ArchiveAboutContact

Category: World News

World News

མ་ཡེན་མར་གྱི་འགོ་ཁྲིདཔ་ ཨམ་སུ་ཀིའི་ གྲོས་དཔོན་བགྲེསཔ་ལུ་ ལོ་ངོ་ ༣ གྱི་བཙོན་ཁྲིམས།

བི་བི་སི།སྤྱི་ཟླ་ ༩ པའི་ཚེས་ ༢༩ ལུ་ མ་ཡེན་མར་ དམག་སྡེ་གཞུང་གིས་ འགོ་ཁྲིད་བགྲེསཔ་ ཨམ་ཨང་སན་སུ་ཀིའི་ གྲོས་དཔོན་ཨིན་མི་ ཨཱཛ་ཊེ་ལི་ཡའི་མི་ཁུངས་ སིན་ཊར་ནེལ་ལུ་ ལོ་ངོ་ ༣ གྱི་ བཙོན་ཁྲིམས་བཀལ་ནུག།དེ་ཡང་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ དམག་སྡེ་གིས་ དམངས་གཙོའི་རིང་ལུགས་ནང་ བཙག་འཐུ་ལས་གྲུབ་པའི་ དམངས་གཙོའི་འགོ་ཁྲིདཔ་ ཨམ་ཨང་སན་སུ་ཀི་དེ་ གཞུང་གི་དབང་ཚད་ལས་ ཕྱིར་བཏོན་འབད་བའི་ཤུལ་ལུ་ གྲོས་དཔོན་བགྲེསཔ་ སིན་ཊར་ནེལ་ཡང་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།ཨིན་རུང་ ཨཱཛ་ཊེ་ལི་ཡ་གཞུང་གིས་ ཉེས་ཁྲིམས་དེ་ མ་ཡན་མར་ དམག་སྡེ་གཞུང་གིས་ དབང་ཚད་ཐོག་ལུ་ བཀལ་ཡོདཔ་ལས་ ངོས་ལེན་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

པ་ཀིཛ་ཏཱན་ལུ་ དུས་ནམ་ཡང་ བྱུང་མ་མྱོང་པའི་ ཆུ་རུད་ཀྱི་ རྐྱེན་ངན་ཚབས་ཆེན།

ཨཱལ་ཇ་ཟི་ར། པ་ཀིཛ་ཏཱན་ལུ་ ཆུ་རུད་སྦོམ་ཐོན་ཏེ་ ཟླ་ངོ་ ༣ ལྷགཔ་ཅིག་ སོང་ཡོད་མི་འདི་ རྒྱལ་ཁབ་ནང་ དུས་ནམ་ཡང་ བྱུང་མ་མྱོང་པའི་ གནམ་གཤིས་འགྱུར་བ་དང་འབྲེལ་བའི་ འགྲོ་བ་མི་ལུ་གནོད་པའི་ དཀའ་ངལ་སྦོམ་ཤོས་ཅིག་ འོང་ནི་མས་ཟེར་ཨིན་པས། དེ་ཡང་ ཆུ་རུད་ལུ་བརྟེན་ཏེ་ མི་གྲངས་ ༡,༥༠༠ དེ་ཅིག་ལུ་ ཤི་རྐྱེན་དང་ མི་སེར་ས་ཡ་ ༣༣ དེ་ཅིག་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ ལོ་ཐོག་ཚུ་ཡང་ མེདཔ་བཏང་ཡོདཔ་ལས་ རྒྱལ་ཁབ་ཀྱི་ འགོ་ཁྲིདཔ་ཚུ་གིས་ ཆུ་རུད་ལུ་བརྟེན་པའི་ ནད་གཞི་དང་ བཀྲེས་སྐོམ་ལུ་བརྟེན་ཏེ་ ཤི་རྐྱེན་ཡར་འཕར་འགྱོ་ནི་ཨིན་པའི་ ཉེན་བརྡ་འབད་ནུག། དེ་མ་ཚད་ ཉེན་སྲུང་མེད་པའི་ ཨ་ལོ་སྐྱེས་མི་ཚུ་ལུ་ ནད་རིགས་བཀག་ཐབས་ཀྱི་ སྨན་ཁབ་མ་རྐྱབ་མི་དང་ དོན་ཧིང་གི་ ནད་གཞི་ཡོད་མི་ གུ་རམ་གྱི་ ནད་གཞི་ཡོད་མི་ཚུ་ལུ་ཡང་ དུས་ཚོད་ཁར་ སྨན་བཅོས་མ་འབད་བར་ཡོདཔ་ལས་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་འབྱུང་ནི་གི་ ཉེན་ཁ་སྦོམ་འདུག་ཟེར་ འཛམ་གླིང་གསོ་བའི་ལས་སྡེ་གིས་ བཤད་ཡོདཔ་ཨིན་པས། དེ་བཟུམ་སྦེ་ རྒྱལ་ཁབ་དེ་གིས་ ཆུ་རུད་ལུ་བརྟེན་པའི་ མི་དང་འབྲེལ་བ་ཡོད་མི་ དཀའ་ངལ་ཚུ་ འཕྲལ་མགྱོགས་ར་ […]

