ArchiveAboutContact

Category: World News

World News

རྒྱ་པཱན་ལུ་ སྤྱི་ཚོགས་ཀྱི་ སྒྲིང་ཁྱིམ་ནང་ ཨམ་སྲུའི་དོན་ལས་ ཆབ་གསང་མང་སུ་དགོ་པའི་ ཞུ་ཡིག་ཕུལ་ཡོདཔ།

བི་བི་སི།བློན་ཆེན་སེ་ནེ་ ཏ་ཀའི་ཅི་བརྩིས་ཏེ་ རྒྱ་པཱན་གྱི་ ཁྲིམས་བཟོ་ལྷན་སྡེའི་ནང་ འཐུས་མི་ཨམ་སྲུ་ ༦༠ ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ འཐུས་མི་ཨམ་སྲུ་ ཡར་སེང་འགྱོ་མི་དང་བསྟུན་ཏེ་ སྤྱི་ཚོགས་ཀྱི་ སྒྲིང་ཁྱིམ་དེ་ནང་ ཨམ་སྲུའི་དོན་ལུ་ ཆབ་གསང་མང་སུ་དགོ་པའི་སྐོར་ལས་ ཞུ་ཡིག་ཕུལ་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ གནོད་འཚུབབཀལ་ཏེ་ མི་ ༢ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༣ ལུ་ ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ ཁར་ཀིབ་ལུ་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ སྐྱེས་ལོ་ ༣ འབད་མི་ ཨ་ལོ་ཅིག་བརྩིས་ཏེ་ མི་གྲངས་ ༢ ལུ་ ཤི་རྐྱེན་དང་ ༢༨ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༢ ལུ་ ཕྱི་རོ་ཁམས་ཅིག་ཁར་ མི་ཛ་ཡེལ་ ༢ བཏང་སྟེ་ གནོད་འཚུབ་བཀལ་ཡོདཔ་ལས་ ཁྱིམ་ཐོག་ལེ་ཤའི་ནང་ཡོད་མི་ ཁང་ཚན་ཚུ་ག་ར་ མེདཔ་བཏང་ཡོདཔ་སྦེ་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ […]

World News

ཏཱ་ཡེ་ཝཱན་རྒྱལ་ཁབ་དེ་ རྒྱ་ནག་ལས་ སྲུང་སྐྱོབ་སྒྲིང་སྒྲིང་འབད་དགོ་པའི་ གནས་སྟངས་ཅིག་ལུ་གྱུར་ཡོདཔ།

རོའི་ཊརཛ།སྤྱི་ཟླ་ ༡ པའི་ཚེས་ ༡ ལུ་ ཏཱ་ཡེ་ཝཱན་གྱི་སྲིད་འཛིན་ ལའི་ཅིང་ཏི་མཆོག་གིས་ རྒྱ་ནག་གིས་ མཚོ་གླིང་རྒྱལ་ཁབ་ ཏཱ་ཡེ་ཝཱན་ཁ་ཐུག་ལུ་ རྫས་མདའ་རོ་ཀེཊ་ཚུ་ བཏང་ཐོག་ལས་ དམག་སྦྱོང་འབད་སའི་ ཆ་ཤས་ཅིག་སྦེ་ ལག་ལེན་འཐབ་མི་དེ་ བཀག་འཛིན་འབད་ཐབས་ལུ་ སྲུང་སྐྱོབ་སྒྲིང་སྒྲིང་འབད་དགོ་པའི་ གནས་སྟངས་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ གསུངས་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཨཕ་གྷ་ནིཛ་ཏཱན་ལུ་ ཆུ་རུད་ཀྱིས་ མི་གྲངས་ ༡༧ ལུ་ ཤི་རྐྱེན་དང་ ༡༡ ལུ་རྨ་སྐྱོན།

