ArchiveAboutContact

Category: World News

World News

བྱང་ཀོ་རི་ཡ་གིས་ ར་ཤི་ཡ་ལུ་ གོ་མཚོན་བྱིན་ཡོད་པའི་ ཁས་ལེན་མེདཔ།

བི་བི་སི། བྱང་ཀོ་རི་ཡ་གིས་ ར་ཤི་ཡ་ལུ་ ད་ཚུན་གྱི་བར་ན་ གོ་མཚོན་ཚུ་ ཚོང་འབྲེལ་མ་འཐབ་པའི་ཁར་ ད་ལས་ཕར་ཡང་ ཚོང་འབྲེལ་འཐབ་ནི་གི་ འཆར་གཞི་མེད་ཟེར་ བཤད་ཡོདཔ་ཨིན་པས། དེ་ཡང་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་ལས་ རོ་ཀེཊ་དང་ སྟོབས་མཚོན་ཚུ་ མཁོ་སྒྲུབ་འབད་ཡོདཔ་སྦེ་  ཨ་མི་རི་ཀའི་ འགོ་དཔོན་ཚུ་གིས་ བཤད་པའི་ལན་ལུ་ཨིནམ་ད་ དེ་བཟུམ་སྦེ་ ར་ཤི་ཡ་གིས་ཡང་ གནད་དོན་ལདེ་ལུ་ ངོས་ལེན་འབད་མ་བཏུབ་ཨིན་པས། དེ་སྦེ་ རྒྱལ་ཁབ་ ༢ ཀྱི་བར་ན་ གོ་མཚོན་བཏོང་ལེན་འབད་ནི་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ གནང་བ་ལས་འགལ་བའི་ ཁྲིམས་འགལ་གྱི་ ལཱ་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་པཱན་ལུ་ ཕོ་སྐྱེས་ཅིག་གིས་ ཁོ་རའི་གཟུགས་ཁར་ མེ་སྤར་ཡོདཔ།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༢༡ ལུ་ ཕོ་སྐྱེས་ཅིག་གིས་ རྒྱ་པཱན་གྱི་ བློན་ཆེན་བགྲེསཔ་ ཤིན་ཟོ་ཨེ་བིའི་ རྒྱལ་ཁམས་སྤུར་སྦྱང་ལུ་ ལོག་ཅི་ར་ ངོ་རྒོ་འབད་དེ་ ཁོ་རའི་གཟུགས་ཁར་ མེ་སྤར་ནུག། དེ་ཡང་ མི་ཚུ་གིས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་མིའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བློན་ཆེན་གྱི་ ཡིག་ཚང་གདོང་ཁར་ ཕོ་སྐྱེས་དེ་གིས་ ཁོ་རའི་གཟུགས་ཁར་ མེ་སྤར་ཡོདཔ་སྦེ་ མཐོང་པའི་ཤུལ་ལུ་ དེ་འཕྲལ་ལས་ སྨན་ཁང་ནང་ འབག་བསྐྱལ་ཡི་ཟེར་ཨིན་པས། བློན་ཆེན་བགྲེས་པའི་ སྤུར་སྦྱང་དེ་ སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ དེ་བསྒང་ ཕྱིའི་རྒྱལ་ཁབ་ཚུ་ལས་ དབུ་ཁྲིད་ལེ་ཤ་ཅིག་གིས་ གྲལ་གཏོགས་མཛད་གནང་ནི་གི་ རེ་བ་ཡོདཔ་ཨིན་པས། དགུང་ལོ་ ༧༦ བཞེས་མི་ བློན་ཆེན་བགྲེསཔ་ ཤིན་ཟོ་ཨེ་བི་དེ་ སྤྱི་ཟླ་ ༧ པའི་ཚེས་ ༨ ལུ་ ཀྲོབ་མདའ་རྐྱབ་སྟེ་ བཀྲོངས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བྷའི་ཅུང་བྷུ་ཊི་ཡ་དེ་ ཧམ་རོ་སི་ཀིམ་པར་ཊིའི་ གཙོ་འཛིན་གསརཔ་སྦེ་ བཙགས་འཐུ་གྲུབ་ཡོདཔ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༩ པའི་ཚེས་ ༢༠ ལུ་ སྐྱེས་ལོ་ ༤༥ འབད་མི་ སྐད་གྲགས་ཅན་གྱི་ ཕུཊ་བཱོལ་ལར་ཟེར་ རྐང་རིལ་རྩེད་འགྲན་པ་ བྷའི་ཅུང་བྷུ་ཊི་ཡ་དེ་ ཧམ་རོ་སི་ཀིམ་པར་ཊི་ཟེར་མི་ སྲིད་དོན་ཚོགས་པའི་ གཙོ་འཛིན་གསརཔ་སྦེ་ བཙགས་འཐུ་འབད་ནུག། དེ་ཡང་ ཧམ་རོ་སི་ཀིམ་པར་ཊིའི་ འགོ་ཁྲིདཔ་དང་ འཐུས་མི་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ མགྲིན་གཅིག་གི་ཐོག་ལས་ བཙགས་འཐུ་གྲུབ་ཅི་ཟེར་ ཚོགས་པ་དེ་གི་ ཡོངས་ཁྱབ་དྲུང་ཆེན་ བི་རཱཤ་ ཨ་དྷི་ཀ་རི་གིས་ བཤད་ཡོདཔ་ཨིན་པས། ག་དེམ་ཅིག་སྦེ་ བྷའི་ཅུང་བྷུ་ཊི་ཡ་དེ་ མ་འོངས་པ་ལུ་ མངའ་སྡེའི་འགོ་ཁྲིདཔ་སྦེ་ བཙག་འཐུ་འགྲུབ་པ་ཅིན་ མི་སེར་ཚུ་གི་ རེ་འདོད་འགྲུབ་ཐབས་ལུ་ འགན་ཁུར་དང་ འགན་འཁྲི་ཚུ་ འཐུས་ཤོར་མེད་པར་ འབག་ནི་ཨིན་པའི་ཁར་ ངན་ལྷད་ཚུ་ཡང་ ཕྱི་གསལ་ནང་གསལ་འབད་དེ་ མི་སེར་གྱི་དོན་ལུ་ ཕྱག་ཕྱིད་གང་དྲག་ཞུ་ཚུགས་པའི་ བློ་གཏད་ཡོད་ཟེར་ཨིན་པས། དེ་མ་ཚད་ མི་སྡེ་དེ་ནང་ འདྲ་མཉམ་དང་ དྲང་བདེན་ཐོག་ལུ་ གོང་འཕེལ་གྱི་ གོ་སྐབས་ཡངས་དྲགས་བཟོ་སྟེ་ མི་སེར་ཚུ་ལུ་ ནུས་པ་ཡོད་པའི་ མངའ་སྡེ་ཅིག་ལུ་ཡང་ […]