gyalchi
World News

ལྷོ་ཀོ་རི་ཡ་ལུ་ རང་སྲོག་བཅད་མིའི་ ཚད་གཞི་དེ་ མཐོ་ཤོས་ཅིག་སྦེ་ར་ གནས་ཏེ་ཡོདཔ། 

ཧིན་དུཛ་ཏཱན། ལྷོ་ཀོ་རི་ཡ་ལུ་ རང་སྲོག་གཅད་མིའི་ ཚད་གཞི་དེ་ ན་ཧིང་ ནད་ཡམས་ཐོན་པའི་སྐབས་ལུ་ ཡར་འཕར་སོང་ཡོདཔ་བཞིན་དུ་ རྒྱལ་ཁབ་གོང་འཕེལ་ འགྱོ་མི་ཚུ་གི་ གྲས་ལས་ ཚད་གཞི་མཐོ་ཤོས་ཅིག་སྦེ་ར་ གནས་ཏེ་ཡོདཔ་ཨིན་པས།  དེ་ཡང་ ལོ་ ༡ གི་ནང་ ལྷོ་ཀོ་རི་ཡ་ལུ་ མི་ ༡༣,༣༠༠ དེ་ཅིག་གིས་ རང་སྲོག་བཅད་མི་དེ་ མི་འབོར་ ༡༠༠,༠༠༠ གི་ནང་ལས་ མི་ ༢༦ རེ་གིས་ རང་སྲོག་བཅད་ཡོདཔ་སྦེ་ སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ རྒྱལ་ཡོངས་གནས་སྡུད་ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དེ་ཡོདཔ་ཨིན་པས། དེ་སྦེ་ རང་སྲོག་བཅད་མི་དེ་ སྤྱི་ལོ་ ༢༠༢༠ ལུ་ མི་ ༢༥.༧ དེ་རེ་གིས་ རང་སྲོག་བཅད་ཡོདཔ་ལས་ ལོ་དེ་དང་ཕྱད་པ་ད་ དུས་ཅི་ ཨ་ཙི་ཅིག་ ཡར་སེང་འགྱོ་མི་དེ་ དཔལ་འབྱོར་ཡར་འཕར་འགྱོ་མི་ རྒྱལ་ཁབ་ཚུ་ལས་ རང་སྲོག་བཅད་འབད་མི་ མཐོ་ཤོས་ཅིག་སྦེ་ཐོན་ནུག། དེ་བཟུམ་མའི་ […]