ཨེ་བི་སི།   སྤྱི་ཟླ་ ༡ པའི་ཚེས་ ༡ ལུ་ ཨཕ་གྷ་ནིཛ་ཏཱན་ རྒྱལ་ཡོངས་རྐྱེན་ངན་འཛིན་སྐྱོང་དབང་འཛིན་ལས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་དེ་ནང་ ཆརཔ་ཤུགས་སྦེ་ རྐྱབ་ཡོདཔ་ལས་ ཆུ་རུད་ཐོན་ཏེ་ མི་གྲངས་ ༡༧ ལུ་ ཤི་རྐྱེན་དང་ ༡༡ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་བཟུམ་སྦེ་ སྒོ་ནོར་སེམས་ཅན་ཚུ་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞི་རྟེན་མཁོ་ཆས་ཚུ་དང་ བཟའ་ཚང་ ༡,༨༠༠ དེ་ཅིག་ལུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ་ལས་ ཧེ་མ་ལས་ར་ གནས་སྟངས་སྐྱོ་དྲགས་ཡོད་པའི་གུ་ ཧེང་སྐལ་ར་ སྐྱོ་དྲགས་ཐལ་ཡོདཔ་སྦེ་བཀོད་ནུག། གཞུང་གི་ཁ་ཐུག་ལས་ གནོད་སྐྱོན་བྱུང་མི་ ས་ཁོངས་ཚུ་ནང་ བརྟག་ཞིབ་སྡེ་ཚན་ཚུ་ བཏང་ཡོདཔ་བཞིན་དུ་ ཁོངཆ་ཁྱབ་ཀྱིས་ དགོས་མཁོ་ཚུ་ཡང་ བརྟག་དཔྱད་འབད་དོ་ཟེར་ཨིན་པས། ཨཕ་གྷ་ནིཛ་ཏཱན་བཟུམ་སྦེ་ ཁྱིམ་མཚེས་རྒྱལ་ཁབ་ པ་ཀིཛ་ཏཱན་དང་ རྒྱ་གར་ལུ་ཡང་ གནམ་གཤིས་གནས་སྟངས་ ཚབས་ཆེན་ལུ་བརྟེན་ཏེ་ ཆུ་རུད་འཐོན་ནི་གི་ ཉེན་ཁ་སྦོམ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

སུ་ཡིད་ཛར་ལེན་ལུ་ འགས་རྐྱེན་ཅིག་བྱུང་སྟེ་ མི་གྲངས་ ༤༠ དེ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༡ ལུ་ སུ་ཡིད་ཛར་ལེན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཆང་ཁང་ཅིག་ནང་ འགས་རྐྱེན་ཅིག་བྱུང་སྟེ་ མི་གྲངས་ ༤༠ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༠༠ དེ་ཅིག་ལུ་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ནུག་ཟེར་ཨིན་པས། དེ་ཡང་ སུ་ཡིད་ཛར་ལེན་གྱི་ ལྷོ་ནུབ་ཁ་ཐུག་ལུ་ཡོད་མི་ སི་ཀི་སྐྱིད་གནས་ནང་ སྤྱི་ལོ་གསར་ཚེས་ཀྱི་ ཟས་སྟོན་བརྩི་སྲུང་སྐབས་ལུ་ མི་མང་ལེ་ཤ་ཅིག་ སྤུངས་འཛོམས་འབད་བའི་སྦུག་ན་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༡.༣༠ དེ་ཅིག་ཁར་ འགས་ཡོདཔ་སྦེ་བཀོད་ནུག། མེ་རྐྱེན་དེ་ནང་ རྨ་སྐྱོན་བྱུང་མི་ཚུ་གི་གྲས་ལས་ མང་ཤོས་ཅིག་ར་ གནས་སྟངས་འཚུབ་དྲགས་སྦེ་ཡོདཔ་ལས་ སྨན་བཅོས་ཚུ་ ག་དེ་དྲག་དྲག་སྦེ་ ལག་ལེན་འཐབ་དོ་ཡོད་རུང་ ལེ་ཤ་ཅིག་ལུ་ར་ ཤི་རྐྱེན་འབྱུང་ནི་བཟུམ་ཅིག་འདུག་ཟེར་ཨིན་པས། དེ་བསྒང་ སྨན་བཅོས་སྣུམ་འཁོར་ ༤༠ དང་ གནམ་གྲུ་ཧེ་རི་ཀོབ་ཊར་ ༡༠ དེ་ཅིག་ བཀྲམ་སྤེལ་འབད་ཡོདཔ་ད་ བྱུང་རྐྱེན་དེ་གི་སྐོར་ལས་ ཁ་གསལ་སྦེ་ ཧ་མ་གོ་རུང་ དབང་འཛིན་ཚུ་གིས་ རྐྱེན་ངན་བཟུམ་ཅིག་སྦེ་ བརྩི་འཇོག་འབད་ནུག་ཟེར་ […]

