ་བསྐྱོད་འབད་དོ་ཡོདཔ་སྦེ་བཀོད་ནུག།

Online now: 33 Today: 483 Total visitors: 3160