gyalchi
World News

ར་ཤི་ཡའི་ སློབ་གྲྭ་ཅིག་ནང་ ཀྲོབ་མདའ་རྐྱབ་སྟེ་ མི་གྲངས་ ༡༧ དམར་བསད།

བི་བི་སི། ར་ཤི་ཡའི་ འགོ་འཁྲིདཔ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ དབུས་ཕྱོགས་སློབ་གྲྭ་ཅིག་ནང་ ཀྲོབ་མདའ་འབག་མི་ཅིག་གིས་ སློབ་གྲྭའི་ཕྱི་ཁར་  ཀྲོབ་མདའ་ག་ལྷོད་རྐྱབ་སྟེ་ མི་ ༡༧ དམར་བསད་འབད་བའི་ཁར་ གཞན་མི་ ༢༤ ལུ་ཡང་ རྨ་སྐྱོན་བྱུང་ནུག། དེ་ཡང་ ཨིཛ་ཧེབཛ་ཟེར་མི་ ཁྲོམ་སྡེའི་སློབ་གྲྭ་ཅིག་ནང་ སློབ་ཕྲུག་ ༡,༠༠༠ ལྷགཔ་ཅིག་ཡོད་མི་ ས་ཁོངས་ནང་ ཤི་རྐྱེན་བྱུང་མིའི་གྲས་ཁར་ སློབ་གྲྭའི་ཨ་ལོ་ ༡༡ ཡོདཔ་ད་ དེ་སྦེ་ ཀྲོབ་མདའ་རྐྱབ་མི་དེ་ཡང་ སློབ་གྲྭ་དེ་ནང་གི་ སློབ་ཕྲུག་རྙིངམ་ཅིག་ཨིན་མི་དེ་ ས་ཁོངས་དེ་ནང་ར་ ཁོ་རང་གིས་ ཁོ་རང་ལུ་ ཀྲོབ་མདའ་རྐྱབ་སྟེ་ རང་སྲོག་བཅད་ཡོདཔ་ཨིན་པས། རྐྱེན་ངན་བྱུང་སའི་ ས་ཁོངས་ནང་བཏབ་མི་ དཔར་ཚུ་ལུ་བལྟཝ་ད་ སློབ་ཁང་གི་ འཐིང་གཞི་ཚུ་ལུ་ ཁྲག་དང་ སྒོ་སྒྲིག་ཚུ་གུ་ ཀྲོབ་མདའ་ཕོག་པའི་ཤུལ་ཚུ་ཡོདཔ་མ་ཚད་ ཨ་ལོ་ཚུ་ཡང་ འདྲོག་བྱེལ་འཐབ་སྟེ འཇིགས་སྣང་གི་ཐོག་ལས་ འབྲི་ཁྲི་ཚུ་གི་འོག་ལུ་ འཛུལ་སྡོད་པའི་ མཐོང་སྣང་ཚུ་ཡང་ མཐོང་ཚུགས་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མི་ནག་ཚོང་རྐྱབ་མི་དང་གཅིག་ཁར་ དྲི་བ་དྲིས་ལན་འབད་ནི་གི་ གོ་སྐབས་ཐོབ་ཡོདཔ།

