ArchiveAboutContact

Category: World News

World News

བང་ལ་དེཤ་ རྒྱལ་ཁབ་སྤང་སྟེ་ ལོ་ངོ་ ༡༧ དེ་ཅིག་ ཕྱི་རྒྱལ་ལུ་སྡོད་མི་ ཏ་རིག་རཱ་མཱན་དེ་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ བློན་ཆེན་གྱི་ འདེམས་ངོ་སྦེ་འཐོན་ནི།

བི་བི་སི། ཏ་རིག་རཱ་མཱན་དེ་ ལོ་ངོ་ ༡༧ གྱི་རིང་ལུ་ རྒྱལ་ཁབ་སྤང་སྟེ་ ཕྱི་རྒྱལ་ལུ་ སྡོད་པའི་ཤུལ་ལས་ འཕྲལ་མགྱོགས་ར་ བང་ལ་དེཤ་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་བཙག་འཐུའི་ནང་ བློན་ཆེན་གྱི་ འདེམས་ངོ་སྦེ་ འཐོན་ནིའི་དོན་ལུ་ རྒྱལ་ཁབ་ནང་ ལོག་འོང་ནི་ཨིན་པས། སྐྱེས་ལོ་ ༦༠ འབད་མི་ ཏ་རིག་རཱ་མཱན་དེ་ མཚན་འཆང་འགོ་འཛིན་ ཟི་ཡའི་མི་བརྒྱུད་ཨིནམ་མ་ཚད་ བློན་ཆེན་བགྲེསཔ་ ཨམ་ཁ་ལེ་ད་ཟི་ཡའི་ བུ་ཡང་ཨིནམ་སྦེ་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཏཱན་ཟ་ནི་ཡར་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་ ༥ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༢༤ ལུ་ ཏཱན་ཟ་ནི་ཡའི་ གངས་རི་ཀི་ལི་མཱན་ཇ་རོ་ཟེར་སར་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་ ༥ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ གནམ་གྲུ་དེ་ གསོ་བའི་ཉེན་སྐྱོབ་ཀྱི་དོན་ལས་ འཕུར་འགྲུལ་འབད་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

World News

ཨ་མི་རི་ཀ་ལུ་ ཁྲིམས་འགལ་ཐོག་ལས་ ཚོང་འབྲེལ་དེད་གཡོག་པའི་ སྣུམ་འཁོར་ཆོག་ཐམ་འཆང་མི་ རྒྱ་གར་གྱི་ མི་ཁུངས་ ༣༠ འཛིན་བཟུང་།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡༢ པའི་ཚེས་ ༢༤ ལུ་ ཡུ་ཨེཛ་གི་ ས་མཚམས་སྐོར་སྲུང་པ་ཚུ་གིས་ ཨ་མི་རི་ཀ་ལུ་ ཁྲིམས་འགལ་ཐོག་ལས་ ཚོང་འབྲེལ་དེད་གཡོག་པའི་ སྣུམ་འཁོར་ཆོག་ཐམ་འཆང་མི་ རྒྱ་གར་གྱི་ མི་ཁུངས་ ༣༠ འཛིན་བཟུང་འབད་ནུག། དེ་བཟུམ་སྦེ་ འདས་པའི་བདུན་ཕྲག་ནང་ ཀེ་ལི་ཕོར་ནི་ཡ་ལུ་ ནང་སྐྱོད་སྒོ་ར་ཚུ་ནང་ སྣུམ་འཁོར་ཚུ་བཀག་སྟེ་ ཞིབ་དཔྱད་འབད་བའི་སྐབས་ལུ་ཡང་ ཁྲིམས་འགལ་ཐོག་ལས་ ཚོང་འབྲེལ་དེད་གཡོག་པའི་ སྣུམ་འཁོར་ཆོག་ཐམ་འཆང་མི་ ༤༩ འཛིན་བཟུང་འབད་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

གཡིབ་དམག་ཚུ་གིས་ གནོད་འཚུབ་བཀལ་ཏེ་ པ་ཀིཛ་ཏཱན་གྱི་ ཁྲིམས་སྲུང་འགག་པ་ ༥ དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༢༣ ལུ་ པ་ཀིཛ་ཏཱན་གྱི་ ཁྲིམས་སྲུང་འགག་པ་ཚུ་ རྒྱལ་ཁབ་ཀྱི་ ནུབ་བྱང་ཁ་ཐུག་ལུ་ སྣུར་འཁོར་ཝེན་ཅིག་ནང་ འགྲུལ་བསྐྱོད་འབདཝ་ད་ རྐུ་གསོད་ཐོག་ལས་ རྫས་བམ་ཅིག་ བཀོག་བའི་གུ་ ཀྲོབ་མདའ་ཡང་ རྐྱབ་ཡོདཔ་ལས་ ཁྲིམས་སྲུང་འགག་པ་ ༥ ཤི་རྐྱེན་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

