ArchiveAboutContact

Category: World News

World News

ར་ཤི་ཡའི་ ཕྱད་མདའི་རྒྱབ་འགལ་ལུ་ ཡུ་རོབ་རྒྱལ་ཁབ་ཚུ་ མཉམ་འབྲེལ་ཐོག་ལུ་ར་ གནས་དགོ་པའི་བརྡ་བསྐུལ།

རེའུ་ཊརཛ།སྤྱི་ཟླ་ ༡༡ པའི་ཚེས་ ༢༥ ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོལ་ཌི་མིར་ ཟེ་ལེནཛ་ཀི་གིས་ ར་ཤི་ཡའི་ ཕྱད་མདའི་རྒྱབ་འགལ་ལུ་ ཡུ་རོབ་རྒྱལ་ཁབ་ཚུ་གིས་ མཉམ་འབྲེལ་ཐོག་ལུ་ར་ གནས་དགོ་པའི་ཁར་ ར་ཤི་ཡའི་ ས་སྣུམ་གྱི་ གོང་ཚད་དེ་ཡང་ ཚབས་ཆེན་སྦེ་ར་ ཚད་འཛིན་འབད་དགོ་པའི་ བརྡ་བསྐུལ་འབད་ནུག།ཟེ་ལེནཛ་ཀི་གིས་ ལི་ཐུ་ནི་ཡ་ལུ་ ཞལ་འཛོམས་གནང་སར་ མཐུད་སྦྲེལ་འབད་དེ་ཡོད་མི་ རྒྱང་མཐོང་ཡོངས་འབྲེལ་ཐོག་ལས་ ཡུ་རོབ་ཀྱི་མི་ སེར་ཚུ་ ཁ་མ་ཕྱེ་བར་ཡོད་མི་དེ་ ཉམས་སྲུང་འབད་དགོ་ཟེར་ཨིན་པས།དེ་སྦེ་ ཉམས་སྲུང་འབད་དགོ་མི་དེ་ དུས་ཅི་གི་ལོ་ལུ་ ང་བཅས་ཀྱི་ དམིགས་དོན་དང་པ་ཨི་ཟེར་ བཤད་པའི་ཁར་ ཡུ་རོབ་དེ་གིས་ རང་གིས་རང་ལུ་ གྲོགས་རམ་འབདཝ་ཨིནམ་སྦེ་ཡང་ གསལ་བཤད་འབད་ནུག།ར་ཤི་ཡའི་ རྒྱབ་འགལ་སྦེ་ ཡུ་ཀེ་རེན་ལུ་ གྲོགས་རམ་འབདཝ་མིན་པར་ ར་ཤི་ཡའི་ བཙན་འཛུལ་གྱི་ རྒྱབ་འགལ་ལུ་ ཡུ་རོབ་རང་ལུ་ གྲོགས་རམ་འབདཝ་ཨིན་ཟེར་ བཤད་ཡོད་ལུགས་ཚུཡང་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བྱང་ཨེཏ་ལེན་ཊིག་ ཆིངས་ཡིག་ཚོགས་པ་གིས་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་འཕྲོ་མཐུད་འབད་ནི།

རེའུ་ཊརཛ།སྤྱི་ཟླ་ ༡༡ པའི་ཚེས་ ༢༥ ལུ་ ན་ཊོ་ཟེར་མི་ བྱང་ཨེཏ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཇེནཛ་ སི་ཊཱོལ་ཊེན་བཱག་གིས་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་མ་འབད་བར་ མི་སྡོད་ཟེར་ བཤད་པའི་ཁར་ ཚོགས་པ་དེ་གིས་ ཡུ་ཀེ་རེན་ལུ་ ཤི་རྐྱེན་འབྱུང་མི་བཅུག་ནི་གི་ གྲོགས་རམ་ཚུ་ཡང་ ཡར་སེང་འབད་ནི་ཨིན་པའི་སྐོར་ལས་ གསལ་བཤད་འབད་ནུག།ཡོངས་ཁྱབ་དྲུང་ཆེན་གྱིས་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ དུས་ཡུན་ག་དེམ་ཅིག་འགོར་རུང་ ན་ཊོ་ཚོགས་པའི་ ཁ་ཐུག་ལས་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་ཚུ་ འཕྲོ་མཐུད་དེ་ར་འབད་ནི་མ་གཏོགས་ རྒྱབ་བཤུད་མི་རྐྱབ་ཟེར་ཨིན་པས།ཚོགས་པ་དེ་གི་ འཐུས་མི་རྒྱལ་ཁབ་ཁག་གི་ ཕྱི་འབྲེལ་བློན་པོ་ཚུ་གི་བར་ན་ ཤུལ་མའི་བདུན་ཕྲག་ནང་ ཞལ་འཛོམས་ཅིག་ཡང་ འཚོགས་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨཱན་ཝར་ཨི་བར་ཧིམ་དེ་ མ་ལེ་ཤི་ཡའི་ བློན་ཆེན་གསརཔ་སྦེ་བསྐོ་བཞག།