World News

གའི་ནེ་ཡ་ རྒྱལ་ཁབ་ནང་ སྲིད་འཛིན་བཙག་འཐུའི་ནང་ལས་ དམག་སྤྱི་མ་མ་ཌི་ ཌོམ་བོ་ཡ་གིས་ རྒྱལ་ཁ་ཐོབ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༣༡ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་གྲུབ་འབྲས་ གསལ་བསྒྲགས་འབད་བའི་ནང་གསལ་ ལྷོ་ཨཕ་རི་ཀ་ གའི་ནེ་ཡ་ རྒྱལ་ཁབ་ཀྱི་ དམག་སྡེའི་གཙོ་འཛིན་ དམག་སྤྱི་མ་མ་ཌི་ ཌོམ་བོ་ཡ་གིས་ སྲིད་འཛིན་བཙག་འཐུའི་ནང་ལས་ ཚོགས་རྒྱན་བརྒྱ་ཆ་ ༨༦.༧ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

བང་ལ་དེཤ་གི་ ཨམ་སྲུ་བློན་ཆེན་དང་པ་ ཨམ་ཁ་ལེ་ད་ ཟི་ཡ་དེ་ དགུང་ལོ་ ༨༠ ལུ་གཤགས་ཡོདཔ།

བི་བི་སི། བང་ལ་དེཤ་གི་ ཨམ་སྲུ་བློན་ཆེན་དང་པ་ ཨམ་ཁ་ལེ་ད་ ཟི་ཡ་དེ་ དུས་ཡུན་རིངམོ་སྦེ་ བསྙུངས་པའི་ཤུལ་ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༣༠ ལུ་ དྲོ་པའི་ཆུ་ཚོད་ ༦ དེ་ཅིག་ཁར་ དགུང་ལོ་ ༨༠ འི་ཐོག་ལུ་ གཤགས་སོངཔ་ཨིན་པས། སྤྱི་ཟླ་ ༡༢ པའི་ཚེས་ ༢༨ ཀྱི་ ཕྱི་རོ་ཁམས་ཅིག་ཁ་ལས་ ཨམ་ཟི་ཡའི་ གནས་སྟངས་དེ་ སྐྱོ་དྲགས་ཐལ་བའི་གུ་ ལོ་ཚད་དང་ སྤྱིར་བཏང་འཕྲོད་བསྟེན་ཚུ་ཡང་ ལེགས་ཤོམ་མེདཔ་ལས་ སྨན་བཅོས་ག་ར་ སྟབས་གཅིག་ཁར་འབད་ནི་ལུ་ དཀའ་ངལ་བྱུང་ཡོད་པའི་སྐོར་ལས་ གསོ་བའི་དྲུང་འཚོ་ཚུ་གིས་ གསལ་བཤད་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ […]

