ArchiveAboutContact

Category: World News

World News

གཞི་གནས་སྤོ་སྟེ་ འགྱོ་དགོཔ་ཐོན་མི་ ག་ཟའི་མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ ཆར་ཆུ་གིས་སྡུག་གྱོང་།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༡༨ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་སྡེ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ག་ཟའི་ས་ཁོངས་ནང་ གཞི་གནས་སྤོ་སྟེ་ འགྱོ་དགོཔ་ཐོན་མི་ པེ་ལེཛ་ཊིན་གྱི་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ ཧེ་མ་ལས་ དཀའ་སྡུག་མྱོང་སྟེ་ཡོད་པའི་གུ་ ཧེང་སྐལ་ར་མྱོང་དགོཔ་ བྱུང་ནུག་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

རྒྱ་གར་གྱི་རྒྱལ་ས་ དིལླིའི་ས་ཁོངས་ནང་ བཙོག་རླུང་མར་ཕབ་འབད་ཐབས་ལུ་ སྣུམ་འཁོར་ཚུ་ འགྲུལ་སྐྱོད་བཀག་དམ།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ རྒྱ་གར་གྱི་རྒྱལ་ས་ དིལླི་ལུ་ཡོད་མི་ དབང་འཛིན་ཚུ་གིས་ བཙོག་རླུང་མར་ཕབ་འབད་ཐབས་ལུ་ ཐབས་ལམ་དམ་དྲགས་ཚུ་ བཏོན་ཡོདཔ་ད་ དེ་ཡང་ བཙོག་རླུང་བཀག་འཛིན་གྱི་ ལམ་ལུགས་གསརཔ་དང་འཁྲིལ་ཏེ་ གཞུང་སྒེར་གྱི་ ཡིག་ཚང་ཚུ་ནང་ འགྲུལ་སྐྱོད་འབད་མི་ སྣུམ་འཁོར་ཚུ་ བཀག་དམ་འབད་ནུག། དེ་ཡང་ མི་སེར་ས་ཡ་ ༣༠ དེ་ཅིག་ཡོད་མི་ དིལླི་ལུང་ཕྱོགས་ནང་ འདས་པའི་ཉིནམ་དག་པ་ཅིག་གི་རིང་ལུ་ རླུང་མའི་སྤུས་ཚད་དེ་ ཚབས་ཆེན་སྦེ་ར་ ཡར་འཕར་སོང་སྟེ་ ཁྲོམ་སྡེའི་ས་ཁོངས་ཚུ་ནང་ ས་སྨུག་སྟུག་དྲགས་ཅིག་ལུ་ གྱུར་ཡོདཔ་ལས་ གནམ་གྲུ་དང་ རེལ་ལི་ཚུ་ལུ་ཡང་ ཐོ་ཕོག་ཡོདཔ་ཨིན་པས། དེ་འབདཝ་ལས་ ཁྲོམ་སྡེ་དེ་ནང་ བཟོ་སྐྲུན་དང་ མི་མང་ལས་འགུལ་ དེ་ལས་ སློབ་གྲྭ་ཁག་གི་ནང་ ས་སྣུམ་ཌི་ཟཱལ་ ལག་ལེན་འཐབ་མི་ སྣུམ་འཁོར་ཊག་རྙིངམ་ཚུ་ཡང་ གནས་སྐབས་ཅིག་ འཛུལ་ཞུགས་འབད་ནི་ལས་ བཀག་དམ་འབད་ནུག། ས་གནས་གཞུང་གི་བློན་པོ་ ཀ་པིལ་མིཤ་ར་གིས་ གཞུང་དང་ སྒེར་སྡེའི་ཡིག་ཚང་གི་ ལཱ་བརྒྱ་ཆ་ ༥༠ དེ་ཅིག་ ཡིག་ཚང་ནང་དང་ […]

