ArchiveAboutContact

Category: World News

World News

རྒྱ་གར་གྱི་ཁྲོམ་སྡེ་ མུམ་བཱའི་ལུ་ ཆར་ཆུ་ཆེ་བའི་སྟབས་ཀྱིས་ མི་མང་ལུ་གནོད་སྐྱོན།

བི་བི་སི། གནམ་བྱཱར་གྱི་ དུས་ཚོད་ཨ་ནེམ་ཅིག་ཁར་ རྒྱ་གར་གྱི་ཁྲོམ་སྡེ་ མུམ་བཱའི་དང་ ཉེ་འདབས་ཀྱི་ ས་གནས་ཚུ་ནང་ ཆར་ཆུ་འབོལ་དྲགས་སྦེ་ རྐྱབ་མི་ལུ་བརྟེན་ཏེ་ མི་ས་ཡ་ལས་བཅད་མི་ཚུ་ལུ་ བར་ཆད་བྱུང་ནུག། དེ་ཡང་ ཁྲོམ་སྡེའི་ས་གནས་ ལེ་ཤ་ཅིག་ནང་ ཆརཔ་མ་ཆད་པར་ རྐྱབ་ནི་དེ་གིས་ ཆུ་རུད་ཚུ་ འཐོན་བཞིན་དུ་ཡོད་པའི་ཁར་ ད་རུང་ ཉིན་གྲངས་ ༥ གི་རིང་ལུ་ ཆར་ཤུགས་སྦེ་ར་ རྐྱབ་ནི་ཨིན་པའི་ སྔོན་དཔག་ཐོག་ལུ་ རྒྱ་གར་གྱི་ གནམ་གཤིས་ལས་ཁུངས་ཀྱིས་ ཉེན་བརྡ་འབད་ཡོདཔ་ཨིན་པས། དེ་འབདཝ་ལས་ རྒྱལ་ཡོངས་རྐྱེན་ངན་གདོང་ལན་སྡེ་ཚན་གྱིས་ རྒྱལ་ཁབ་ནང་ མི་མང་གི་ ཚེ་སྲོག་ལུ་ གནོད་ཉེན་སྲུང་ཐབས་ལུ་ མཁས་མཆོག་སྡེ་ཚན་ཅིག་ཡང་ ཁྲོམ་སྡེའི་ནང་ བགོ་བཀྲམ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡའི་ ཨམ་སྲུ་ཅིག་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་ཀིབ་ལུ་ རྫས་བམ་བཀོག་སའི་ ས་ཁོངས་ནང་ལས་ཉེན་སྐྱོབ།

བི་བི་སི། ར་ཤི་ཡའི་ ཨམ་སྲུ་གཅིག་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀིབ་ཁྲོམ་སྡེའི་ རྫས་བམ་གྱི་ ས་ཁོངས་ནང་ལས་ ཉེན་སྐྱོབ་འབད་ཚུགས་ཡོདཔ་ཨིན་པས། དེ་ཡང་ ར་ཤི་ཡ་དང་ ཡུ་ཀེ་རེན་ རྒྱལ་ཁབ་ཀྱི་ མི་ཁུངས་ཨིན་མི་ བཟའ་ཚང་དེ་ ཡུ་ཀེ་རེན་ལུ་ སྡོད་ཡོད་རུང་ དམག་འཁྲུག་ལུ་བརྟེན་ཏེ་ བཟའ་ཚང་དེ་ ཁ་ཕྱལ་བཏང་ཡོདཔ་ད་ ར་ཤི་ཡ་ལས་ཨིན་མི་ ཨམ་ཨི་ཀ་ཏེ་རི་ན་ ཝཱོལ་ཀོ་ཝ་དེ་ མཁའ་དམག་ཐོག་ལས་ དྲག་བཅོས་འབདཝ་ད་ རྨ་སྐྱོན་བྱུང་སྟེ་ ལུས་ཡོད་རུང་ ཡུ་ཀེ་རེན་ལས་ཨིན་མི་ མོ་གི་རྨགཔ་དེ་ལུ་ ཤི་རྐྱེན་བྱུང་ནུག། མོ་གིས་ མོ་སྡོད་སའི་ སྒྲིང་ཁྱིམ་དེ་ནང་ ར་ཤི་ཡ་གིས་ རྫས་བམ་བཀོག་མི་དེ་ ལན་ཐེངས་ ༢ པ་ཨིན་ཟེར་ སླབ་ཡོདཔ་མ་ཚད་ སྤྱི་ཟླ་ ༤ པའི་ནང་ སྒྲིང་ཁྱིམ་དེ་ཁར་ བརྡ་བརྒྱུདཔ་ཅིག་ལུ་ཡང་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས། དེ་མ་ཚད་ ཡུ་ཀེ་རེན་གྱི་ དབང་འཛིན་པ་ཚུ་གིས་ཡང་ ར་ཤི་ཡ་གིས་ བརྟག་དཔྱད་ག་ནི་ཡང་མེད་པར་ རྫས་བམ་ག་ལྷོད་སྦེ་ བཀོག་ཞིམ་ལས་ ར་ཤི་ཡ་ ཁོང་རའི་མི་ཁུངས་ཚུ་ཡང་ བསད་ནི་གི་ དམིགས་གཏད་བསྐྱེད་ཡོད་པའི་སྐོར་ལས་ […]