བི་བི་སི།མ་ལེ་ཤི་ཡའི་ ཡུན་རིང་གི་ ལྡོ་ཕྱོགས་འགོ་ཁྲིདཔ་ ཨཱན་ཝར་ཨི་བར་ཧིམ་དེ་ བཙག་འཐུའི་ཤུལ་ལུ་ ཉིན་གྲངས་དག་པ་ཅིག་ བཀག་ཆ་སྦེ་ བཞག་ཡོད་རུང་ སྤྱི་ཟླ་ ༡༡ པའི་ཚེས་ ༢༤ ལུ་ བློན་ཆེན་སྦེ་ བསྐོ་བཞག་གནང་ནུག།དེ་ཡང་ བཙག་འཐུའི་ཤུལ་ལས་ བདུན་ཕྲག་ངལ་གསོའི་ དུས་ཡུན་ནང་ སྔོན་ཆད་མ་བྱུང་པའི་ སྤྱི་ཚོགས་བཀག་བཞག་འབད་བའི་ གནས་སྟངས་ཀྱི་ཤུལ་ལུ་ མ་ལེ་ཤི་ཡའི་རྒྱལ་པོ་ སུལ་ཏཱན་ཨབ་དྷུལ་ལ་གིས་ བསྐོ་བཞག་གནང་ཡོདཔ་ཨིན་པས།བློན་ཆེན་གསརཔ་ ཨཱན་ཝར་དང་ བློན་ཆེན་བགྲེསཔ་ མུ་ཧི་དིན་ ༢ ལུ་ གཞུང་བཙུགས་ནི་གི་དོན་ལས་ ཡིད་ཆེས་ཚོགས་རྒྱན་ ཐོབ་མ་ཚུགས་པར་ ལུས་ཡོདཔ་ད་ ཨཱན་ཝར་གྱིས་ སྲིད་ཚོགས་ག་དང་གཅིག་ཁར་ མཉམ་སྡེབ་འབད་ནི་ཨིན་ན་ གསལ་ཏོག་ཏོ་ཅིག་ མེདཔ་ཨིན་པས།རྒྱལ་པོའི་ཕོ་བྲང་ནང་ལས་ གསར་བཏོན་འབད་མི་ བརྗོད་དོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མ་ལེ་ཤི་ཡའི་ རྒྱལ་ཁབ་ཀྱི་ དབུ་ཁྲིད་ཚུ་གི་ ཐུགས་འཆར་དང་འཁྲིལ་ཏེ་ མི་དབང་རྒྱལ་པོ་མཆོག་གིས་ ཨཱན་ཝར་ཨི་བར་ཧིམ་དེ་ བློན་ཆེན་ ༡༠ པ་སྦེ་ བསྐོ་བཞག་གི་དོན་ལས་ ངོས་ལེན་མཛད་ཅི་ཟེར་ཨིན་པས།ཨཱན་ཝར་གྱི་ སྲིད་དོན་ཚོགས་པ་ པ་ཀ་ཏཱན་ ཧ་ར་པཱན་གྱིས་ […]

gyalchi
World News

རྒྱ་ནག་གི་ བཟོ་གྲྭའི་ཚོང་སྡེ་ཅིག་ལུ་ མེ་རྐྱེན་བྱུང་མིའི་ནང་ འབྲེལ་བ་ཡོད་མི་ ༤ འཛིན་བཟུང་།

ཨེ་བི་སི།སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ལུ་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་གི་ བཟོ་གྲྭའི་ཚོང་སྡེ་ཅིག་ལུ་ མེ་རྐྱེན་བྱུང་མིའི་ནང་ འབྲེལ་བ་ཡོད་པའི་ དོགས་པ་ཅན་ ༤ འཛིན་བཟུང་འབད་ཡི་ཟེར་ཨིན་པས།དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ལུ་ རྒྱ་ནག་དབུས་ཕྱོགས་ཀྱི་ བཟོ་གྲྭ་ཚོང་སྡེ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༣༨ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་ ༢ ལུ་ཡང་ རྨ་སྐྱོན་བྱུང་ནུག།དེ་སྦེ་ འཛིན་བཟུང་འབད་མི་ཚུ་ཡང་ བཟོ་གྲྭ་ཚོང་སྡེའི་ནང་ ལཱ་འབད་མི་ ༢ དང་ གྱོན་ཆས་ཚོང་སྡེའི་ནང་ ལཱ་འབད་མི་ ༢ ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨིན་ཌོ་ནེ་ཤི་ཡ་ལུ་ ས་ཡོམ་རྐྱབ་སྟེ་ མི་སེར་ ༢༦༨ དེ་ཅིག་ལུ་ཤི་རྐྱེན།

