ArchiveAboutContact

Category: World News

World News

རྒྱ་གར་ལུ་ བཟོ་བསྐྲུན་འབད་མི་ གློ་སྨན་ཚུ་ལུ་ ཉེན་སྲུང་མེད་པའི་ གྲུབ་འབྲས་མངོན་གསལ།

བི་བི་སི།རྒྱ་གར་ལུ་ ཨ་ལོ་དྲོད་འབར་རྐྱབ་སྟེ་ གློ་འཁོག་མི་ཚུ་ ས་གནས་ཀྱི་ དྲུང་འཚོ་ཚུ་གིས་ སྨན་ཡིག་བྱིན་མི་དང་འཁྲིལ་ཏེ་ གློ་སྨན་མངར་ཁུ་དེ་ བྱིན་མི་དེ་གིས་ ཨ་ལོ་ཚུ་ དྲག་ནི་མིན་པར་ ཧེང་སྐལ་ར་ ཁ་ལས་སྐྱུག་སྟེ་ དྲོད་འབར་རྐྱབ་པའི་སྟབས་ཀྱིས་ མཁལ་རྡོག་གིས་ ལཱ་འབད་མ་བཏུབ་ཨིན་པས།ཨིན་རུང་ རྒྱུ་རྐྱེན་དེ་གི་སྐོར་ལས་ ཤེས་མ་ཚུགས་པའི་བར་ན་ ཨ་ལོ་ཟླ་ངོ་ ༢ ལས་ སྐྱེས་ལོ་ ༦ གི་བར་ན་འབད་མི་ ཨ་ལོ་ ༡༡ ལུ་ ཤི་རྐྱེན་བྱུང་ནུག།རྒྱ་གར་གྱི་ སྨན་བཟོ་ལས་སྡེ་ ཌི་ཇི་ཊཱལ་ བི་ཞཱན་ཟེར་མི་གིས་ བཟོ་སྐྲུན་འབད་ཡོད་མི་ གློ་སྨན་གྱི་ དཔེ་ཚད་ ༣ དེ་ཅིག་ བརྟག་དཔྱད་འབད་བའི་ཤུལ་ལས་ སྨན་གྱི་རང་བཞིན་དེ་ ཚོས་གཞི་དམརཔོ་ བཟོ་ནིའི་དོན་ལུ་ སྣག་རྩི་དམརཔོ་བླུགས་ཏེ་ བཟོ་ཡོད་པའི་ གྲུབ་འབྲས་བྱུང་ཡོདཔ་ཨིན་པས།གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་ ༡༠ པ་ འགོ་བཙུགས་ཁམས་ཅིག་ཁར་ གེམ་བི་ཡ་ལུ་ ཨ་ལོ་ ༦༦ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ འཛམ་གླིང་གསོ་བའི་ལས་སྡེ་གིས་ རྒྱ་གར་གྱི་ གློ་སྨན་དཔེ་ཚད་ ༤ […]

gyalchi
World News

ར་ཤི་ཡ་གིས་ དྲག་བཅོམ་ཐོག་ལས་ ཡུ་ཀེ་རེན་གྱི་ གློག་མེ་ལུ་གནོད་སྐྱོན།

བི་བི་སི། ར་ཤི་ཡའི་ དམག་མི་ཚུ་གིས་ ད་རུང་ཡང་ ཡུ་ཀེ་རེན་གྱི་ གློག་མེ་མཐུན་རྐྱེན་ཡོད་སའི་ ས་སྒོ་ནང་ རྫས་བམ་བཀོག་སྟེ་ རྒྱལ་ས་ཀིབ་དང་ ཁྲོམ་སྡེ་གཞན་ཚུ་གི་ནང་ གློག་མེ་མེདཔ་བཏང་ནུག། དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡༨ ལུ་ དྲོ་པའི་ཆུ་ཚོད་ ༩ དེ་ཅིག་ཁར་ ཌོ་ནི་པོར་ གཙང་ཆུའི་མཐའ་མར་ཡོད་མི་ གློག་མེ་ཨམ་གྱི་ སྦོ་ལོགས་ཁ་ལས་ དུ་པ་གནམ་མེད་ས་མེད་ ཐོན་པའི་ཤུལ་ལུ་ ཆུ་དང་ མེ་གི་མཐུན་རྐྱེན་ཚུ་ མེདཔ་བཏང་ནུག་ཟེར་ཨིན་པས། གནོད་འཚུབ་དེ་ ཀིབ་ལུ་ ཀ་མ་ཀ་ཟི་ རང་འགུལ་གནམ་གྲུ་ཆུང་བ་ཚུ་གི་ཐོག་ལས་ དྲག་བཅོམ་འབད་ཚར་ཏེ་ ཆུ་ཚོད་ ༢༤ གི་རྒྱབ་ལས་བཀལ་ནུག། རང་འགུལ་གནམ་གྲུ་ཆུང་བའི་གུ་ མིང་རྟགས་ཚུ་ ག་ནི་ཡང་ བྲིས་ཏེ་མེད་རུང་ ཨི་རཱན་གྱིས་ བཟོ་ཡོད་པའི་དོགས་པ་ཡོདཔ་ཨིན་པས། གནོད་འཚུབ་དེ་གིས་ རྒྱལ་ས་ཀིབ་ལུ་ མི་ ༥  དང་ བྱང་ཁ་ཐུག་གི་ཁྲོམ་སྡེ་ སུ་མེ་ཟེར་མིའི་ནང་ མི་ ༤ ལུ་ ཤི་རྐྱེན་དང་ ཁྱིམ་དང་ […]

