ArchiveAboutContact

Category: World News

World News

རྒྱ་གར་ཀེ་ར་ལའི་ ཨམ་སྲུ་ཅིག་ལུ་ རྒྱ་བོ་ཡོད་པའི་ངོམ་སྟོན།

བི་བི་སི།རྒྱ་གར་ཀེ་ར་ལའི་ ཨམ་སྲུ་ཅིག་ལུ་ རྒྱ་བོ་ཡོདཔ་ལས་ ཡོངས་འབྲེལ་ཐོག་ལུ་ མི་མང་གིས་ ངལ་རངས་བསྐྱེད་མི་དང་ བརྙས་བཅོས་འབད་མི་ ཟུང་སྦྲེལ་སྦེ་ ཐོན་ཡོད་རུང་ མོ་གི་སེམས་ཁར་ ཚ་གྱང་ལང་དགོཔ་ཅིག་ ག་ནི་ཡང་མིན་འདུག་ཟེར་བཤད་ནུག།དེ་ཡང་ སྐྱེས་ལོ་ ༣༥ འབད་མི་ ཤེ་ཇ་གིས་ མོ་རའི་རྒྱ་བོ་དེ་ དགའ་བས་ཟེར་ ཡོངས་འབྲེལ་ཝཱཛ་ཨེབ་ཐོག་ལས་ སླབ་ཡོདཔ་ཨིན་པས།ད་རུང་ མི་ཚུ་གིས་ ཡོངས་འབྲེལ་ཕེཛ་བུག་ནང་ མོ་གི་ངོ་པར་ མཐོང་མི་ཚུ་གིས་མ་ཚད་པར་ ངོ་འཛོམས་ཐོག་ལུ་ ཕྱད་མི་ཚུ་གིས་ཡང་ མོ་གིས་ རྒྱ་བོ་དེ་ ག་ཅི་སྦེ་ བཞགཔ་སྨོ་ཟེར་ ལོག་ཅི་ར་ འདྲི་བ་བཀོད་ནུག།དེ་ལུ་ ཤེ་ཇ་གིས་ རྒྱ་བོ་མེད་པར་ མནོ་བསམ་ར་ བཏང་མི་ཚུགས་པས་ཟེར་ཨིནམ་ད་ ནད་ཡམས་ཀོ་ཝིཌ་ ཐོན་ཞིནམ་ལས་ཚུར་ དུས་རྒྱུན་ར་ ཁ་རས་རྐྱབ་དགོ་མི་དེ་གིས་ མོ་གི་གདོང་བསུབ་པ་ལུ་བརྟེན་ཏེ་ ཁ་རས་རྐྱབ་ནི་དེ་ མི་དགའ་བས་ཟེར་ སླབ་ཡོད་པའི་སྐོར་ལས་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཨེཛ་རྒྱལ་ཁབ་ནང་ ཨ་ལོ་ཆུང་ཀུ་ ༢ ལུ་ ནད་ཡམས་མོང་ཀི་པོགཛ་ འགོ་དང་པ་ ཐོབ་ཡོད་པའི་ངོས་འཛིན།

བི་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢༢ ལུ་ ཡུ་ཨེཛ་རྒྱལ་ཁབ་ནང་ ཨ་ལོ་ཆུང་ཀུ་ ༢ ལུ་ མོང་ཀི་པོགཛ་ཟེར་མི་ ནད་ཡམས་དེ་ འགོ་དང་པ་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ གསོ་བའི་དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས།དེ་ཡང་ ཀོ་ལི་ཕོར་ནི་ཡ་ལུ་ ལམ་འགྱོ་ནི་ འགོ་བཙུགས་མི་ ཨ་ལོ་ཆུང་ཀུ་ཅིག་དང་ ཨ་ལོ་གཞན་མི་དེ་ ཝ་ཤིང་ཊཱོན་ ས་ཁོངས་ནང་ རྒྱུན་འགྲུལ་འཐབ་མི་ ཡུ་ཨེཛ་གི་ མི་ཁུངས་མིན་མི་ཅིག་ཨིནམ་ད་ དེ་བཟུམ་མའི་ ནད་ཡམས་ཐོབ་མི་ ཨ་ལོ་གཉིས་ཆ་ར་ གནས་སྟངས་ལེགས་ཤོམ་སྦེ་ར་ཡོད་ཟེར་ཨིན་པས།ནད་ཡམས་དེ་ ཚ་རིམས་ཀྱི་ ནད་རྟགས་བཟུམ་ཅིག་དང་ པགས་ཀོ་གུ་ རྨ་ཐོནམ་ལ་སོགས་པའི་ཐོག་ལས་ དར་ཁྱབ་སྦོམ་སྦེ་ར་ འགྱོ་དོ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཨཕ་རི་ཀའི་ དབུས་ཕྱོགས་རྒྱལ་ཁབ་ཚུ་ནང་ ཕོ་སྐྱེས་ཚུ་གི་ ནང་འཁོད་ལུ་ ལུས་འབྲེལ་འབད་ནི་དེ་གིས་ དར་ཁྱབ་སོང་ཡོདཔ་སྦེ་བཀོད་ནུག།དེ་བཟུམ་མའི་ ནད་ཡམས་དེ་ ལོ་འདི་ནང་ར་ རྒྱལ་ཁབ་ ༦༠ ལྷགཔ་ཅིག་གི་ནང་ མི་གྲངས་ ༡༤,༠༠༠ དེ་ཅིག་ལུ་ ཐོབ་ཡོདཔ་མ་ཚད་ ཨཕ་རི་ཀའི་ རྒྱལ་ཁབ་ནང་ […]