gyalchi
World News

ཡུ་ཨེཛ་ཨིན་ཌི་ཡ་ན་ཟེར་སར་ མེ་སྦྱང་ས་གོའི་ནང་ལས་ མི་རོ་ ༣༡ ཐོབ་ཡོདཔ།

ཧིན་དྷཱུཛ་ཏཱན། ཡུ་ཨེཛ་ཨིན་ཌི་ཡ་ན་ཟེར་སར་ མེ་སྦྱང་ས་གོའི་ནང་ མི་རོ་ ༣༠ ལྷགཔ་ཅིག་ ཐོབ་ཡོདཔ་མ་ཚད་ ལ་ལོ་ཅིག་ རུལ་ཡོདཔ་སྦེ་ མཐོང་པའི་ཤུལ་ལུ་ ཁྲིམས་སྲུང་འགག་སྡེ་གིས་ ཞིབ་དཔྱད་འབད་དོ་ཡོདཔ་ཨིན་པས། རྒྱལ་ཁབ་ཀྱི་ གློ་བུར་ཤི་རྐྱེན་ ཞིབ་དཔྱད་ཡིག་ཚང་གི་ སྙན་ཞུ་ཅིག་དང་འཁྲིལ་བ་ཅིན་ སྒྲིང་ཁྱིམ་ནང་ལས་ དྲིམ་སྡུག་ཁིག་ཁི་ཅིག་ མནམ་ཡོདཔ་མ་ཚད་ མི་རོ་ལ་ལོ་ཅིག་ སྤྱི་ཟླ་ ༣ པའི་ནང་ལས་ར་ མེ་སྦྱང་ས་གོ་དེ་ནང་ མཐོང་ཡོདཔ་སྦེ་ བཀོད་ཡོདཔ་ད་ མི་རོ་ ༡༦ དེ་ཅིག་ མེར་བཏང་བཏང་པའི་ ལྷག་ལུས་ཚུ་ཡང་ མཐོང་ཡོདཔ་སྦེ་ བཀོད་ནུག་ཟེར་ འགག་སྡེའི་ལིང་དཔོན་ ཨི་སཱག་པར་ཀར་གྱིས་ བཤད་ཡོདཔ་ཨིན་པས། དེ་བཟུམ་མའི་ མཐོང་སྣང་དེ་ སེམས་ཕམ་སི་སི་ཅིག་ཨིན་པའི་ཁར་ གནས་སྟངས་དེ་ཡང་ རྩ་ལས་ར་ ལེགས་ཤོམ་ཅིག་མིནམ་ལས་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་གི་ ལྷོ་ཕྱོགས་རྒྱ་མཚོའི་ནང་ རླུང་འཚུབ་དྲག་པོ་ཅིག་གིས་ ཆུ་གྲུ་དྲ་དུམ་ ༢ ལུ་ ཕྱལ་བཏང་ཡོདཔ་ལས་ ལས་བྱེདཔ་ཚུ་བྱང་སྟོར།