gyalchi
World News

ཨཕ་གྷ་ནིཛ་ཏཱན་ལུ་ ཨམ་སྲུ་ཚུ་གི་དོན་ལས་ གཙུག་ལག་སློབ་སྡེའི་ ཆོས་ཚན་མང་ཤོས་ཅིག་བཀག་དམ།

བི་བི་སི། ཨཕ་གྷ་ནིཛ་ཏཱན་ལུ་ ཏཱ་ལི་བཱན་གཞུང་གིས་ ཨམ་སྲུ་ཚུ་ གཙུག་ལག་སློབ་སྡེའི་ ཆོས་ཚན་མང་ཤོས་ར་ ལྷབ་ནི་མེད་པའི་ བཀག་དམ་འབད་ནུག། དེ་ཡང་ ཨཕ་གྷན་གྱི་ སློབ་ཕྲུག་བུམོ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མཐོ་རིམ་ཤེས་ཡོན་ ལྷབ་ནིའི་དོན་ལུ་ ཆོས་ཚན་གདམ་ཁ་མེདཔ་ལས་ ཁོང་ར་གིས་ མནོ་མི་དང་ དགའ་མི་ ཆོས་ཚན་ཚུ་ བཀག་དམ་འབད་ཡི་ཟེར་ཨིན་པས། སློབ་ཕྲུག་བུམོ་ཅིག་གིས་ བརྡ་བརྒྱུད་ཤེས་ཡོན་ ལྷབ་ནི་སྦེ་ཨིན་རུང་ ཏཱ་ལི་བཱན་ སྲིད་སྐྱོང་གི་ ལམ་ལུགས་དང་འཁྲིལཝ་ད་ གནོད་ཉེན་ཅན་གྱི་ ཆོས་ཚན་ཚུ་ ལྷབ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས། སྤྱི་ལོ་ ༢༠༢༡ ལས་ ཏཱ་ལི་བཱན་གྱིས་ རྒྱལ་ཁབ་སྐྱོང་ནི་ འགོ་བཙུགས་པའི་ཤུལ་ལུ་ བུམོ་མང་ཤོས་ཅིག་ སློབ་གྲྭའི་ནང་ འགྱོ་ནི་ལས་བཀག་དམ་ཡོདཔ་མ་ཚད་ སྒེར་སྡེ་གཙུག་ལག་སློབ་གྲྭའི་ནང་ འཛུལ་ཞུགས་འབད་མི་ བུམོ་ཚུ་ལུ་ཡང་ ཆོས་ཚན་ཚུ་ གཞུང་གིས་ ཚད་འཛིན་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ལུང་ཕྱོགས་ ༤ ཁོང་གི་འོག་ལུ་ བཙུགས་ནི་འབད་མི་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཚོགས་འདུའི་ལས་ ངོས་ལེན་མེདཔ།