gyalchi
World News

ནེ་པཱལ་གྱི་དོན་ལས་ ཆ་རོགས་རྙིང་ཤོས་བྱང་སྟོར།

བི་བི་སི། ནེ་པཱལ་ལུ་ཡོད་མི་ ཡུ་ཀེའི་གཞུང་ཚབ་ཡིག་ཚང་ནང་ བི་རི་ཊིཤ་གྷོར་ཁའི་ དམག་གི་དཔའ་བོ་ཚུ་གིས་ རྒྱང་མཐོང་ཐོག་ལུ་ ཡུ་ཀེའི་རྒྱལམོ་ ཨི་ལི་ཟ་བིཐ་མཆོག་གི་ པུར་སྦྱང་གི་ ལས་རིམ་ཚུ་ བལྟ་ཡོདཔ་ཨིན་པས།   ལཱོན་ཌཱོན་ལས་ ཀི་ལོ་མི་ཊར་ སྟོང་ཕྲག་ལེ་ཤ་ཅིག་གི་ ས་གནས་ནང་ དམག་མི་བགྲེསཔ་ཚུ་ ཧེ་མ་ ཡུ་ཀེ་གཱོར་ཁའི་དམག་སྡེའི་ནང་སྦེ་ རྒྱལ་མོའི་ཕྱག་ཞུ་མི་ཚུ་ མྱ་ངན་གྱི་ངང་ལུ་ གནས་ཏེ་སྡོད་ནུག། དེ་མ་ཚད་ ཀཋ་མཱན་ཌུ་ལུ་ དགེ་སློང་ཚུ་གིས་ རྒྱལམོ་གཤགས་མིའི་དོན་ལུ་ དཀར་མེ་ཕུལ་ཏེ་ བསྔོཝ་སྨོན་ལམ་ཚུ་ གནང་ཡོདཔ་མ་ཚད་ མི་སེར་ཚུ་གིས་ཡང་ སྐར་མ་ ༡ གི་རིང་ལུ་ ཁུ་སིམ་སིམ་སྦེ་སྡོད་དེ་ མྱ་ངན་བརྩི་སྲུང་ཞུ་ཡོདཔ་ཨིན་པས། ཡུ་ཀེའི་རྒྱལམོ་ གཤགས་ནི་དེ་གིས་ སྤྱི་འཛམ་གླིང་ཡོངས་ལུ་ མྱ་ངན་སྦོམ་ ཕོག་པའི་ནང་ལས་ཡང་ ལྷག་པར་དུ་ གྷོར་ཁའི་དམག་སྡེ་དང་ ནེ་པཱལ་གཞུང་དང་ མི་སེར་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོག་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨ་མི་རི་ཀ་དང་ ཨཕ་གྷ་ནིཛ་ཏཱན་གྱི་བར་ན་ བཙོན་པ་བརྗེ་སོར།

ཧིན་དུཛ་ཏཱན། སྤྱི་ཟླ་ ༩ པའི་ཚེས་ ༡༩ ལུ་ སྤྱི་ལོ་ ༢༠༢༠ ལས་ ཨ་མི་རི་ཀའི་ མཚོ་དམག་ཅིག་ ཨཕ་གྷ་ནིཛ་ཏཱན་ལུ་ འཛིན་བཟུང་འབད་དེ་ བཞག་མི་དང་ ཨཕ་གྷན་གྱི་མི་ཁུངས་ སྨྱོ་རྫས་ཧི་རོ་ཡིན་ ཚོང་འབྲེལ་འཐབ་སྟེ་ མི་ལོ་ ༡༧ གྱི་རིང་ལུ་ ཨ་མི་རི་ཀའི་ བཙོན་ཁང་ནང་ཡོད་མི་དེ་ བརྗེ་སོར་འབད་ནུག། དེ་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ དུས་ཡུན་རིངམོ་སྦེ་ གསུང་གྲོས་གནང་པའི་ཤུལ་ལུ་ ཀ་བཱུལ་གནམ་ནང་སྦེ་ རང་སོའི་འཐུས་མི་སྡེ་ཚན་ལུ་ རྩིས་སྤྲོད་འབད་ཡོདཔ་མ་ཚད་ ཨཕ་གྷ་ནིཛ་ཏཱན་གྱི་ བཟོ་བསྐྲུན་ལས་འགུལ་ཅིག་ནང་ བཟོ་རིག་འགོ་དཔོན་སྦེ་ ལཱ་འབད་མི་ ཨ་མི་རི་ཀའི་མི་ཁུངས་ བཙན་བཟུང་འབད་དེ་ བཞག་མི་ཅིག་ཡང་ བཏང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་ལུ་ ཨོ་ཊོ་རིག་ཤའི་ དེད་གཡོགཔ་ཅིག་གིས་ རྒྱན་ཤོག་གསོལ་རས་ རུ་པི་བྱེ་བ་ ༢༥ ཐོབ་ཡོདཔ།