བི་བི་སི། མི་ནག་ཚོང་གི་སྐོར་ལས་ ལྷོ་ཨིང་ལེན་གྱི་ སྐྱབས་སྦྱིན་ལས་སྡེ་ཅིག་ནང་ ཞུ་བ་ལྷོད་པའི་ཤུལ་ལས་ ཡུ་ཀེ་གཞུང་གིས་ མི་ནག་ཚོང་རྐྱབ་མི་དང་གཅིག་ཁར་ དྲི་བ་དྲིས་ལན་འབད་ནིའི་དོན་ལུ་ ཇེན་ཀོར་བིན་ཟེར་མི་ སྐྱབས་སྦྱིན་པ་ཅིག་ ཊར་ཀི་ལུ་ བཏང་ཡོདཔ་ཨིན་པས། ཁོ་གིས་ ལས་རིམ་དེ་ ཟླ་ངོ་ ༣ དེ་ཅིག་ ཞིབ་འཚོལ་འབད་བའི་ཤུལ་ལས་ ཕྱི་རོ་གནམ་སྲོ་ཁམས་ཅིག་ཁར་ ཊར་ཀི་ལུ་ཨིན་མི་ ཨིཛ་ཊན་བཱུལ་གྱི་ ཁྱིམ་བར་ནའི་ གསང་ལམ་བདའ་སྟེ་ འགྱོ་བའི་ཤུལ་ལུ་ ཁྱིམ་གཅིག་ནང་ མི་ནག་ཚོང་རྐྱབ་མི་དང་ དངོས་སུ་སྦེ་ཕྱད་ནུག། དེ་སྦེ་ ཁོ་དང་གཅིག་ཁར་ ཕྱད་ནིའི་དོན་ལུ་ ཟླཝ་ལས་བཅད་དེ་ འགོར་ཡོདཔ་མ་ཚད་ ཁོང་གི་བར་ན་ མི་བློ་གཏད་ཚུགས་མི་ཡང་ བཙུགས་ཐོག་ལས་ འགོ་འདྲེན་འཐབ་དགོཔ་ བྱུང་ཡི་ཟེར་ཨིན་པས། དེ་ལས་ མཐའ་འཇུག་ལུ་ ཁོ་དང་ཕྱད་དེ་ བློ་སླབ་པའི་སྐབས་ལུ་ ཁོ་གི་ཚོང་སྒྱུར་ཚུ་ ཁ་གསལ་སྦེ་ སླབ་དགོ་པ་ཅིན་ ངེ་གི་མིང་དང་ ངོ་རྟགས་ཚུ་ གསལ་བསྒྲགས་འབད་ནི་ མི་འོང་ཟེར་ཨིནམ་ད་ དེ་བསྒང་ ཁོ་གི་སྲུང་རྒྱབ་ཚུ་ཡང་ ཁྱིམ་གྱི་མཐའ་བསྐོར་ཏེ་སྡོད་ནུག། ཇེན་ཀོར་བིན་གྱིས་ མི་ནག་ཚོང་རྐྱབ་ནི་དེ་ ཁྲིམས་འགལ་ཨིན་ཟེར་ སླབ་པའི་ལན་ལུ་ […]

gyalchi
World News

རྒྱན་ཤོག་གསོལ་རས་ ཐོབ་པའི་ཤུལ་ལས་ མ་དངུལ་གྱི་ གྲོགས་རམ་ལེན་མི་ལུ་ ཞེན་པ་ལོག་ཡོདཔ།