མེག་སི་ཀོའི་ མཚོ་དམག་གི་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེད་བྱུང་མིའི་ནང་ མི་ ༥ ལུ་ཤི་རྐྱེན།

ཨེ་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༢༢ ལུ་ མེག་སི་ཀོའི་ མཚོ་དམག་གི་ གནམ་གྲུ་ཆུང་ཀུ་ཅིག་ ཊེག་སཱཛ་གི་ས་གནས་ གཱལ་ཝེཛ་ཊཱོན་གྱི་ རྒྱ་མཚོའི་མཐའ་མར་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ མེག་སི་ཀོའི་ མཚོ་དམག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བསྒང་ གནམ་གྲུ་དེ་ནང་ མི་གྲངས་ ༨ ཡོད་མིའི་གྲས་ལས་ མི་གྲངས་ ༥ ལུ་ ཤི་རྐྱེན་དང་ ༢ ལུ་ རྨ་སྐྱོན་བྱུང་ཡོདཔ་ད་ མི་ ༡ པོ་དེ་ གར་སོང་མེད་པར་ བྱང་སྟོར་ཤོར་ཏེ་ འཚོལ་མ་ཐོབ་པར་ཡོད་ཟེར་ཨིན་པས། དེ་སྦེ་ ཐུག་རྐྱེན་བྱུང་མི་ གནམ་གྲུ་དེ་ འགྲོ་བ་མི་སྡེའི་ དམིགས་བསལ་སྨན་བཅོས་ཀྱི་དོན་ལས་ སྐྱེལ་འདྲེན་འབད་ནི་ལུ་ ལས་འགན་ཅིག་ འགོ་འདྲེན་འཐབ་ཡོདཔ་སྦེ་ མེག་སི་ཀོའི་ མཚོ་དམག་གིས་ གསལ་བཤད་འབད་ནུག། ཐུག་རྐྱེན་དེ་ ས་གནས་ཀྱི་ ཉི་ཡོལ་ཆུ་ཚོད་ ༣ དེ་ཅིག་ཁར་ […]

World News

ར་ཤི་ཡ་ལུ་ རྫས་བམ་ཅིག་འགས་པའི་ རྐྱེན་ངན་ནང་ ར་ཤི་ཡའི་ དམག་སྤྱི་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༢༢ ཀྱི་དྲོ་པར་ ར་ཤི་ཡའི་རྒྱལ་ས་ མོཛ་ཀོ་ལུ་ སྣུམ་འཁོར་ཀར་གྱི་འོག་ལུ་ བཙུགས་བཞག་མི་ རྫས་བམ་ཅིག་འགས་པའི་ རྐྱེན་ངན་ནང་ ར་ཤི་ཡའི་ དམག་སྤྱི་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས། རྐྱེན་ངན་དེ་ལུ་ དབྱེ་ཞིབ་འབད་མི་ ཞིབ་དཔྱད་ཚོགས་ཆུང་གིས་ ཤི་རྐྱེན་བྱུང་མི་ གུང་བློན་ཕ་ནིལ་ སར་ཝ་རོབ་དེ་ ར་ཤི་ཡ་དམག་སྡེའི་ ལག་ལེན་སྦྱོང་བརྡར་ལས་ཁུངས་ཀྱི་ གཙོ་འཛིན་ཨིནམ་སྦེ་ གསལ་བཤད་འབད་ནུག། ཞིབ་དཔྱད་ཚོགས་ཆུང་གིས་ དབྱེ་ཞིབ་སྙན་ཞུའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བྱ་ངན་དེ་ཁར་ ཡུ་ཀེ་རེན་གྱི་ གསང་བའི་བརྡ་དོན་ཞབས་ཏོག་ཚུ་ གྲལ་གཏོགས་ཡོདཔ་སྦེ་ཨིན་རུང་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ ག་ནི་ཡང་ བཤད་མ་བཏུབ་ཨིན་པས། ཞིབ་དཔྱད་འབད་མི་ཚུ་ ར་ཤི་ཡའི་རྒྱལ་ས་ མོཛ་ཀོའི་ལྷོ་ཕྱོགས་ལུ་ རྐྱེན་ངན་བྱུང་སར་ བཏང་ཡོདཔ་བཞིན་དུ་ ཁོང་གིས་ སྙན་ཞུའི་ནང་ རྫས་བམ་དེ་ སྒྲིང་ཁྱིམ་ཅིག་གི་ ཉེ་འདབས་ལུ་ཡོད་མི་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་ འགས་ཡོདཔ་སྦེ་བཀོད་ནུག། ར་ཤི་ཡ་གིས་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ནང་ […]