ཨེན་ཌི་ཊི་ཝི།སྤྱི་ཟླ་ ༧ པའི་ཚེས་ ༢ ལུ་ རྒྱ་ནག་གི་ ལྷོ་ཕྱོགས་རྒྱ་མཚོའི་ནང་ རླུང་འཚུབ་དྲག་པོ་ཅིག་འཕུ་སྟེ་ ཆུ་གྲུ་དྲ་དུམ་ ༢ ལུ་ ཕྱལ་བཏང་ཡོདཔ་ལས་ གྲུ་དེ་ནང་ ལཱ་འབད་མི་ ༣༠ དེ་ཅིག་ ག་དེ་སྦེ་ཡོདཔ་ཨིན་ན་ ཧ་གོ་མ་ཚུགས་པར་ཡོདཔ་ཨིན་པས།ཨིན་རུང་ ཧོང་ཀོང་གཞུང་གི་ ཁ་ཐུག་ལས་ གནམ་གྲུ་ཧེ་ལི་ཀོབ་ཊར་ཚུ་བཏང་སྟེ་ འཚོལ་ཞིབ་འབད་ཡོདཔ་བཞིན་དུ་ མི་གྲངས་ ༣ སྲོག་སྐྱབས་འབད་ཚུགས་ཏེ་ སྨན་ཁང་ནང་ བསྐྱལ་ཐོག་ལས་ སྨན་བཅོས་འབད་དོ་ཟེར་ དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས།དེ་སྦེ་ སྲོག་སྐྱབས་འབད་ཚུགས་མི་ ཆུ་གྲུའི་ལས་བྱེདཔ་ ༣ གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྲོག་སྐྱབས་འབད་མི་ གནམ་གྲུ་ཧེ་ལི་ཀོབ་ཊར་དང་པ་དེ་ མ་ལྷོད་པའི་ཧེ་མ་ལས་ མཚོ་རླབས་ཀྱིས་ འཕྱགས་འབག་འབགཔ་འོང་ཟེར་ཨིན་པས།སྲོག་སྐྱབས་འབད་མི་ཚུ་གིས་ རླུང་འཚུབ་དྲག་པོ་དེ་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༧.༢༥ དེ་ཅིག་ཁར་ བྱུང་བྱུངམ་བཟུམ་ཅིག་སྦེ་ ཤེས་གསལ་བྱུང་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨི་རཱན་རྒྱལ་ཁབ་ནང་ ས་ཡོམ་གྱིས་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ཡོདཔ།

ཨེ་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢ ལུ་ ཨི་རཱན་རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ཁ་ཐུག་ལུ་ ས་ཡོམ་ཤུགས་ཚད་ མེག་ནི་ཅཱུད་ ༦.༣ འབད་མི་ཅིག་ རྐྱབ་ཡོདཔ་ལས་ མི་གྲངས་ ༥ དེ་ཅིག་ལུ་ ཤི་རྐྱེན་དང་ ༤༤ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།དེ་ཡང་ མི་སེར་ ༣༠༠ དེ་ཅིག་སྡོད་མི་ ཧོར་མི་གན་མངའ་སྡེའི་ ས་ཡེག་ཁོཤ་ཟེར་མི་ གཡུས་ཚན་ཅིག་ནང་ བྱུང་ཡོདཔ་ལས་ སྲོག་སྐྱབས་འབད་མི་ སྡེ་ཚན་ཚུ་ བགོ་བཀྲམ་འབད་ནུག།དེ་སྦེ་ རྣམ་རྟོག་ལང་སི་སི་སྦེ་རྐྱབ་མི་ ས་ཡོམ་དེ་གིས་ སྒྲིང་ཁྱིམ་ཚུ་དང་ གཞི་རྟེན་མཁོ་ཆས་ མང་རབས་ཅིག་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ ཁྱིམ་མཚེས་རྒྱལ་ཁབ་ ལེ་ཤ་ཅིག་གི་ནང་ཡང་ ས་ཡོམ་རྐྱབ་ཡོད་པའི་ ཚོར་སྣང་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་མ་ནི་པུར་ལུ་ ས་རུད་ཆད་མིའི་ནང་ མི་གྲངས་ ༢༧ ལུ་ཤི་རྐྱེན།

ཨིན་དུཛ་ཏཱན་ཊ་ཡེམཛ།སྤྱི་ཟླ་ ༧ པའི་ཚེས་ ༢ ལུ་ མི་རོ་ ༦ ཐོབ་མི་བརྩིས་ཏེ་ ད་ཚུན་གྱི་བར་ན་ རྒྱ་གར་མ་ནི་པུར་མངའ་སྡེའི་ ནོ་ནེ་རྫོང་ཁག་གི་ ས་གནས་མ་རང་ཅིང་ཟེར་སར་ རེལ་ལིའི་ལམ་ བཟོ་བསྐྲུན་འབད་སའི་ ས་ཁོངས་ནང་ ས་རུད་ཆད་མི་ནང་ལས་ མི་རོ་ ༢༧ ཐོབ་ཡོད་རུང་ བྱང་སྟོར་ཤོར་མི་ མི་གྲངས་ ༣༥ དེ་ཅིག་ འཚོལ་མ་ཐོབ་པར་ཡོད་ཟེར་ཨིན་པས།དེ་སྦེ་ ཤི་རྐྱེན་བྱུང་མི་ ༢༧ ལས་ ༢༠ དམག་མི་ཨིནམ་ད་ ས་རུད་དེ་ སྤྱི་ཟླ་ ༦ པའི་ཚེས་ ༢༩ དང་ ༣༠ ལུ་ ཆད་ཡོདཔ་ཨིན་པས།ག་དེ་སྦེ་ཨིན་རུང་ ས་རུད་ཆད་སའི་ ས་ཁོངས་ནང་ སྲོག་སྐྱབས་འབད་མི་ཚུ་གིས་ འཚོལ་ཞིབ་ཀྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་འབད་བའི་གུ་ འཚོལ་ཞིབ་ཀྱི་དོན་ལས་ རོ་ཁྱི་ཚུ་ཡང་ བགོ་བཀྲམ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཧོང་ཀོང་གི་ འགོ་ཁྲིདཔ་གསརཔ་སྦེ་ ཇཱོན་ལི་ཀ་ཅིའུ་ གདམ་འཐུ་འབད་ཡོདཔ།

བི་བི་སི།ཧོང་ཀོང་གི་ ཧེ་མའི་སྲུང་སྐྱོབ་གཙོ་འཛིན་ སྐྱེས་ལོ་ ༦༤ འབད་མི་ ཇཱོན་ལི་ཀ་ཅིའུ་ཟེར་མི་ ཧོང་ཀོང་གི་ འགོ་ཁྲིད་གསརཔ་སྦེ་ གདམ་འཐུ་འབད་ཡོདཔ་བཞིན་དུ་ ཁས་བླངས་དམ་བཅའ་ ཕུལ་ཡོདཔ་ད་ ཧོང་ཀོང་ཁྲོམ་སྡེ་དེ་ རྒྱ་ནག་གཞུང་གི་ མངའ་འོག་ལུ་ འགྱུར་བ་འགྱོ་ནི་ཨིན་པས།འགོ་ཁྲིད་གསརཔ་ ཇཱོན་ལི་དེ་ ཧེ་མའི་འགོ་ཁྲིདཔ་ ཀེ་རི་ལམ་གྱི་ཚབ་སྦེ་ བསྐོས་ཡོདཔ་ད་ དེ་སྦེ་ འགོ་ཁྲིདཔ་བཙག་འཐུའི་སྐབས་ལུ་ མི་ངོམ་ཡང་ ཁོ་ར་རྐྱངམ་ཅིག་ར་ཨིན་པས།ཧོང་ཀོང་གི་ འགོ་ཁྲིད་གསརཔ་ གདམ་འཐུ་འབད་ནི་དེ་ མི་སེར་ཚུ་གི་ བློ་འདོད་ལྟར་དུ་མིན་པར་ རྒྱ་ནག་གཞུང་གི་ ཐུགས་འདོད་དང་འཁྲིལ་ཏེ་ གདམ་འཐུ་འབད་ནི་དེ་གིས་ མི་སེར་ཚུ་ལུ་ དུམ་གྲ་ཅིག་ ཁྱད་པར་ཆགས་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།བ་