gyalchi
World News

རྒྱ་གར་ལུ་ ཁྲིམས་བཟོ་མི་ཚུ་གིས་ མི་རིགས་ཊཱའི་བཱལ་ཟེར་མི་ མི་སྡེའི་ནང་ལས་ སྲིད་འཛིན་འགོ་དང་པ་བཙག་འཐུ།

ཨེན་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ རྒྱ་གར་གྱི་ ཁྲིམས་བཟོ་མི་ཚུ་གིས་ ད་རེས་ འགོ་དང་པ་ མི་རིགས་ཊི་རི་བཱལ་ཟེར་མི་ མི་སྡེའི་ནང་ལས་ སྐྱེས་ལོ་ ༦༤ འབད་མི་ ཨམ་ཌོ་རུ་པ་དི་ མུར་མུ་དེ་ བཙག་འཐུ་གྲུབ་ནུག།དེ་གི་ཧེ་མར་ ཨམ་ཌོ་རུ་པ་དི་ མུར་མུ་དེ་ སློབ་གྲྭའི་སློབ་དཔོན་ཅིག་སྦེ་ ཕྱག་ཞུ་ཡོདཔ་ད་ རྒྱལ་ཁབ་དེ་ནང་ སྲིད་འཛིན་ཨམ་སྲུ་ ཨང་ ༢ པ་ཨིན་པས།སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ སྲིད་འཛིན་གྱི་ ཡིག་ཚང་ནང་ འཛུལ་ཞུགས་མཛད་ནི་ཨིནམ་ལས་ མོ་གིས་ ལོ་ངོ་ ༥ གི་ གནས་ཡུན་རིང་ལུ་ སྲིད་འཛིན་གྱི་ ཕྱག་ལཱ་གནང་ནི་ཨིན་པས།བློན་ཆེན་མོ་དི་མཆོག་གིས་ རྒྱ་གར་གྱི་ ཤར་ཁ་ཐུག་ལས་ མཐའ་ཟུར་ས་གནས་ མི་རིགས་ཊི་རི་བཱལ་ཟེར་མི་ མི་སྡེའི་ནང་ལས་ སྲིད་འཛིན་བཙག་འཐུ་གྲུབ་ཡོདཔ་སྦེ་ གསུངས་ཡོད་པའི་སྐོར་ལས་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བཱ་ར་ཟིལ་གྱི་ ཁྲོམ་སྡེ་ཅིག་ནང་ ཁྲིམས་སྲུང་འགག་སྡེ་གིས་ ཧང་བཅོམ་འབདཝ་ད་ མི་གྲངས་ ༡༨ ལུ་ཤི་རྐྱེན།