བི་བི་སི།རྒྱ་གར་གྱི་མངའ་སྡེ ཀེ་ར་ལ་ལུ་ ཨོ་ཊོ་རིག་ཤྭའི་ དེད་གཡོགཔ་ཨ་ནུབ་ཀྱིས་ མངའ་སྡེ་གཞུང་གི་ རྒྱན་ཤོག་གསོལ་རས་ རུ་པི་ས་ཡ་ ༢༥༠ ཐོབ་པའི་ཤུལ་ལས་ བློ་འགྱོད་སྦོམ་ བྱུང་ཡི་ཟེར་བཤད་ནུག།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༡༧ ལུ་ གསོལ་རས་དེ་ ཐོབ་པའི་ཤུལ་ལས་ མ་དངུལ་གྱི་ གྲོགས་རམ་དགོ་མི་ ལེ་ཤ་ཅིག་ ཐོན་ནི་དེ་གིས་ཨིནམ་ད་ ཁོ་གིས་འབད་བ་ཅིན་ གསོལ་རས་དེ་ ཨང་དང་པ་མིན་པར་ ཨང་གསུམ་པ་ཨིན་རུང་ ཀྲིག་ཀྲིག་སོང་ནུག་ཟེར་ཨིན་པས།དེ་སྦེ་ གསོལ་རས་ཐོབ་པའི་ཤུལ་ལས་ མི་ངོ་མ་ཤེསཔ་ཚུ་གིས་ ཁོ་དང་ ཁོ་གི་བཟའ་ཚང་ཚུ་ལུ་ དོན་དག་མེད་པའི་ དཀའ་ངལ་བྱིན་ནི་དེ་ བཞག་དགོ་པའི་ གསོལ་འདེབས་ཅིག་ཡང་ མི་སྡེའི་བརྡ་བརྒྱུད་ནང་ བཏང་ཡོདཔ་ཨིན་པས།དེ་མ་ཚད་ མཚམས་ཚོད་མེད་པའི་ མ་དངུལ་གྱི་ གྲོགས་རམ་ལེན་མི་ལས་ ཟུར་ཐབས་ལུ་ སྡོད་ཁྱིམ་ཡང་ སྤོ་བཤུད་འབད་དགོཔ་ ཐོན་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་པཱན་གྱིས་ ཕྱི་གསལ་ནང་གསལ་གྱི་ ཉི་དྲོད་ཀྱི་ སྲབ་ལེབ་གསར་གཏོད།

བི་བི་སི། རྒྱ་པཱན་ལུ་ འཕྲུལ་རིག་གི་ ཤུལ་མའི་ཐོན་རིམ་ནང་ འོས་འབབ་ག་ནི་བ་ཡོད་མི་ ཕྱི་གསལ་ནང་གསལ་གྱི་ ཉི་དྲོད་ཀྱི་སྲབ་ལེབ་ སྒོ་སྒྲིག་གུ་བཀལ་ཏེ་ ཉི་དྲོད་ལུ་བརྟེན་པའི་ ནུས་ཤུགས་བཟོ་བཏོན་གྱིས་མ་དོ་བར་ རང་སོའི་ཁང་མིག་ནང་ལས་ཡང་ བཅོས་མའི་དྲོད་ཤུགས་ བཟོ་བཏོན་འབད་ཚུགས་མི་ འཕྲུལ་རིག་གོང་འཕེལ་བཏངམ་ཨིན་པས། ཀི་ཡོ་ཊོ་ལུ་ཡོད་མི་ ཨི་ནེ་ཀཱོཊ་ ཊེག་ནོ་ལོ་ཇི་ ཚོང་སྡེ་གིས་འབད་བ་ཅིན་ འཕྲུལ་རིག་དེ་ གྲ་སྒྲིག་སོང་ཞིནམ་ལས་ འཕྲུལ་རིག་དེ་ལུ་བརྟེན་པའི་ ནུས་ཤུགས་དེ་ ནམ་རྒྱུན་གྱི་ ཉི་དྲོད་སྲབ་ལེབ་ཚུ་དང་ ནུས་ཤུགས་འདྲ་མཉམ་སྦེ་ བཟོ་བཏོན་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས། ཚོང་སྡེ་དེ་ གཞི་བཙུགས་མཉམ་འབྲེལ་པ་དང་ བཀོད་ཁྱབ་གཙོ་འཛིན་ ན་ཨོ་ཡ་ ཀ་ཏོ་གིས་འབད་བ་ཅིན་ འཕྲུལ་རིག་གསརཔ་ཚུ་ ལོ་ངོ་ ༣ དང་ ༤ གི་ ནང་འཁོད་ལུ་ ཚོང་འབྲེལ་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས། དེ་མ་ཚད་ འཕྲུལ་རིག་དེ་ ཕྱི་ཁར་ལག་ལེན་འཐབ་ནིའི་དོན་ལུ་ གནམ་གཤིས་གནས་སྟངས་ཚུ་ཐུབ་མི་ ཁྱད་ཆོས་ཡང་ འོང་དགོཔ་ལས་ དུས་ཚོད་ཨ་ཙི་ཅིག་ འགོར་ནི་ཨིན་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱིས་ ཨི་རཱན་དོན་གཅོད་སྐུ་ཚབ་ཀྱི་ གནས་ཚད་མར་ཕབ་མི་ལུ་ ཨི་རཱན་གྱིས་གདོང་ལན།