ཨིན་ཌི་ཡ་ ཨེགཛ་པེ་རེཛ། སྤྱི་ཟླ་ ༩ པའི་ཚེས་ ༡༧ ལུ་ ཨོ་ཊོ་རིག་ཤའི་དེད་གཡོགཔ་ ཨ་ནུབ་ཀྱིས་ རྒྱ་གར་ཀེ་ར་ལ་ ཨོ་ནམ་རྒྱན་ཤོག་ལས་ རུ་པི་བྱེ་བ་ ༢༥ གསོལ་རས་ཐོབ་ཡོདཔ་ད་ དེ་གི་ཧེ་མར་ མ་ལེ་ཤི་ཡ་ལུ་ ཐབ་དཔོན་གྱི་ ལཱ་འབད་བར་འགྱོ་ནི་སྦེ་ དངུལ་ཁང་ནང་ལས་ དངུལ་ཀྲམ་འབུམ་ ༣ སྐྱིན་འགྲུལ་ཞུ་ནི་གི་ ཡི་གུ་བཙུགས་ཡོདཔ་བཞིན་དུ་ དངུལ་ཁང་ལས་ཡང་ གནང་བ་གྲུབ་ནུག། ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱན་ཤོག་གི་ གསོལ་རས་ཐོབ་པའི་ཤུལ་ལས་ སྐྱིན་འགྲུལ་ལེན་ནི་དང་ མ་ལེ་ཤི་ཡ་ལུ་ འགྱོ་ནི་ཚུ་ག་ར་ ཆ་མེད་བཏང་ཡི་ཟེར་ཨིནམ་ད་ ཁོ་གིས་ ད་ཚུན་ ལོ་ ༢༢ ཀྱི་རིང་ལུ་ རྒྱན་ཤོག་ཉོ་མིའི་ནང་ལས་ རུ་པི་འབུམ་ ༥ གིས་གཙོས་པའི་ དངུལ་དུམ་གྲ་རེ་ ཐོབ་ཅི་ཟེར་ཨིན་པས། ད་རེས་ རྒྱན་ཤོག་གི་གསོལ་རས་ རུ་པི་བྱེ་བ་ ༢༥ ལས་ གཞུང་གི་ཁྲལ་ཚུ་ བཏོག་པའི་ཤུལ་ལུ་ རུ་པི་བྱེ་བ་ ༡༥ དེ་ཅིག་ ལག་པར་འཐོབ་ནི་ཨིན་པས། […]

gyalchi
World News

ནེ་པཱལ་རྒྱལ་ཁབ་ནང་ ཆུ་རུད་ཀྱིས་ མི་གྲངས་ ༡༧ ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི།སྤྱི་ཟླ་ ༩ པའི་ཚེས་ ༡༧ ལུ་ དབང་འཛིན་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནེ་པཱལ་གྱི་ ནུབ་ཕྱོགས་ཁ་ཐུག་ལུ་ ཆར་ཆུ་འབོལ་བའི་སྟབས་ཀྱིས་ ས་རུད་ཆད་ཡོདཔ་ལས་ མི་གྲངས་ ༡༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།དེ་ལས་ མི་གྲངས་ ༡༡ དེ་ཅིག་ལུ་ རྨ་སྐྱོན་བྱུང་མི་ཚུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་ ཕྱིར་བཏོན་འབད་དེ་ སྨན་བཅོས་ཀྱི་དོན་ལུ་ སྨན་ཁང་ནང་ བསྐྱལ་ཡོད་རུང་ མི་གྲངས་ ༤ དེ་ཅིག་ བྱང་སྟོར་ཤོར་ཡོདཔ་ཨིན་པས།དེ་འབདཝ་ལས་ ཁྲིམས་སྲུང་འགག་སྡེ་གིས་ བྱང་སྟོར་མི་ཚུ་ འཚོལ་ཞིབ་འབད་དོ་ཟེར་ཨིནམ་ད་ གནོད་སྐྱོན་བྱུང་མི་ ད་རུང་ཡང་ ཡར་སེང་འགྱོ་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡའི་སྲིད་འཛིན་ ཝེལ་ཌི་མིར་ པུ་ཊིན་དང་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་ ༢ མཇལ་ཕྲད།