World News

ག་ཟ་ལུ་ ཆུ་རུད་ཀྱིས་ ཨ་ལོ་ ༣ བརྩིས་ཏེ་ མི་གྲངས་ ༡༤ དེ་ཅིག་ལུ་ཤི་རྐྱེན།

སི་ཨེན་ཨེན། སྤྱི་ཟླ་ ༡༢ པའི་ཚེས་ ༡༣ ལུ་ ག་ཟ་ལུ་ཡོད་མི་ གསོ་བའི་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་ མུ་ནིར་ཨཱལ་བོཤ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ཆུ་ཚོད་ ༧༢ ཀྱི་ ནང་འཁོད་ལུ་ ག་ཟ་ལུ་ གནམ་གཤིས་གནས་སྟངས་ ཚབས་ཆེན་ལུ་བརྟེན་ཏེ་ ཨ་ལོ་ ༣ བརྩིས་ཏེ་ མི་གྲངས་ ༡༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས། དེ་ཡང་ འདས་པའི་ལོ་ངོ་ ༢ ཀྱི་རིང་ལུ་ པེ་ལིཛ་ཊིན་གྱི་ མི་སེར་མང་ཤོས་ཅིག་ར་ གུར་དང་ གནས་སྐབས་ཀྱི་ སྡོད་སྒར་ཚུ་ནང་ སྤོ་བཤུད་འབད་ནི་ལས་ གདམ་ཁ་གཞན་མེད་པར་ ལུས་ཡོདཔ་སྦེ་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ […]

World News

སི་པེན་གྱི་ ཁྲིམས་སྲུང་འགག་སྡེ་གིས་ གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་ སྨྱོ་རྫས་ནག་ཚོང་འཐབ་མི་འཛིན་བཟུང་།

རོའི་ཊརཛ། སྥྱི་ཟླ་ ༡༢ པའི་ཚེས་ ༡༣ ལུ་ སི་པེན་གྱི་ ཁྲིམས་སྲུང་འགག་སྡེ་གིས་ མོ་རོ་ཀོ་ལས་ སྨྱོ་རྫས་ནག་ཚོང་འཐབ་ནིའི་དོན་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ ལག་ལེན་འཐབ་སྟེ་ བྱ་ངན་འབད་མི་ སྡེ་ཚན་ཅིག་ ཁ་བྱལ་བཏང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

མཐའ་ཡས་ལེན་གྱི་ བློན་ཆེན་གྱིས་ མི་སེར་ལུ་ དབང་ཚད་ལོག་སྤྲོད་ནིའི་དོན་ལས་ སྤྱི་ཚོགས་ཆ་མེད་གཏང་ནི།

བི་བི་སི། མཐའ་ཡས་ལེན་ལུ་ བདུན་ཕྲག་ ༡ དེ་ཅིག་གི་རིང་ལུ་ ས་མཚམས་བདའ་སྟེ་ ཀམ་བོ་ཌི་ཡ་དང་གཅིག་ཁར་ ཟིང་འཁྲུག་ལང་པའི་ཤུལ་ལས་ ཉིན་གྲངས་ ༤༥ ལས་ ༦༠ གི་ ནང་འཁོད་ལུ་ རྒྱལ་ཡོངས་བཙག་འཐུ་ འགོ་འདྲེན་འཐབ་ནིའི་དོན་ལས་ སྤྱི་ཚོགས་དེ་ ཆ་མེད་གཏང་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་གནང་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཀོང་གོ་ལུ་ གོ་མཚོན་འབག་མི་ ངོ་རྒོལ་སྡེ་མཚན་གྱིས་ གནོད་འཚུབ་བཀལ་མིའི་ནང་ མི་སེར་ ༤༠༠ ལྷགཔ་ཅིག་དམར་བསད།

ཨེ་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ལུ་ ལུང་ཕྱོགས་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཝཱན་ཌ་གིས་ རྒྱབ་སྐྱོར་ཐོག་ལས་ གོ་མཚོན་འབག་མི་ ངོ་རྒོལ་སྡེ་མཚན་གྱིས་ ཤར་ཕྱོགས་ཀོང་གོའི་མངའ་སྡེ་ ཀི་ཝུ་ལུ་ འཕྲོ་མཐུད་དེ་ར་ གནོད་འཚུབ་བཀལ་མིའི་ནང་ མི་སེར་ ༤༠༠ ལྷགཔ་ཅིག་ དམར་བསད་འབད་ནུག་ཟེར་ཨིན་པས། དེ་ཡང་ འདས་པའི་བདུན་ཕྲག་ནང་ ཝ་ཤིང་ཊཱོན་ལུ་སྦེ་ ཀོང་གོ་དང་ རུ་ཝཱན་ཌའི་ སྲིད་འཛིན་ ༢ ཀྱི་བར་ན་ ཞི་བདེའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོད་རུང་ གོ་མཚོན་འབག་མི་ སྡེ་ཚན་དེ་གིས་ གནོད་འཚུབ་བཀལ་ཡོདཔ་སྦེ་བཀོད་ནུག། རྒྱལ་སྤྱི་གསར་ཤོག་གི་ཐོག་ལས་ རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ སྐད་ཡིག་ཤན་སྦྱར་ གསལ་བསྒྲགས་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ […]