World News

ཨིན་ཌོ་ནེ་ཤི་ཡ་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༦ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡༢ པའི་ཚེས་ ༢༨ ཀྱི་ཕྱི་རོ་ ས་གནས་ཀྱི་ ཆུ་ཚོད་ཕྱེད་དང་ ༩ དེ་ཅིག་ཁར་ ཨིན་ཌོ་ནེ་ཤི་ཡའི་ སུ་ལུ་ཝི་སི་ མངའ་སྡེའི་རྒྱལ་ས་ མ་ན་ཌོ་ ཁྲོམ་སྡེའི་ནང་ཡོད་མི་ དཱ་མའི་དགོངས་ཞུ་སྡོད་ཁྱིམ་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༦ ལུ་ ཤི་རྐྱེན་བྱུང་ནུག། དེ་སྦེ་ མེ་རྐྱེན་བྱུང་མི་ སྒྲིང་ཁྱིམ་དེ་ནང་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་མི་ རྒན་རྒས་ཚུ་ སྡོད་དོ་ཡོདཔ་ད་ མེ་རྐྱེན་དེ་གི་ བྱུང་རྐྱེན་སྐོར་ལས་ ཧ་མ་གོ་བར་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

མཐའ་ཡས་ལེན་དང་ ཀམ་བོ་ཌི་ཡའི་བར་ན་ དམག་འཁྲུག་མཚམས་འཇོག་གི་ཆིངས་ཡིག།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༢༧ ལུ་ མཐའ་ཡས་ལེན་དང་ ཀམ་བོ་ཌི་ཡའི་བར་ན་ ས་མཚམས་བདའ་སྟེ་ དམག་འཁྲུག་ལང་མི་དེ་ མཚམས་འཇོག་འབད་ནི་ལུ་ ཞལ་འཆམས་བྱུང་ནུག། དེ་ཡང་ ཤར་ལྷོ་ཨེ་ཤི་ཡའི་ རྒྱལ་ཁབ་ ༢ ཀྱི་བར་ན་ མཁའ་དམག་གནམ་གྲུ་དང་ ས་ཐོག་སྟོབས་དང་བཅས་པའི་ མི་ཛ་ཡེལ་ཚུ་ ལག་ལེན་འཐབ་སྟེ་ དམག་འཁྲུག་ཚབས་ཆེན་སྦེ་ར་ ལང་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

མ་ལེ་ཤི་ཡའི་ བློན་ཆེན་བགྲེསཔ་ ན་ཇིབ་ར་ཟག་གིས་ མ་དངུལ་ལོག་སྤྱོད་འབད་བའི་ ཉེས་འཛུགས་ཐོག་ལུ་ བཙོན་ཁྲིམས་བཀལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ མ་ལེ་ཤི་ཡའི་ བློན་ཆེན་བགྲེསཔ་ ན་ཇིབ་ར་ཟག་གིས་ མ་དངུལ་ལོག་སྤྱོད་འབད་བའི་ ཉེས་འཛུགས་ཐོག་ལུ་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས། དེ་ཡང་ མ་ལེ་ཤི་ཡ་དང་ ཡུ་ཨེཛ་གི་ ཞིབ་དཔྱད་འབད་མི་ཚུ་གིས་ སྤྱི་ལོ་ ༢༠༠༩ ལོར་ བློན་ཆེན་སྦེ་ སྡོད་པའི་སྐབས་ལུ་ གཞུང་གི་མ་དངུལ་ཐོག་ལས་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༤.༥ དེ་ཅིག་ ཨར་རྐུན་འབད་ཡོདཔ་སྦེ་ སྙན་ཞུའི་ནང་བཀོད་ནུག། དེ་མ་ཚད་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༡ ལྷགཔ་ཅིག་ཡང་ བློན་ཆེན་བགྲེསཔ་ ན་ཇིབ་ར་ཟག་དང་ འབྲེལ་བ་ཡོད་པའི་ དངུལ་ཁངགི་ རྩིས་ཁྲའི་ནང་ བཙུགས་ཡོད་པའི་ ཉེས་འཛུགས་བཀལ་ཡོད་རུང་ ཁོ་གིས་ ངོས་ལེན་འབད་མ་བཏུབ་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 31 Today: 96 Total visitors: 10126