བི་བི་སི།འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཚོགས་འདུའི་ནང་ལས་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ལུང་ཕྱོགས་ ༤ ཁོང་གི་མངའ་འོག་ལུ་ ཚུདཔ་ཨིན་ཟེར་ སླབ་མི་དེ་ ངོས་ལེན་མེདཔ་སྦེ་ འཐུས་མི་ཡོངས་ཀྱིས་ ཚོགས་རྒྱན་བསྐྱུར་ནུག།དེ་ཡང་ རྒྱལ་ཁབ་ ༡༤༣ དང་ མངའ་སྡེ་ ༣༥ གིས་ ངོས་ལེན་མེད་པའི་ ཚོགས་རྒྱན་བསྐྱུར་ཡོད་རུང་ རྒྱ་ནག་དང་ རྒྱ་གར་ ༢ ཀྱིས་ འཛེམ་སྡོད་ཡོདཔ་ད་ བེ་ལ་རུཛ་དང་ བྱང་ཀོ་རི་ཡ་ སི་རི་ཡ་ ནི་ཀ་ར་གུ་ཝ་ རྒྱལ་ཁབ་ ༤ གིས་ ཚོགས་རྒྱན་མ་བསྐྱུར་བར་ ཟུར་ཁར་ཐོན་ཏེ་ སྡོད་ཡོདཔ་ཨིན་པས།ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ རྒྱལ་ཁབ་འཕྱོག་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་རིང་ལུ་ ར་ཤི་ཡའི་ རྒྱབ་འགལ་ལུ་ ཚོགས་རྒྱན་བསྐྱུར་མི་དེ་ མཐོ་ཤོས་ཅིག་ཨིནམ་མ་ཚད་ ར་ཤི་ཡ་གིས་ ར་ཁུངས་མེད་པར་ ཡུ་ཀེ་རེན་གྱི་ ལུང་ཕྱོགས་ ༤ ཁོང་གི་མངའ་འོག་ལུ་ ཚུདཔ་ཨིན་ཟེར་ སླབ་མི་དེ་ལུ་ཡང་ ངོ་ཚ་དགོཔ་ཅིག་ཨིནམ་སྦེ་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་གི་ ཁྲོམ་སྡེ་ཚུ་ནང་ གློག་བརྟེན་འགྲུལ་འཁོར་ཚུ་ ཚར་གཅིག་གུ་ཡར་འཕར།

བི་བི་སི། ལོ་ ༥ གི་ཧེ་མར་ རྒྱ་ནག་གི་ ཁྲོམ་སྡེ་ཚུ་ནང་ མར་ཁུ་བླུགས་དགོ་མི་ གླ་འཁོར་ཚུ་ ག་དེ་དྲག་དྲག་ བཀག་དམ་འབད་དེ་ གློག་ཤུགས་ལུ་བརྟེན་པའི་ གླ་འཁོར་མང་སུ་ བཙུགས་དགོཔ་སྦེ་ བཤད་མི་དང་འཁྲིལ་ཏེ་ ད་རེས་ནངས་པར་ ཁྲོམ་སྡེ་ཚུ་ནང་ གློག་ཤུགས་ལུ་བརྟེན་པའི་ གླ་འཁོར་མང་རབས་ཅིག་ མཐོང་ཚུགསཔ་ཨིན་པས། དེ་མ་ཚད་ ཁྲོམ་སྡེ་མང་ཤོས་ཅིག་ནང་ གློག་བརྟེན་གླ་འཁོར་གྱི་ དེད་གཡོགཔ་ཚུ་ གློག་ཤུགས་བསྐྱར་གསོའི་དོན་ལུ་ དུས་ཡུན་ཆུ་ཚོད་ ༢ དེ་རེ་ སྒུག་མ་དགོ་པར་ ས་གོ་ཚུ་གི་ནང་ལས་ འཕྲུལ་ལྟོ་ཚུ་ཡང་ བརྗེ་སོར་གྱི་དོན་ལུ་ འཐོབ་ཆོག་ཆོག་ཡོདཔ་ཨིན་པས། ད་རེས་ནངས་པར་ རྒྱ་ནག་ལུ་ དུས་ནམ་ཡང་ བྱུང་མ་མྱོང་པའི་ དེ་བཟུམ་མའི འཕྲུལ་རིག་ཚར་གཅིག་གུ་ཐོན་ཏེ་ གཞུང་འཁོར་དང་ གླ་འཁོར་ཚུ་གིས་མ་ཚད་པར་  སྒེར་མི་ལེཤ་ཅིག་གིས་ཡང་ གློག་བརྟེན་འགྲུལ་འཁོར་ཚུ་ མཁོ་མངགས་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཏ་ཡེ་ཝཱན་གྱི་ རང་དབང་རང་བཙན་ལུ་ རྒྱལ་ཁབ་གཞན་དང་གཅིག་ཁར་ བདེ་སྒྲིག་བཟོ་དགོཔ་མེདཔ། 