བི་བི་སི།ར་ཤི་ཡ་གིས་ ཡུ་ཀེ་རེན་དང་ དམག་འཁྲུག་ལང་ནི་ འགོ་བཙུགས་པའི་ཤུལ་ལུ་ ར་ཤི་ཡའི་སྲིད་འཛིན་ ཝེལ་ཌི་མིར་ པུ་ཊིན་དང་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་ ༢ དངོས་སུ་སྦེ་ མཇལ་ཕྲད་ཐོག་ལས་ གསུང་གྲོས་འགོ་དང་པ་ གནང་པའི་སྐབས་ལུ་ ཡུ་ཀེ་རེན་གྱི་སྐོར་ལས་ རྒྱ་ནག་ལུ་ ཚ་གྱང་ཡོད་ལུགས་ གསུངས་མི་དེ་ལུ་ པུ་ཊིན་གིས་ ངོས་ལེན་འབད་ནུག།ཨུཟ་བེ་ཀིཛ་ཏཱན་ལུ་ པུ་ཊིན་གྱིས་ གསུངས་མིའི་ནང་ རྒྱ་ནག་གིས་ ཕྱོགས་རིས་མེད་པའི་ གནས་ཚད་བཟུང་མི་ལུ་ བཀྲིན་ཆེ་ལུགས་དང་ ཡུ་ཨེཛ་གིས་ འཛམ་གླིང་རྐྱང་ཕྱོགས་སྦེ་ བཟོ་ཐབས་སྒྲིག་མི་དེ་ མཐར་འཁྱོལ་མི་ཚུགས་ཟེར་ཨིན་པས།རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ ར་ཤི་ཡ་དང་གཅིག་ཁར་ རྒྱ་སྦོམ་པའི་ རྒྱལ་ཁབ་སྦེ་ མཉམ་འབྲེལ་གྱི་ ལཱ་ཚུ་འབད་ནིའི་ རེ་འདོད་ཡོད་ཟེར་གསུངས་ཡོདཔ་ད་ ད་རེས་ ར་ཤི་ཡ་གིས་ ཡུ་ཀོ་རེན་ རྒྱལ་ཁབ་ནང་ བཙན་འཛུལ་འབད་དེ་ཡོད་མི་དེ་ལུ་ རྒྱ་ནག་གིས་ ངོས་ལེན་འབད་དེ་མེད་རུང་ བཙན་འཛུལ་འབད་བའི་ཤུལ་ལུ་ རྒྱ་ནག་དང་ ར་ཤི་ཡ་འི་བར་ན་ ཚོང་འབྲེལ་དང་ འབྲེལ་བ་གཞན་ཚུ་ཡང་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།ས་གནས་ས་ མར་ཀན་ཌི་ལུ་ ཤང་ཧའེ་མཉམ་འབྲེལ་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ནང་ གྲལ་གཏོགས་གནང་པའི་ཞོར་ཁར་ རྒྱ་ནག་དང་ […]

gyalchi
World News

རྒྱ་གར་གྱི་བློན་ཆེན་ ན་རེན་དར་མོ་དི་གིས་ རྒྱ་གར་རྒྱལ་ཁབ་དེ་ བཟོ་བསྐྲུན་ལྟེ་བ་ཅིག་ལུ་བཟོ་དགོཔ།