བི་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢༢ ལུ་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཱ་ར་ཟིལ་གྱི་ ཤར་ལྷོ་ཁ་ཐུག་ལུ་ རི་ཡོ་ཌེ་ ཇ་ནེ་རོ་ ཁྲོམ་སྡེའི་ནང་ མི་ངན་སྡེ་ཚན་ཅིག་གིས་ ཁྲིམས་འགལ་ཐོག་ལས་ དབང་བཟུང་འབད་སར་ ཁྲིམས་སྲུང་འགག་སྡེ་གིས་ ཧང་བཅོམ་འབད་བའི་སྐབས་ལུ་ མི་གྲངས་ ༡༨ ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།དེ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ བཱ་ར་ཟིལ་གྱི་ས་གནས་ ཨ་ལེ་མ་ཟེར་སར་ཡང་ ཁྲིམས་སྲུང་འགག་སྡེ་ ༤༠༠ དེ་ཅིག་ གོ་མཚོན་འབག་ཐོག་ལུ་ བགོ་བཀྲམ་འབད་མིའི་ནང་ཡང་ མི་གྲངས་ ༡༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་མི་ཚུ་ག་ར་ ཁྲིམས་འགལ་འབད་མི་ཚུ་ཨིན་པའི་ དོགས་པ་ཡོད་ཟེར་བཀོད་ནུག།དེ་བཟུམ་སྦེ་ བྱུང་རྐྱེན་དེ་ནང་ ཁྲིམས་སྲུང་འགོ་དཔོན་ ༡ དང་ ཟུར་ཁ་ལས་ བལྟ་སྡོད་མི་ ༡ ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་ད་ ཁྲིམས་སྲུང་འགག་སྡེ་གིས་ ཉིནམ་ ༡ གི་རིང་ལུ་ ཧང་བཅོམ་འབདཝ་ད་ མི་སེར་སྟོང་ཕྲག་ལས་བཅད་དེ་ ཁོང་རའི་ཁྱིམ་ནང་ […]

gyalchi
World News

རྒྱ་པཱན་གྱི་ བློན་ཆེན་བགྲེསཔ་ ཤིན་ཟོ་ཨེ་བིའི་ སྤུར་སྦྱང་གི་ ཚེས་གྲངས་གཏན་འཁེལ།

རེའུ་ཊརཛ།སྤྱི་ཟླ་ ༧ པའི་ཚེས་ ༢༢ ལུ་ རྒྱ་པཱན་གཞུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ བློན་ཆེན་བགྲེསཔ་གཤགས་མི་ ཤིན་ཟོ་ཨེ་བིའི་ རྒྱལ་ཁམས་སྤུར་སྦྱང་དེ་ སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ ཐོག་འདྲེན་འཐབ་ནི་སྦེ་ གཏན་འཁེལ་བཟོ་ཡི་ཟེར་ཨིན་པས།དེ་ཡང་ ལྷན་རྒྱས་གཞུང་ཚོགས་ལས་ ཊོ་ཀི་ཡོའི་དབུས་ཕྱོགས་ ནིབ་པཱོན་བུ་ཌོ་ཀན་ཟེར་སར་ འགོ་འདྲེན་འཐབ་ནི་ཨིན་པའི་སྐོར་ལས་ གྲོས་ཆོད་མཛད་གནང་ཡི་ཟེར་ ལྷན་རྒྱས་གཞུང་ཚོགས་ཀྱི་ གཙོ་འཛིན་དྲུང་ཆེན་ ཧི་རོ་ཀ་ཟུ་ མ་ཙུ་ནོ་གིས་ གནས་ཚུལ་ཞལ་འཛོམས་ཅིག་ནང་བཤད་ནུག།རྒྱ་པཱན་རྒྱལ་ཁབ་ནང་ ཤིན་ཟོ་ཨེ་བི་གིས་ མི་ལོ་ ༨ ལྷགཔ་ཅིག་གི་རིང་ལུ་ བློན་ཆེན་གྱི་ གོ་གནས་ཁར་ ཕྱག་ཞུ་མི་དེ་ དུས་ཡུན་རིང་ཤོས་ཅིག་ཨིནམ་ད་ བློན་ཆེན་བགྲེསཔ་དེ་ བདུན་ཕྲག་ ༢ ཀྱི་ཧེ་མར་ སྐུལ་བསྒྲགས་ཅིག་ནང་ ཀྲོབ་མདའ་འབག་མི་ཅིག་གིས་ བཀྲོངས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་གི་བར་ན་ དམག་སྦྱོང་ལས་རིམ་བསྐྱར་འཛུགས།