སི་ཨེནཨེན། སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ རྒྱལ་ཡོངས་དུས་ཆེན་གྱི་ཉིན་མར་ ཏ་ཡེ་ཝཱན་གྱི་སྲིད་འཛིན་ ཨམ་ཙའི་ཨིན་ཝེན་གྱིས་ གསུང་བཤད་གནང་པའི་ནང་གསལ་ ཏ་ཡེ་ཝཱན་འདི་ རང་དབང་རང་བཙན་གྱི་ རྒྱལ་ཁབ་ཅིག་ཨིནམ་ལས་ རྒྱལ་ཁབ་ག་ད་གཅིག་ཁར་ཡང་ བདེ་སྒྲིག་བཟོ་དགོཔ་མེད་ཟེར་ཨིན་པས། ཨིན་རུང་ ཏ་ཡེ་ཝཱན་གྱི་ རྒྱ་མཚོའི་མཐུད་ཡུར་ལས་ཕར་ ཞི་བདེ་བྱུང་ཐབས་ལུ་ རྒྱ་ནག་དང་གཅིག་ཁར་ བློ་སླབ་ནི་ཨིན་པ་ཅིན་ ངོས་ལེན་འབད་འོང་ཟེར་གསུངས་ནུག། ཏ་ཡེ་ཝཱན་ རྒྱལ་ཁབ་འདི་ མི་སེར་ས་ཡ་ ༢༣ དེ་ཅིག་གི་ སྡོད་ཁྱིམ་ཚུ་ ཀི་ལོ་མི་ཊར་ ༡༧༧ གྱི་ནང་ རྒྱ་ནག་གི་ རྒྱ་མཚོའི་མཐའ་མ་ལས་ ས་ཐག་རིང་སར་ གནས་ཏེ་ཡོདཔ་ད་ དེ་ཡང་ མི་ལོ་ ༧༠ ལས་ལྷག་སྟེ་ རྒྱལ་ཁབ་ ༢ རང་སར་དབང་སྟེ་ཡོདཔ་ཨིན་རུང་ རྒྱ་ནག་དམངས་གཙོ་རིང་ལུགས་པའི་ཚོགས་པ་གིས་ མཚོ་གླིང་འདི་ ཁོང་གི་ཨིན་ཟེར་ སླབ་མ་གཏོགས་ དུས་ནམ་ཡང་ དབང་གཟུང་མ་འབད་ཟེར་ཨིན་པས། རྒྱ་ནག་གི་སྲིད་འཛིན་ ཛི་ཇིང་པིང་གིས་ ཏ་ཡེ་ཝཱན་དང་ རྒྱ་ནག་ ༢ མཉམ་གཅིག་སྡོམ་དགོཔ་འདི་ ཐབས་མེད་ཀྱི་ […]

gyalchi
World News

ཡུ་ཀེ་རེན་གྱི་ མི་སེར་ཚུ་ རྒྱལ་ཁབ་གཞན་ཁར་བྲོས་བྱོལ།

བི་བི་སི། འཛམ་གླིང་སྤྱི་ཚོགས་ སྐྱབས་བཅོལ་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་  ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ བཙན་གནོན་གྱི་ ཕྱད་མདའ་འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ ཡུ་ཀེ་རེན་གྱི་ མི་སེར་ས་ཡ་ ༡༣.༧ ལྷགཔ་ཅིག་ རྒྱལ་ཁབ་སྤང་སྟེ་ ཁྱིམ་ཚང་རྒྱལ་ཁབ་ཚུ་ནང་ སྐྱབས་བཅོལ་བ་སྦེ་ སོང་ནུག་ཟེར་ཨིན་པས། དེ་ཡང་ པོ་ལེན་རྒྱལ་ཁབ་ནང་ མི་གྲངས་ ༦,༦༢༨,༥༡༥  དེ་ཅིག་དང་ རོ་མེ་ནིཡ་ལུ་ ༡,༢༤༦,༩༤༥ ར་ཤི་ཡ་ལུ ༢,༨༥༢,༣༩༥ དེ་ལས་ ཧང་ག་རི་ཡ་ལུ་ ༡,༥༡༡,༠༢༠ སི་ལོ་བཱ་ཀི་ཡ་ལུ་ ༨༣༦,༣༧༢ མཱལ་ཌོ་ཝ་ལུ་ ༦༤༤,༢༤༦ བེ་ལ་རུཛ་ལུ་ ༡༦,༧༠༥ དེ་ཅིག་ འཛུལ་ཞུགས་འབད་ཡོད་པའི་ ཐོ་བཀོད་འབད་ནུག། དེ་སྦེ་ རྒྱལ་ཁབ་གཞན་ཁར་འགྱོ་མི་ མང་ཤོས་ཅིག་ར་ ཨམ་སྲུ་དང་ ཨ་ལོ་ཚུ་ཨིནམ་ད་ སྐྱེས་ལོ་ ༡༨ ལས་ ༦༠ གི་བར་ན་འབད་མི་ ཕོ་སྐྱེས་ཚུ་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ར་ ཕྱད་མདའའི་དོན་ལུ་ སྡོད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨཕ་གྷ་ནིཛ་ཏཱན་ལུ་ རང་སྲོག་བཅད་ཐོག་ལས་ རྫས་བམ་གས་བཅུག་མིའི་ནང་ མི་གྲངས་ ༣༥ ལུ་ཤི་རྐྱེན།