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཨོ་ཌེ་ས་མངའ་སྡེ་ལུ་ མི་ཛ་ཡེལ་བཏང་པའི་ རྐྱེན་ངན་ནང་ མི་གྲངས་ ༡༨ ལུ་ཤི་རྐྱེན།

བི་བི་སི།ཡུ་ཀེ་རེན་གྱི དབང་འཛིན་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ལྷོ་ཕྱོགས་མངའ་སྡེ ཨོ་ཌེ་ས་ལུ་ ར་ཤི་ཡ་གིས་ མི་ཛ་ཡེལ་ བཏང་ཡོདཔ་ལས་ ཨ་ལོ་ ༡ རྩིས་ཏེ་ མི་གྲངས་ ༡༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།དེ་བཟུམ་སྦེ་ འདས་པའི་ཉིན་ཞག་དག་པ་ཅིག་གི་ ཧེ་མ་ཡང་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་ཚུ་ནང་ མི་ཛ་ཡེལ་ ལེ་ཤ་ཅིག་ བཏང་ཡོདཔ་མ་ཚད་ ར་ཤི་ཡའི་ དམག་མི་ཚུ་གི་ ཕད་ཅུང་ནང་ ཉམས་རྒུདཔ་ཨ་ལོ་ཅིག་གི་ གཟུགས་བཟུམ་ཅིག་ཡང་ འབག་སར་མཐོང་ཡོདཔ་སྦེ་བཤད་ནུག།དེ་མ་ཚད་ ར་ཤི་ཡ་གིས་ མཁའ་དམག་གནམ་གྲུ་ཡོད་ས་ལས་ བེ་ལེག་རྒྱ་མཚོའི་ནང་ཡང་ མི་ཛ་ཡེལ་ བཏང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

དམག་མི་ཚུ་གིས་ ཀོང་གོའི་ཨམ་སྲུ་ཅིག་ བཙན་ཁྲིད་འབད་བའི་ཤུལ་ལུ་ མི་ཤ་ཟ་བཅུག་ཡོདཔ།

ཧིན་དྷཱུཛ་ཊཱན།ཨཕ་རི་ཀའི་ དབུས་ཕྱོགས་ལུ་ཡོད་མི་ ཀོང་གོ་རྒྱལ་ཁབ་ཀྱི་ ཨམ་སྲུ་ཅིག་ ཀོང་གོ་མི་སེར་དམངས་གཙོའི་ དམག་མི་ཚུ་གིས་ ལན་ཐེངས་ ༢ དེ་རེ་ བཙན་ཁྲིད་འབད་དེ་ དབང་བཙོང་ལུས་འབྲེལ་ ལོག་ཅི་ར་འབད་བའི་གུ་ བཞེས་སྒོའི་ཚབ་ལུ་ མི་ཤ་ཡང་ ཟ་བཅུག་ནུག་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢༩ ལུ་ ཀོང་གོའི་དབང་ཆ་སྡེ་ཚན་གྱིས་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེ་ལུ་ སྙན་ཞུ་འབད་མིའི་ནང་ བཀོད་ཡོདཔ་ད་ ཨམ་སྲུ་དབང་ཆ་སྡེ་ཚན་གྱི་ཁྲི་འཛིན་ ཇུ་ལི་ཡཱན་ ལུ་སེནཇ་གིས་ ཨམ་སྲུ་དེ་ ད་རུང་ བཙན་ཁྲིད་འབད་མི་ ཨམ་སྲུ་གཞན་ཅིག་གི་ བཟའ་ཚང་ལུ་ སྲོག་རིན་འཇལ་བར་ འགྱོ་བའི་སྐབས་ལུ་ཡང་ དམག་མི་ཚུ་གིས་ བཙན་ཁྲིད་འབད་ནུག་ཟེར་ཨིན་པས།བཙན་ཁྲིད་འབད་དེ་ཁྱིད་མི་ ཨམ་སྲུ་དེ་གིས་འབད་བ་ཅིན་ དམག་མི་ཚུ་གིས་ ཕོ་སྐྱེས་ཅིག་གི་ ཨོལ་ལྐོག་བཏོག་བཏང་པའི་གུ་ རྒྱུམ་ནང་ཁྲོལ་ཚུ་ཡང་ ཕྱི་ཁར་བཏོན་ཏེ་ མོ་ལུ་ བཙོ་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ ཆུའི་ཧོད་ ༢ དེ་ཅིག་ཡང་ མོ་གི་གདོང་ཁར་ བསྐྱལ་བཞག་ཏེ་ བཞེས་སྒོ་གཞན་ཡང་ མོ་གིས་འབད་དགོཔ་སྦེ་ སླབ་ཞིནམ་ལས་ ས་གནས་དེ་ཁར་ཡོད་མི་ […]