རེའུ་ཊརཛ།སྤྱི་ཟླ་ ༧ པའི་ཚེས་ ༢༢ ལུ་ ལྷོ་ཀོ་རི་ཡའི་ སྲུང་སྐྱོབ་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་དམག་སྡེའི་བར་ན་ དམག་སྦྱོང་ལས་རིམ་ཚུ་ དུས་ཡུན་རིངམོ་སྦེ་ མཚམས་འཇོག་འབད་བའི་ཤུལ་ལུ་ ལོག་སྟེ་ར་ འགོ་བཙུགས་ནི་སྦེ་ གྲོས་འཆམ་བྱུང་ཡི་ཟེར་ཨིན་པས།དེ་ཡང་ བྱང་ཀོ་རི་ཡ་གིས་ རྡུལ་ཕྲན་མཚོན་ཆ་དང་ མི་ཛ་ཡེལ་ལས་རིམ་ཚུ་ བཀག་འཛིན་འབད་ཐབས་ལུ་ཨིནམ་ལས་ གནམ་བྱཱར་གྱི་ ལོ་བསྟར་དམག་སྦྱོང་དེ་ ཟླཝ་ཤུལ་མའི་ནང་ལས་ འགོ་བཙུགས་ནི་སྦེ་ གཏལ་འཁེལ་བཟོ་ནུག།དམག་སྦྱོང་དེ་ སྤྱི་ཟླ་ ༥ པའི་ནང་ ལྷོ་ཀོ་རི་ཡའི་ སྲིད་འཛིན་གྱི་ གོ་གནས་བཞེས་མི་ ཡཱུན་སུག་ཡོལ་མཆོག་གིས་ ཁས་བླངས་མཛད་མི་དང་བསྟུན་ཏེ་ སྔར་ག་ཨིནམ་སྦེ་ འགོ་བཙུགསཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཤྲཱི་ལངྐའི་ སྲིད་འཛིན་གསརཔ་ ཝིག་རེ་མེ་སིང་གེ་གིས་ ཁས་བླངས་དམ་བཅའ།

བི་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ ཤྲཱི་ལངྐའི་ ཚོགས་ཁང་གི་ ས་ཁོངས་ནང་ སྲུང་སྐྱོབ་སྒྲིང་སྒྲིང་སྦེ་ བཙུགས་ཐོག་ལས་ དགུང་ལོ་ ༧༣ བཞེས་མི་ ཧེ་མའི་བློན་ཆེན་ ར་ནིལ་ཝིག་རེ་མེ་སིང་གེ་གིས་ སྲིད་འཛིན་གསར་པའི་ གོ་གནས་ཐོག་ལུ་ ཁས་བླངས་དམ་བཅའ་ཞུ་ནུག།དེ་ཡང་ ད་རེས་ནངས་པར་ ཤྲཱི་ལངྐའི་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་ གནས་སྟངས་སྐྱོ་དྲགས་ཅིག་སྦེ་ གནས་སྟེ་ཡོདཔ་ད་ དེ་བཟུམ་མའི་ གནས་སྟངས་ལུ་ ཐུག་སྟེ་ཡོད་མི་དེ་ གཙོ་བོ་ར་ སྲིད་འཛིན་བགྲེསཔ་ ར་ཇ་པག་ས་གིས་ བདག་སྐྱོང་ལེགས་ཤོམ་སྦེ་ མ་འཐབ་མི་ལུ་བརྟེན་ཏེ་ཨིནམ་སྦེ་ མི་སེར་མང་ཤོས་ཀྱིས་ར་ ཁ་ཉེས་བཀལཝ་ཨིན་པས།འདས་པའི་བདུན་ཕྲག་ནང་ ངོ་རྒོལ་འབད་མི་ ཨམ་སྲུ་ཅིག་གིས་ ཝིག་རེ་མེ་སིང་གེ་དེ་ ད་ལྟོ་ རྒྱལ་ཁབ་ནང་ར་ བཞུགས་ཏེ་ཡོདཔ་ལས་ ཁོ་གིས་ ག་དེ་སྦེ་ར་ མཛད་འོང་ག་ བལྟ་ནི་ཨིན་ཟེར་ སླབ་ནུག།ག་དེམ་ཅིག་སྦེ་ཨིན་རུང་ མི་སེར་ཚུ་ལུ་ བཟའ་འཐུང་དང་ སྨན་དེ་ཚུ་ མ་འཐོབ་པ་ཅིན་ ད་རུང་ཡང་ ཁྲོམ་ལམ་བདའ་སྟེ་ འཐོན་ཞིནམ་ལས་ ངོ་རྒོལ་འབད་ནི་ཨིན་ཟེར་ སླབ་ཡོདཔ་ཨིན་པས།ངོ་རྒོལ་འགྲེམ་སྟོན་འབད་མི་ མང་ཤོས་ཅིག་གིས་ […]