ཨེ་བི་སི།ཨི་རཱན་གྱིས་ ར་ཤི་ཡ་ལུ་ དམག་འཐབ་ཀྱི་ རང་སྒུལ་གནམ་གྲུ་ཆུང་བ་ཚུ་ བཙོངས་ཡོདཔ་ལས་ ཡུ་ཀེ་རེན་གྱིས་ ཨི་རཱན་དོན་གཅོད་སྐུ་ཚབ་ཀྱི་ གནས་ཚད་མར་ཕབ་མི་ལུ་ ཨི་རཱན་གྱིས་ཡང་ དེ་དང་བསྟུན་པའི་ གདོང་ལན་འབད་ནི་ཨིན་ཟེར་ བཤད་ཡོད་རུང་ ཁོང་གིས་ ར་ཤི་ཡ་ལུ་ དམག་འཐབ་ཀྱི་ རང་སྒུལ་གནམ་གྲུ་ཆུང་བ་ཚུ་ བཙོངས་ཡོདཔ་སྦེ་ ཐད་ཀར་དུ་ ཁ་བཟེད་མ་བཏུབ་ཨིན་པས།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ ཨི་རཱན་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ ཕྱི་ཁའི་བརྡ་བརྒྱུད་ཚུ་ནང་ གཏན་འཁེལ་མེད་པའི་ གནས་ཚུལ་བཀོད་མི་ལུ་ གཞི་བརྟེན་འབད་དེ་ ཡུ་ཀེ་རེན་གྱིས་ ཨི་རཱན་དོན་གཅོད་སྐུ་ཚབ་ཀྱི་ གནས་ཚད་མར་ཕབ་འབད་མི་དེ་ བློ་འགྱོད་པའི་ གཞི་ཅིག་ཨིན་པས་ཟེར་བཤད་ནུག།ཨི་རཱན་གྱིས་ ར་ཤི་ཡ་ལུ་ དམག་འཐབ་ཀྱི་ རང་སྒུལ་གནམ་གྲུ་ཆུང་བ་ཚུ་ མ་བཙོངས་པའི་སྐོར་ལས་ ཐད་ཀར་དུ་ ངོས་ལེན་མ་འབད་རུང་ ཡུ་ཀེ་རེན་གྱི་ དམག་འཁྲུག་དང་འབྲེལ་ཏེ་ ཁོང་གི་ཁ་ཐུག་ལས་ ཕྱོགས་རིས་མེདཔ་སྦེ་ར་ སྡོད་ཡོད་ཟེར་ཨིན་པས།ཡུ་ཀེ་རེན་ སྲིད་འཛིན་གྱིས་ འབད་བ་ཅིན་ ཨི་རཱན་དང་གཅིག་ཁར་ དོན་གཅོད་ཀྱི་གནས་ཚད་ མར་ཕབ་འབད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཨི་རཱན་ལུ་ བཟོ་བསྐྲུན་འབད་མི་ དམག་འཐབ་ཀྱི་ […]

gyalchi
World News

རྒྱ་གར་བྱང་ཕྱོགས་ལུ་ ཆར་ཆུ་དང་ གློག་ཀེམ་ལུ་བརྟེན་ཏེ་ མི་གྲངས་བསྡོམས་ ༣༦ ལུ་ཤི་རྐྱེན།