ཨེ་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་ ཨིན་ཌོ་ནེ་ཤི་ཡའི་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཇ་ཝ་མཚོ་གླིང་ལུ་ ས་ཡོམ་གྱིས་ ཧྲམ་བཏང་མི་ སྒྲིང་ཁྱིམ་ཚུ་གི་ རག་རོག་ཚུ་གི་ནང་ལས་ མི་རོ་ ༢༦༨ དེ་ཅིག་ ཐོབ་ཅི་ཟེར་ཨིན་པས། མེག་ནེ་ཅཱུད་ ༥.༦ འབད་མི་ ས་ཡོམ་དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༢༡ གི་ ཕྱེད་ཡོལ་དེ་ཅིག་ཁར་ རྐྱབ་ཡོདཔ་ད་ ས་ཡོམ་དེ་ལུ་བརྟེན་ཏེ་ ད་རུང་ཡང་ མི་གྲངས་ ༡༥༡ དེ་ཅིག་ བྱང་སྟོར་ཤོར་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས། དེ་བཟུམ་སྦེ་ མི་སེར་ ༡,༠༨༣ ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ འཁོར་ལམ་དང་ ཟམ་ལེ་ཤ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཀོ་ལོམ་བི་ཡའི་ ཉེ་འདབས་ས་ཁོངས་ཅིག་ནང་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་ཏེ་ མི་གྲངས་ ༨ ལུ་ཤི་རྐྱེན།

ཨེ་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ལུ་ ཀོ་ལོམ་བི་ཡའི་ ཉེ་འདབས་ས་ཁོངས་ཅིག་ནང་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ ལམ་འགྲུལཔ་ ༦ དང་ གནམ་གྲུའི་ལས་བྱེདཔ་ ༢ ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ ཀོ་ལོམ་བི་ཡ་ མེ་ཌེལ་ལིན་ཁྲོམ་སྡེའི་ ཨོ་ལེ་ཡ་ ཧེར་རེ་ར་ གནམ་ཐང་ལས་ འཕུལ་འགྲུལ་འབད་བའི་ཤུལ་ལུ་ བྱུང་ཡོདཔ་ད་ དེ་སྦེ་ ཐུག་རྐྱེན་བྱུང་མི་དེ་ གནམ་གྲུའི་འཕྲུལ་ཨམ་ལུ་ གནོད་སྐྱོན་བྱུང་པའི་སྐོར་ལས་ འབྲེལ་ཡོདཔ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཕའེ་ཟར་དང་ བ་ཡོ་ཨེན་ཊེག་གིས་ དུས་མཐུན་བཟོ་མི་ སྨན་ཁབ་ཀྱིས་ བི་ཀིའུ་ ༡.༡ གི གདོང་ལེན་ལུ་བརྡ་སྟོན།