ཨེན་ཌི་ཊི་ཝི།སྤྱི་ཟླ་ ༩ པའི་ཚོས་ ༡༦ ལུ་ ཨུཟ་བེ་ཀིཛ་ཏཱན་ རྒྱལ་ཁབ་ཀྱི་ས་གནས་ ས་མར་ཀན་ལུ་ ཤང་ཧའེ་མཉམ་འབྲེལ་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ནང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ མཉམ་འབྲེལ་ཚོགས་པ་དེ་གི་ མཐུད་འབྲེལ་ལེགས་སྒྱུར་འབད་དེ་ རྒྱ་གར་རྒྱལ་ཁབ་དེ་ བཟོ་བསྐྲུན་ལྟེ་བ་ཅིག་སྦེ་ བཟོ་དགོ་ཟེར་གསུངས་ནུག།དབུ་ཁྲིད་ཞལ་འཛོམས་དེ་ནང་ བློན་ཆེན་མོ་དི་གིས་ རྒྱ་གར་རྒྱལ་ཁབ་ཀྱི་ གསར་བཏོད་དང་ མོ་བཏབ་ཀྱི་ དཔེ་ཚད་ཚུ་ ཁྱབ་སྤེལ་གནངམ་དང་འབྲེལ་ ཁོ་གིས་གསུངས་མིའི་ནང་ འཛམ་གླིང་གིས་ ནད་ཡམས་ཀོ་ཝིཌ་-༡༩ གི་ དཀའ་ངལ་ཚུ་ སེལ་བའི་བསྒང་དང་ ནད་ཡམས་དེ་ལུ་བརྟེན་ཏེ་ རྒྱལ་སྤྱིའི་གནས་སྟངས་ནང་ བཀྲམ་སྤེལ་ལུ་ ཐོགས་ཆགས་དག་པ་ཅིག་དང་ ཡུཀ་རེན་གྱི་ དཀའ་ངལ་ཚུ་ཐོན་ཏེ་ཡོད་ཟེར་ཨིན་པས།རྒྱ་གར་རྒྱལ་ཁབ་དེ་ བཟོ་བསྐྲུན་ལྟེ་བ་ཅིག་ལུ་ གཞི་སྒྱུར་འབད་ནི་གི་ འདུན་པ་ཡོདཔ་སྦེ་ཡང་ གསུངས་ཡོད་པའི་སྐོར་ལས་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་ སྲིད་འཛིན་གྱི་ སྣུམ་འཁོར་ལུ་ ཐུག་རྐྱེན་བྱུང་ཡོད་རུང་ སྲིད་འཛིན་མཆོག་ལུ་ གནོད་སྐྱོན་སྦོམ་མ་བྱུངམ

བི་བི་སི།སྤྱི་ཟླ་ ༩ པའི་ཚེས་ ༡༥ གི་དྲོ་པར་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེན་ཀི་མཆོག་ དམག་རྐྱབ་སའི་ ས་གོ་ནང་ གཟིགས་སྐོར་གནང་སྟེ་ ལོག་བྱོན་པའི་ལམ་ཁར་ སྣུམ་འཁོར་གཞན་ཅིག་དང་ ཁ་ཐུག་རྐྱབ་སྟེ་ ཐུག་རྐྱེན་བྱུང་ཡོད་རུང་ སྲིད་འཛིན་མཆོག་ལུ་ གནོད་སྐྱོན་སྦོམ་ མ་བྱུངམ་ཨིན་པས།དེ་ཡང་ ཡུ་ཀེ་རེན་གྱིས་ ལོག་ལེན་མི་ ཁར་ཀིབ་མངའ་སྡེའི་ ཨི་ཟི་ཡུམ་ ཁྲོམ་སྡེའི་ནང་ དམག་མི་ཚུ་དང་ མཇལ་ཕྲད་མཛད་དེ་ ལོག་རྒྱལ་ས་ཀིབ་ལུ་ བྱོན་པའི་ལམ་ཁར་ བྱུང་ཡོདཔ་ཨིན་པས།དེ་བསྒང་ སྐྱེལ་འདྲེན་སྣུམ་འཁོར་ནང་ཡོད་མི་ ལམ་འགྲུལཔ་ཚུ་ལུ་ གནོད་སྐྱོན་མ་བྱུང་རུང་ དེད་གཡོགཔ་དེ་ སྲིད་འཛིན་མཆོག་གི་ སྨན་བཅོས་སྡེ་ཚན་གྱིས་ བརྟག་དཔྱད་འབད་བའི་ཤུལ་ལས་ ནདཔ་སྐྱེལ་འདྲེན་གྱི་ སྣུམ་འཁོར་ནང་ བཙུགས་བཏང་ནུག།ག་དེ་སྦེ་ཨིན་རུང་ ཐུག་རྐྱེན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 21 Today: 1760 Total visitors: 8980