བི་བི་སི།ཨཕ་གྷན་གྱི་རྒྱལ་ས་ ཀ་བཱུལ་ལུ་ ཟུར་ཆོས་ལྷབ་སའི་ ལྟེ་བ་ཅིག་ནང་ རང་སྲོག་བཅད་ཐོག་ལས་ རྫས་བམ་གས་བཅུག་པ་ལུ་བརྟེན་ཏེ་ མི་གྲངས་ ༣༥ ལུ་ ཤི་རྐྱེན་བྱུང་མིའི་གྲས་ཁར་ མང་ཤོས་ཅིག་ར་ སློབ་ཕྲུག་བུམོ་ཚུ་ཨིན་པས་ཟེར་ འཛམ་གླིང་སྤྱི་ཚོགས་ཀྱིས་ བཤད་ཡོདཔ་ཨིན་པས།དེ་མ་ཚད་ གཞན་མི་ ༨༠ ལྷགཔ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ད་ དེ་བསྒང་ སློབ་ཕྲུག་ཚུ་ ལྟེ་བ་དེ་་ནང་ གཙུག་ལག་སློབ་གྲྭའི་ ཆོས་རྒྱུགས་ཀྱི་དོན་ལས་ སྦྱང་བ་འབད་དེ་ སྡོད་ནུག་ཟེར་ཨིན་པས།བྱུང་རྐྱེན་དེ་གི་སྐོར་ལས་ སྡེ་ཚན་ག་གིས་ཡང་ ངོས་ལེན་མ་འབད་རུང་ ཨིཛ་ལ་མིག་ གཡིབ་དམག་སྡེ་ཚན་ཚུ་ འོང་ནི་ཨིན་པའི་ དོགས་པ་ཟེར་ ཏཱ་ལི་བཱན་ འགན་འཛིན་པ་ཚུ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ དྲག་བཅོམ་འབད་དེ་ ཡུ་ཀེ་རེན་གྱི་ ཞི་བའི་མི་སེར་ ༢༠ དམར་བསད།

རེའུ་ཊརཛ།སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ ཡུ་ཀེ་རེན་གྱི་ ཨེཛ་ཡུ་བི་ཟེར་མི་ ཉེན་སྲུང་ཞབས་ཏོག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱིས་ དམ་འཛིན་འབད་མི་ ཤར་ཕྱོགས་སྐྱ་ཐལ་ས་ཁོངས་ནང་ མི་སེར་ཚུ་ སྣུམ་འཁོར་ཐོག་ལུ་ རུ་བསྐྱོད་འབད་བའི་བར་ན་ ར་ཤི་ཡ་གིས་ དྲག་བཅོམ་འབད་དེ་ ཞི་བའི་མི་སེར་ ༢༠ དམར་བསད་འབད་ནུག་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༩ པའི་ནང་ ཡུ་ཀེ་རེན་གྱིས་ ལོག་ལེན་མི་ ཁར་ཀིབ་མངའ་སྡེ་དང་ ར་ཤི་ཡ་གིས་ དབང་བཟུང་འབད་མི་ ལུ་ཧིནཛ་མངའ་སྡེའི་ ས་གནས་སི་ཝ་ཊོབ་ཟེར་སར་ དྲག་བཅོམ་འབད་ཡོདཔ་ཨིན་པས།དེ་བསྒང་ སྣུམ་འཁོར་ ༧ རུ་སྒྲིག་ཐོག་ལུ་ འགྲུལ་བསྐྱོད་འབད་བའི་བར་ན་ དྲག་བཅོམ་འབད་དེ་ ཞི་བའི་མི་སེར་ཚུ་གི་ སྣུམ་འཁོར་ཚུ་ མེདཔ་བཏང་ཡོདཔ་ད་ ལམ་འགྲུལཔ་ ༢ སྣུམ་འཁོར་ཀར་ནང་ར་ དེད་གཡོག་པའི་ སྡོད་ཁྲི་གུ་ སྒྱིར་འཁོར་ལུ་ ལགཔ་བཤེད་དེ་ ཤི་ཡོདཔ་སྦེ་ མཐོང་ནུག་ཟེརཨིན་པས།དེ་མ་ཚད་ སྤྱི་ཟླ་ ༩ པའི་ཚེས་ ༢༩ ལུ་ཡང་ ཡུ་ཀེ་རེན་གྱི་ […]