gyalchi
World News

ཡུ་ཀེ་རེན་ལུ་ དམག་འཁྲུག་གི་དོན་ལས་ གོ་མཚོན་ཧེང་སྐལ་ གནང་དགོ་པའི་ཞུ་བ།

བི་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ ཡུ་ཀེ་རེན་ སྲིད་འཛིན་གྱི་ཨམ་ ཨོ་ལེ་ན་ ཟེ་ལེནཛ་ཀ་གིས་ ཡུ་ཨེཛ་ཀོང་གེ་རེཛ་ཚོགས་པ་ལུ་ ར་ཤི་ཡ་དང་གཅིག་ཁར་ དམག་རྐྱབ་ནིའི་དོན་ལས་ དམག་ཆས་ཀྱི་ གྲོགས་རམ་ཧེང་སྐལ་ གནང་དགོ་པའི་ ཞུ་བ་ཕུལ་ནུག།དེ་ཡང་ ཨམ་ཟེ་ལེནཛ་ཀ་དེ་ ཡུ་ཨེཛ་རྒྱལ་ཁབ་ནང་ གཟིགས་སྐོར་ལུ་ བྱོན་ཡོདཔ་བཞིན་དུ་ ཝ་ཤིང་ཊཱོན་ལུ་ གསུང་བཤད་ཅིག་ གནང་པའི་སྐབས་ལུ་ བཤད་ཡོདཔ་ད་ དེ་སྦེ་ གོ་མཚོན་གྱི་ རོགས་རམ་ཞུ་མི་དེ་ རྒྱལ་ཁབ་གཞན་དང་གཅིག་ཁར་ དམག་རྐྱབ་ནི་གི་དོན་ལུ་མིན་པར་ མོ་རའི་རྒྱལ་ཁབ་དེ་ སྲུང་སྐྱོབ་འབད་ཐབས་ལུ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།དེ་བཟུམ་མའི་ གོ་མཚོན་གྱི་ རོགས་རམ་ཞུ་མི་དེ་ཡང་ ར་ཤི་ཡའི་ དམག་འཁྲུག་དེ་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ས་ཁོངས་བརྒལ་ཏེ་ བཙན་འཛུལ་འབད་མི་ལུ་ གདོང་ལན་གྱི་དོན་ལས་ཨིན་ཟེར་ཡང་ བཤད་ཡོདཔ་ཨིན་པས།དེ་མ་ཚད་ ཕྱི་འབྲེལ་བློན་པོ་ སེར་གེ་ལེབ་རོབ་ཀྱིས་ཡང་ འཛམ་གླིང་ནུབ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་ལུ་ ཤུགས་ཚད་སྦོམ་ཡོད་མི་ གོ་མཚོན་ཚུ་ བཀྲམ་སྤེལ་འབད་ནི་དེ་གིས་ ར་ཤི་ཡ་གིས་ ངོས་ལེན་བཟུམ་ཅིག་སྦེ་ བཙན་འཛུལ་རྒྱ་བསྐྱེད་ཀྱི་ བརྡ་མཚོན་སྟོན་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ནིལ་ཝིག་ཀེ་རེ་མེ་སིང་གེ་ ཤྲཱི་ལངྐའི་ སྲིད་འཛིན་གསརཔ་སྦེ་ བཙག་འཐུ་གྲུབ་ཡོདཔ།