World News

ཨིན་ཌོ་ནེ་ཤི་ཡ་ལུ་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་ཅིག་ རྦོབ་རིལ་འགྱོ་བའི་ རྐྱེན་ངན་ནང་ འགྲུལ་པ་ ༡༥ ལུ་ཤི་རྐྱེན།

ཨེ་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༢༢ ལུ་ ཨིན་ཌོ་ནེ་ཤི་ཡའི་ མཚོ་གླིང་ཇ་བ་ཟེར་སར་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་ཅིག་ རྦོབ་རིལ་འགྱོ་བའི་ རྐྱེན་ངན་ནང་ འགྲུལ་པ་ ༡༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག། དེ་བསྒང་ འགྲུལ་པ་ ༣༤ འབག་མི་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་དེ་ རྒྱལ་ས་ཇ་ཀར་ཊ་ལས་ རྒྱལ་འཛིན་ཁྲོམ་སྡེ་རྙིངམ་ ཡོག་ཡ་ཀར་ཊ་ཟེར་སར་ འགྲུལ་བསྐྱོད་འབད་བའི་བསྒང་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་རོབ་རྒྱལ་ཚོགས་ཀྱིས་ ཡུ་ཀེ་རེན་ལུ་ ཌོ་ལར་ཐེར་འབུམ་ ༡༠༥.༥ བསྐྱིན་འགྲུལ་བྱིན་ནི།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༡༢ པའི་ཚེས་ ༡༩ ལུ་ ཡུ་རོབ་རྒྱལ་ཚོགས་ཀྱི་ དབུ་ཁྲིད་ཚུ་གིས་ ཡུ་ཀེ་རེན་ལུ་ ཤུལ་མའི་ལོ་ ༢ ཀྱི་དོན་ལས་ དམག་སྡེ་དང་ དཔལ་འབྱོར་གྱི་ དགོས་མཁོ་ཚུ་ འགྲུབ་ཐབས་ལུ་ སྐྱེད་མེད་པའི་ སྐྱིན་འགྲུལ་བྱིན་ནི་སྦེ་ ཞལ་འཆམ་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

བང་ལ་དེཤ་ལུ་ ཡོངས་གྲགས་ཅན་གྱི་ གསར་ཤོག་ཡིག་ཚང་ལུ་ མེ་སྤར་ཡོདཔ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡༢ པའི་ཚེས་ ༡༨ ཀྱི་ནུབ་མོར་ བང་ལ་དེཤ་ལུ་ ཡོངས་གྲགས་ཅན་གྱི་ གསར་ཤོག་པོ་རོ་ཐོམ་ ཨ་ལོ་ཟེར་མིའི་ ཡིག་ཚང་ལུ་ ངོ་རྒོལ་འབད་མི་ཚུ་གིས་ མེ་སྤར་ཡོདཔ་ལས་ གསར་ཤོག་དེ་ དཔར་བསྐྲུན་འབད་ནི་དང་ ཡོངས་འབྲེལ་ཐོག་ལས་ ཁྱབ་སྤེལ་འབད་ནི་ཚུ་ག་ར་ གནས་སྐབས་ཅིག་ བཤོལ་བཞག་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཡུ་ཀེ་རེན་གྱིས་ ར་ཤི་ཡ་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༣ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༡༨ ལུ་ ཡུ་ཀེ་རེན་གྱི་ མཁའ་དམག་འཕྲུལ་ཆས་ ཌཱོན་གྱི་ཐོག་ལས་ ར་ཤི་ཡའི་ གྲུ་ཚུགས་དང་ ལུང་ཕྱོགས་རོཛ་ཊོབ་ཀྱི་ བ་ཊེ་སིག་ཁྲོམ་སྡེའི་ནང་ དོ་སྐྱེལ་འདྲེན་འབད་མི་ གྲུ་ཆེན་ཅིག་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ ལས་བྱེདཔ་ ༢ བརྩིས་ཏེ་ མི་གྲངས་ ༣ ལུ་ ཤི་རྐྱེན་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 3 Today: 225 Total visitors: 10255