gyalchi
World News

མི་ནག་ཚོང་རྐྱབ་མི་དང་གཅིག་ཁར་ དྲི་བ་དྲིས་ལན་འབད་ནི་གི་ གོ་སྐབས་ཐོབ་ཡོདཔ།

བི་བི་སི།མི་ནག་ཚོང་གི་སྐོར་ལས་ ལྷོ་ཨིང་ལེན་གྱི་ སྐྱབས་སྦྱིན་ལས་སྡེ་ཅིག་ནང་ ཞུ་བ་ལྷོད་པའི་ཤུལ་ལས་ ཡུ་ཀེ་གཞུང་གིས་ མི་ནག་ཚོང་རྐྱབ་མི་དང་གཅིག་ཁར་ དྲི་བ་དྲིས་ལན་འབད་ནིའི་དོན་ལུ་ ཇེན་ཀོར་བིན་ཟེར་མི་ སྐྱབས་སྦྱིན་པ་ཅིག་ ཊར་ཀི་ལུ་ བཏང་ཡོདཔ་ཨིན་པས།ཁོ་གིས་ ལས་རིམ་དེ་ ཟླ་ངོ་ ༣ དེ་ཅིག་ ཞིབ་འཚོལ་འབད་བའི་ཤུལ་ལས་ ཕྱི་རོ་གནམ་སྲོ་ཁམས་ཅིག་ཁར་ ཊར་ཀི་ལུ་ཨིན་མི་ ཨིཛ་ཊན་བཱུལ་གྱི་ ཁྱིམ་བར་ནའི་ གསང་ལམ་བདའ་སྟེ་ འགྱོ་བའི་ཤུལ་ལུ་ ཁྱིམ་གཅིག་ནང་ མི་ནག་ཚོང་རྐྱབ་མི་དང་ དངོས་སུ་སྦེ་ཕྱད་ནུག།དེ་སྦེ་ ཁོ་དང་གཅིག་ཁར་ ཕྱད་ནིའི་དོན་ལུ་ ཟླཝ་ལས་བཅད་དེ་ འགོར་ཡོདཔ་མ་ཚད་ ཁོང་གི་བར་ན་ མི་བློ་གཏད་ཚུགས་མི་ཡང་ བཙུགས་ཐོག་ལས་ འགོ་འདྲེན་འཐབ་དགོཔ་ བྱུང་ཡི་ཟེར་ཨིན་པས།དེ་ལས་ མཐའ་འཇུག་ལུ་ ཁོ་དང་ཕྱད་དེ་ བློ་སླབ་པའི་སྐབས་ལུ་ ཁོ་གི་ཚོང་སྒྱུར་ཚུ་ ཁ་གསལ་སྦེ་ སླབ་དགོ་པ་ཅིན་ ངེ་གི་མིང་དང་ ངོ་རྟགས་ཚུ་ གསལ་བསྒྲགས་འབད་ནི་ མི་འོང་ཟེར་ཨིནམ་ད་ དེ་བསྒང་ ཁོ་གི་སྲུང་རྒྱབ་ཚུ་ཡང་ ཁྱིམ་གྱི་མཐའ་བསྐོར་ཏེ་སྡོད་ནུག།ཇེན་ཀོར་བིན་གྱིས་ མི་ནག་ཚོང་རྐྱབ་ནི་དེ་ ཁྲིམས་འགལ་ཨིན་ཟེར་ སླབ་པའི་ལན་ལུ་ ཁོ་གིས་ བྱམས་བརྩེའི་ཐོག་ལས་ མི་རྣམས་ཀུན་ལུ་ཕན་པའི་ ལཱ་འབདཝ་ཨིན་ཟེར་ སླབ་ཡོདཔ་མ་ཚད་ […]

gyalchi
Online now: 18 Today: 2052 Total visitors: 9272