བི་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ ཤྲཱི་ལངྐའི་བློན་ཆེན་ ར་ནིལ་ཝིག་ཀེ་རེ་མེ་སིང་གེ་དེ་ སྲིད་འཛིན་གསརཔ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ ཝིག་ཀེ་རེ་མེ་སིང་གེ་དེ་ཡང་ མི་སེར་ཚུ་གིས་ མ་དགའ་མི་ཅིག་ཨིན་པས།རྒྱལ་ཡོངས་ཚོགས་འདུའི་ནང་ སྲིད་འཛིན་གྱི་དོན་ལས་ ཚོགས་རྒྱན་བཙུགས་པའི་སྐབས་ལུ་ ཁོ་གི་དོ་འགྲན་པ་ ཌཱུལ་ལཱཛ་ ཨ་ལ་ཧབ་པེ་རུ་མ་གིས་ ཚོགས་རྒྱན་ ༨༢ ལས་ མ་ཐོབ་རུང་ ཁོ་གིས་ ཚོགས་རྒྱན་ ༡༣༤ ཐོབ་ནུག།ཤྲཱི་ལངྐའི་ སྲིད་འཛིན་བགྲེསཔ་ གོ་ཊ་བཱ་ཡ་ ར་ཇ་པག་ས་དེ་ བདུན་ཕྲག་ཧེ་མའི་ནང་ རྒྱལ་ཁབ་ནང་ལས་ བྱོག་སོང་ཡོདཔ་ད་ མ་གཞི་ ཝིག་ཀེ་རེ་མེ་སིང་གེ་ཡང་ མི་སེར་ཚུ་གིས་ དགོངས་ཞུ་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།སྲིད་འཛིན་གསརཔ་ ཝིག་ཀེ་རེ་མེ་སིང་གེ་གིས་ ཁོ་གི་ཁ་ཐུག་ལས་ ཚོགས་འདུའི་ནང་ མོས་མཐུན་ཐོག་ལས་ སྲིད་རྒྱུས་བརྩམ་སྟེ་ མི་སེར་ཚུ་གི་ དཀའ་སྡུག་ཚུ་ བསལ་ཐབས་ལུ་ ག་དེ་དྲག་དྲག་ ཕྱག་ཞུ་འོང་ཟེར་གསུངས་ནུག།དེ་མ་ཚད་ ཤྲཱི་ལངྐའི་ མི་སེར་ཚུ་གི་ ཡིད་ཆེས་དང་འཁྲིལ་ཏེ་ དཔལ་འབྱོར་གྱི་ གནས་སྟངས་ཚབས་ཆེན་སྦེ་ར་ མར་ཉམས་འགྱོ་མིའི་ དཀའ་ངལ་དེ་ བསལ་ཚུགས་པ་ཅིན་ སྲིད་འཛིན་བགྲེསཔ་གི་ […]

gyalchi
World News

ཡུ་ཨེཛ་ལུ་ མཚན་མ་གཅིག་པའི་བར་ན་ གཉེན་རྐྱབ་མི་ཚུ་ ཉེན་སྲུང་འབད་ནི་གི་ དཔྱད་ཡིག་ཆ་འཇོག།

ཧིན་དུཛ་ཏཱན། སྤྱི་ཟླ་ ༧ པའི་ཚེས་ ༡༩ ལུ་ ཡུ་ཨེཛ་རྒྱལ་ཁབ་ནང་ མཚན་མ་གཅིག་པའི་བར་ན་ གཉེན་རྐྱབ་མི་ཚུ་ ཉེན་སྲུང་གི་དོན་ལས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ དཔྱད་ཡིག་ཅིག་ ཆ་འཇོག་མཛད་ཡོདཔ་ཨིན་པས། དེ་ཡང་ ཚོགས་རྒྱན་སྐྱུར་མི་ འཐུས་མི་བསྡོམས་ ༢༦༧ ཡོད་ས་ལས་ ༡༥༧ གྱིས་ རྒྱབ་སྐྱོར་ཐོག་ལུ་ གཉེན་འབྲེལ་བཅའ་ཁྲིམས་དེ་ ཆ་འཇོག་མཛད་ནུག། དེ་མ་ཚད་ གཉེན་འབྲེལ་བཅའ་ཁྲིམས་དེ་ལུ་བརྟེན་ཏེ་ ཡུ་ཨེཛ་དང་ རྒྱལ་ཁབ་གཞན་ཁ་ལས་ཕར་ཡང་ མཚན་མ་གཅིག་པའི་བར་ན་ གཉེན་རྐྱབ་མི་ཚུ་ ཡུ་ཨེཛ་གིས་ ངོས་འཛིན་འབད་དགོཔ་ འཐོན་ནི་ཨིནམ་བཞིན་དུ་ དེ་སྦེ་ ཉེན་སྲུང་རྐྱངམ་ཅིག་མིན་པར་ གཉེན་འབྲེལ་གཞན་ཚུ་ཡང་ ཉེན་སྲུང་འབད་ཚུགས་ཟེར་ཨིན་པས། ད་རུང་ གཉེན་འབྲེལ་དཔྱད་ཡིག་དེ་ལུ་བརྟེན་ཏེ་ སྤྱི་ལོ་ ༡༩༩༦ གི་ རྒྱབ་སྲུང་གཉེན་འབྲེལ་བཅའ་ཁྲིམས་དེ་ ཆ་མེད་ཨིནམ་སྦེ་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 3 Today: 551 Total visitors: 7771