World News

མ་ཡན་མར་ལུ་ དྲག་པོའི་སྲིད་གཞུང་གིས་ མཁའ་དམག་ཐོག་ལས་ སྨན་ཁང་ཅིག་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༣༠ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ལུ་ ངོ་རྒོལ་སྡེ་ཚན་དང་ རོགས་རམ་སྡེ་ཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ མ་ཡན་མར་གྱི་ དྲག་པོའི་སྲིད་གཞུང་གིས་ ནུབ་ཕྱོགས་མངའ་སྡེ་ ར་ཁིན་གྱི་ སྨན་ཁང་སྦོམ་ཅིག་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ ནདཔ་ཚུ་བརྩིས་ཏེ་ མི་གྲངས་ ༣༠ དེ་ཅིག་ལུ་ ཤི་རྐྱེན་དང་ ༧༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༡༠ གྱི་ ཕྱི་རོ་ཁམས་ཅིག་ཁར་ དམག་སྡེའི་གནམ་གྲུ་ཅིག་གིས་ ར་ཁིན་མངའ་སྡེའི་ མ་རུག་ཁྲོམ་ཁར་ཡོད་མི་ སྨན་ཁང་དེ་ཁར་ གནམ་གྲུའི་ཐོག་ལས་ རྫས་བམ་བཀོག་ཡོདཔ་སྦེ་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ལྷོ་ཕྱོགས་རྒྱ་ནག་ལུ་ ཁང་ཚན་ཡོད་མི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༡༢ ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡༢ པའི་ཚེས་ ༡༠ ལུ་ གཞུང་འབྲེལ་བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ལྷོ་ཕྱོགས་རྒྱ་ནག་ལུ་ ཁང་ཚན་ཡོད་མི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༢ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས། དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༩ ལུ་ ཕྱི་རོའི་ཆུ་ཚོད་ ༩.༢༠ དེ་ཅིག་ཁར་ གུང་དོང་མངའ་སྡེའི་ ས་གནས་ཤཱན་ཏེའུ་ལུ་ ཐོག་ཚད་ ༤ འབད་མི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོད་མི་དེ་ ཕྱི་རོའི་ཆུ་ཚོད་ ༡༠ དེ་ཅིག་ཁར་ བསད་ཚུགས་ཡོདཔ་སྦེ་ ས་གནས་ཀྱི་ མེ་བསད་ལས་ཁུངས་ཀྱིས་ གསལ་བཤད་འབད་ནུག། མེ་རྐྱེན་དེ་ གུང་དོང་མངའ་སྡེའི་ ཁྱིམ་ཚང་ཨིན་མི་ ཧོང་ཀོང་ལུ་ འདས་པའི་ཟླཝ་ནང་ ཁང་ཚན་ཡོད་མི་ སྒྲིང་ཁྱིམ་ཐོག་ཚད་རིངམོ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༡༦༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས། ཅའུ་ནཱན་རྫོང་ཁག་ནང་ སྒྲིང་ཁྱིམ་ཐོག་ཚད་ ༤ […]