ཨེ་བི་སི།སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ འདས་པའི་ཆུ་ཚོད་ ༢༤ གི་ནང་ ཆརཔ་ཤུགས་སྦེ་ རྐྱབ་མི་དང་ གློག་ཀེམ་ལུ་བརྟེན་ཏེ་ རྒྱ་གར་བྱང་ཕྱོགས་ཁ་ཐུག་ལུ་ གློག་ཀེམ་གྱིས་ མི་གྲངས་ ༡༢ བརྩིས་ཏེ་ མི་གྲངས་བསྡོམས་ ༣༦ ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ རྒྱ་གར་བྱང་ཕྱོགས་མངའ་སྡེ་ ཨུ་ཏར་པར་དེཤ་ལུ་ སྡོད་ཁྱིམ་རམ་འགྱོ་བའི་ རྐྱེན་ངན་ནང་ མི་གྲངས་ ༢༤ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གློག་ཀེམ་ལུ་བརྟེན་ཏེ་ འདས་པའི་ཉིན་ཞག་ ༥ གི་ནང་ མི་གྲངས་ ༣༩ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས།དེ་མ་ཚད་ འཛམ་གླིང་ནང་ ཚ་དྲོད་ཡར་འཕར་ལུ་བརྟེན་ཏེ་ འཕྲལ་འཕྲལ་སྦེ་ར་ གློག་ཀེམ་མས་ཟེར་ མཚན་རིག་དང་ རང་བཞིན་གནས་སྟངས་ཀྱི་ མདོ་ཆེན་གྱིས་ བཤད་ཡོདཔ་ད་ རྒྱ་གར་ལུ་ གནམ་བྱཱར་གྱི་ དུས་ཚོད་ཁར་ གློག་ཀེམ་མི་དེ་ ཡོངས་གྲགས་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་པཱན་གྱི་དབུས་ཕྱོགས་ལུ་ འདྲེ་ཆར་ལུ་བརྟེན་ཏེ་ མི་ ༢ ལུ་ཤི་རྐྱེན།

རེའུ་ཊརཛ།སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ རྒྱ་པཱན་གྱི་ དབུས་ཕྱོགས་ཁ་ཐུག་ལུ་ རླུང་འཚུབ་དང་ འདྲེ་ཆར་ལུ་བརྟེན་ཏེ་ མི་ ༢ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ སྡོད་ཁྱིམ་སྟོང་ཕྲག་ལེ་ཤ་ཅིག་ལུ་ཡང་ གློག་མེ་མེད་པར་ སྡོད་དགོཔ་འབྱུང་སྟེ་ཡོདཔ་ཨིན་པས།དེ་ཡང་ སྐྱེས་ལོ་ ༤༠ འབད་མི་ ཕོ་སྐྱེས་དེ་ ས་རུད་ཆད་མིའི་ནང་ ཤི་རྐྱེན་བྱུང་ཡོདཔ་ད་ སྐྱེས་ལོ་ ༢༩ འབད་མི་ ཕོ་སྐྱེས་དེ་ སྣུམ་འཁོར་ ༡ རྦོབ་རིལ་མིའི་ནང་ ཤི་ཡོདཔ་སྦེ་མཐོང་ནུག།དེ་ལས་ ས་རུད་ཆད་མི་ལུ་བརྟེན་ཏེ་ སྡོད་ཁྱིམ་ ༡༢༠,༠༠༠ དེ་ཅིག་གི་ གློག་མེ་ཚུ་ཡང་ བཏོག་བཏང་ཡོདཔ་ཨིན་པས།དེ་བཟུམ་མའི་ གློག་མེའི་དཀའ་ངལ་ཐོན་མི་ལུ་ བཟོད་གསོལ་འབད་གནང་ཟེར་ཨིནམ་ད་ གཞུང་གི་ཁ་ཐུག་ལས་ གང་མགྱོགས་ཅིག་སྦེ་ར་ གློག་མེ་ཚུ་ མཐུད་ཚུགསཔ་འབད་ནི་ལུ་ རྩ་འགེངསམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 22 Today: 1887 Total visitors: 9107