gyalchi
World News

ཡུ་ཨེཛ་གི་ ཁ་ཐུག་ལས་ ཡུ་རོབ་རྒྱལ་ཁབ་ཚུ་ནང་ དམག་སྡེ་ཡར་སེང་འབད་ནི།

བི་བི་སི། ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ བཙན་འཛུལ་འབད་མི་ལུ་ གདོང་ལན་འབད་ནིའི་དོན་ལས་ ནེ་ཊོ་རྒྱལ་ཁབ་ཚུ་གི་བར་ན་ ཞལ་འཆམ་བྱུང་ཡོདཔ་བཞིན་དུ་ ཡུ་ཨེཛ་གིས་ ཡུ་རོབ་རྒྱལ་ཁབ་ཚུ་ནང་ དམག་སྡེ་ཡར་སེང་འབད་ནི་ཨིན་པས། དེ་འབདཝ་ལས་ པོ་ལེན་རྒྱལ་ཁབ་ནང་ གཏན་འཇགས་ཀྱི་ དམག་མིའི་ཡིག་ཚང་ཅིག་ གཞི་བཙུགས་འབད་ཞིནམ་ལས་ ཡུ་ཨེཛ་གི་ དམག་གྲུ་གསརཔ་ཚུ་ སི་པེན་ལུ་དང་ མཁའ་དམག་གནམ་གྲུ་ཚུ་ ཡུ་ཀེ་ལུ་འགྱོ་ནི་དང་ ས་ཐོག་དམག་མི་ཚུ་ རོ་མ་ནི་ཡ་ལུ་ འགྱོ་ནི་ཨིན་པས། ཡུ་ཨེཛ་གི་སྲིན་འཛིན་ ཇཱོ་བའི་ཌེན་གྱིས་ ནེ་ཊོ་ཟེར་ ཡུ་རོབ་རྒྱལ་ཁབ་ ༣༠ ལྷགཔ་ཅིག་ གཅིག་བསྡོམས་ཚོགས་པ་དེ་ཁར་ དུས་ཨ་རྟག་བ་ཡང་ལྷགཔ་སྦེ་ ད་རེས་ དགོས་མཁོ་སྦོམ་སྦེ་ར་ འཐོན་སོང་ནུག་ཟེར་ཨིན་པས། དེ་བཟུམ་མའི་ འཆར་གཞི་གསརཔ་དེ་ ར་ཤི་ཡ་གིས་ བཙན་འཛུལ་འབད་མི་ལུ་ གདོང་ལན་འབད་ནིའི་དོན་ལས་ཨིནམ་ད་ ད་ཚུན་ དམག་མི་རུ་ཁག་ ༤༠,༠༠༠ ཡོད་ས་ལས་ ༣༠༠,༠༠༠ ལྷགཔ་ཅིག་ལུ་ ཡར་སེང་ཐོག་ལས་ སང་ཕོད་ཀྱི་དོན་ལུ་ གྲ་སྒྲིག་འབད་དེ་ བཞག་ནི་ཨིན་པས། དབུ་ཁྲིད་ཞལ་འཛོམས་གནང་ས་ སི་པེན་གྱི་རྒྱལ་ས་ མ་ཌེཌ་ལུ་ སྲིད་འཛིན་བའི་ཌེན་གྱིས་ ས་དམག་དང་ […]

gyalchi
Online now: 25 Today: 3216 Total visitors: 5893