World News

ཨཱཛ་ཊེ་ལི་ཡ་ལུ་ ཨ་ལོ་ན་ཆུང་ཚུ་གི་དོན་ལས་ མི་སྡེ་བརྡ་བརྒྱུད་ཚུ་བཀག་དམ།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༡༠ ལས་ འགོ་བཙུགས་ཏེ་ ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ ཨ་ལོ་སྐྱེས་ལོ་ ༡༦ མན་ཆད་ཀྱི་དོན་ལས་ མི་སྡེ་བརྡ་བརྒྱུད་ཚུ་ བཀག་དམ་འབད་མི་དེ་ འཛམ་གླིང་ནང་ འགོ་དང་པ་ཨིན་པས། དེ་ཡང་ ཨ་ལོ་ན་ཆུང་ཚུ་གི་ འགྲུལ་འཕྲིན་ནང་ དྲོ་པ་ལས་ར་ མི་སྡེ་བརྡ་བརྒྱུད་ཀྱི་ ཁ་བྱང་ཚུ་མེདཔ་སྦེ་ མཐོང་ཡོད་རུང་ གཞུང་གི་ཁ་ཐུག་ལས་ སྔོན་གོང་ལས་ར་ གོ་བརྡ་སྤྲོད་གནང་ནི་དེ་གིས་ རྣམ་རྟོག་ལང་དགོཔ་ མ་བྱུང་པས་ཟེར་བཀོད་ནུག། ཁྲིམས་གསརཔ་དེ་གིས་ ན་ཆུང་ཚུ་གི་དོན་ལས་ མེ་ཊ་དང་ ཊིག་ཊོག་ ཡི་ཊུབ་ཚུ་གིས་གཙོས་པའི་ མི་སྡེ་བརྡ་བརྒྱུད་ཚུ་ བཀག་དམ་འབད་ཡོདཔ་ལས་ ཨཱཛ་ཊེ་ལི་ཡའི་ མི་སེར་ཚུ་གིས་ འོས་འབབ་ཅན་གྱི་ ཐབས་ལམ་ཚུ་ གཏོན་དགོཔ་སྦེ་ བཤདཔ་ཨིན་པས། ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ ཨ་ལོ་ཚུ་གི་ ཉེན་སྲུང་གི་དོན་ལས་ གནོད་ཉེན་ཆེ་བའི་ མི་སྡེ་བརྡ་བརྒྱུད་ཚུ་ བཀག་དམ་འབད་མི་ལུ་ འཛམ་གླིང་རྒྱལ་སྤྱིའི་ དབུ་ཁྲིདཔ་ཚུ་གིས་ དགའ་ཚོར་བསྐྱེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨཕ་ག་ནིཛ་དང་ པ་ཀིཛ་ཏཱན་གྱི་ ས་མཚམས་ཁར་ གཡིབ་དམག་ཚུ་གིས་ དམག་མི་ ༦ དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༩ ལུ་ ཨཕ་ག་ནིཛ་ཏཱན་གྱི་ ས་མཚམས་སྦོ་ལོགས་ཁར་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ཁ་ཐུག་ལུ་ གཡིབ་དམག་ཚུ་གིས་ དམག་མི་ ༣ དང་ ཁྲིམས་སྲུང་འགག་པ་ ༣ དམར་བསད་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་ ༡༠ པའི་ནང་ ས་མཚམས་ཁར་ ཟིང་འཁྲུག་ལང་སྟེ་ མི་གྲངས་ ༡༠ དེ་ཅིག་ དམར་བསད་འབད་བའི་ཤུལ་ལས་ པ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་ ༢ ཀྱི་བར་ན་ ཞི་བདེ་བཞག་ནི་ལུ་ དཀའ་ངལ་སྦོམ་སྦེ་ར་བྱུང་ནུག། གཡིབ་དམག་ཚུ་གིས་ པ་ཀིཛ་ཏཱན་གྱི་ ས་མཚམས་བདའ་སྟེ་ སྲུང་སྐྱོབ་དམག་མི་ཚུ་ལུ་ གནོདཔ་བཀལ་ནིའི་དོན་ལས་ ཨཕ་གྷ་ནིཛ་ཏཱན་གྱི་ ས་གཞི་ལག་ལེན་འཐབ་དོ་ཡོད་པའི་ ཁ་ཉེས་བཀལ་ཡོད་རུང་ ཨཕ་གྷ་ནིཛ་ཏཱན་གྱིས་ ངོས་ལེན་མ་འབད་བར་ཡོདཔ་ཨིན་པས། དུས་ཅི་ སྤྱི་ཟླ་ ༡༠ པའི་ནང་ལས་ ཨཕ་གྷ་ནིཛ་ཏཱན་དང་ པ་ཀིཛ་ཏཱན་ ༢ དུས་ཡུན་རིངམོ་སྦེ་ མཐུན་ཕྱོགས་སྦེ་ སྡོད་པའི་ཤུལ་ལས་ བདུན་ཕྲག་ཧེ་མའི་ནང་ […]

Online now: 19 Today: 354 Total visitors: 10384