རེའུ་ཊརཛ།སྤྱི་ཟླ་ ༡༡ པའི་ཚེས་ ༡༨ ལུ་ ཕའེ་ཟར་དང་ ཁོང་གི་མཉམ་རོགས་ བ་ཡོ་ཨེན་ཊེག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་བཟོ་མི་ སྨན་ཁབ་དེ་གིས་ ན་ལོན་ཚུ་གི་ གཟུགས་སྟོབས་སྒྲིང་སྒྲིང་ཐལ་ཏེ་ ནད་འབུབ་བི་ཀིའུ་ ༡.༡ ཟེར་མི་ལུ་ ཧེ་མའི་སྨན་ཁབ་ལས་དྲགཔ་སྦེ་ གདོང་ལེན་འབད་ཚུགས་ཟེར་ཨིན་པས།དེ་ཡང་ སྐྱེས་ལོ་ ༥༥ ཡན་ཆད་འབད་མི་ ཨོ་མི་ཀོ་རཱོན་གྱི་ སྨན་ཁབ་བཙུགས་མི་ཚུ་ལུ་ གཟུགས་ནང་གི་ ནད་ཐུབ་ནུས་པ་དེ་ ཧེ་མའི་སྨན་ཁབ་ལས་ ཧ་ལམ་གཉིས་ལྡབས་ཐོན་མི་དང་ཕྱདཔ་ད་ ད་རེས་ཀྱི་ སྨན་ཁབ་དེ་གིས་ ནད་ཐུབ་ནུས་པ་ དགུ་ལྡབས་ཐོན་ཚུགསཔ་ཨིན་པས།ད་རེས་ ནད་འབུབ་བི་ཀུའི་༡.༡ དེ་ ཡུ་ཨེཛ་ལུ་ འཕྱེལ་འགྱོ་དོ་ཡོདཔ་ད་ གནམ་དགུན་གྱི་ དུས་ཚོད་ཁར་ ཡུ་རོབ་ལུ་ཡང་ འཕྱེལ་འགྱོ་ནི་བཟུམ་ཅིག་ཡོད་མི་ ནད་འབུབ་དེ་ ངོས་འཛིན་འབད་ནི་ལུ་ཡང་ ལཱ་ཁག་ཅིག་ཡོདཔ་ལས་ ཧེ་མ་ སྨན་ཁབ་བཙུགས་ཏེ་འབད་རུང་ གཟུགས་ཁར་འཇམ་ཏོང་ཏོ་སྦེ་ འབུ་དོ་ཡོདཔ་ཨིན་པས།ཡུ་ཨེཛ་ལུ་ ནད་ཡམས་ཀོ་ཝིཌ་-༡༩ ཐོབ་མི་ཚུ་གི་གྲས་ལས་ བརྒྱ་ཆ་ ༢༤.༡ དེ་ཅིག་གི་རྩིས་ བི་ཨེ་༥ དང་ འབྲེལ་བ་ཡོད་མི་ ནད་འབུབ་ཀིའུ་༡.༡ […]

gyalchi
World News

རྒྱ་གར་རྒྱལ་ཁབ་ཀྱིས་ གནམ་གཤིས་འགྱུར་བགྲོད་ལུ་ཁས་ལེན།

ཨཱལ་ཇ་ཟི་ར།རྒྱ་གར་དེ་ འཛམ་གླིང་ནང་ བཙོག་རླུང་མང་ཤོས་ཐོན་མི་ རྒྱལ་ཁབ་ཨང་ ༣ པ་ཨིནམ་ལས་ གནམ་གཤིས་འགྱུར་བགྲོད་ཀྱི་ལཱ་ནང་ བརྩོན་ཤུགས་བསྐྱེད་མི་དང་ མཁས་མཆོག་ཚུ་གིས་ ལྷོ་ཨེ་ཤི་ཡའི་ རྒྱལ་ཁབ་ཚུ་ནང་ གནམ་གཤིས་འགྱུར་བགྲོད་ཀྱི་ སྲིད་བྱུས་ཚུ་གི་སྐོར་ལས་ བརྟག་ཞིབ་ཀྱི་ལཱ་ཚུ་ ཡར་སེང་འབད་དགོཔ་ འཐོན་ཏེ་ཡོདཔ་ཨིན་པས།འཛམ་གླིང་ནང་ མི་རློབས་མཐོ་ཤོས་ ཨང་ ༢ པ་ཨིན་མི་ རྒྱ་གར་ལུ་ ཆུ་རུད་དང་ ཚ་དྲོད་ཀྱི་ གནོད་པ་ཚུ་ དུས་རྒྱུན་ར་ ཚབས་ཆེན་སྦེ་ ཐོན་དོ་ཡོདཔ་ལས་ གནམ་གཤིས་ཀྱིས་ གནོད་པ་སྦོམ་བྱུང་མི་ རྒྱལ་ཁབ་ཅིག་ཨིན་པས།སྤྱི་ཟླ་ ༨ པའི་ནང་ རྒྱ་གཞུང་གིས་ གནམ་གཤིས་དང་འབྲེལ་བའི་ ཁས་ལེན་ཚུ་ སྤྱི་ལོ་ ༢༠༡༥ ལོར་ ས་གནས་པེ་རིཛ་ལུ་ བཟོ་ཡོད་མི་ ཆིངས་ཡིག་འོག་ལུ་ ཁས་ལེན་གྲུབ་མི་ ལ་ལོ་ཅིག་ དུས་མཐུན་བཟོ་ནི་གི་ འཆར་གཞི་བརྩམས་ནུག།ཆིངས་ཡིག་དེ་ནང་ མིང་རྟགས་བཀོད་མི་ རྒྱལ་ཁབ་ཚུ་གིས་ ལོ་ངོ་ལྔ་རེའི་བར་ན་ འཆར་གཞི་གསརཔ་ཚུ་ འཛམ་གླིང་སྤྱི་ཚོགས་ལུ་ ཕུལ་དགོཔ་སྦེ་ཡོདཔ་ཨིན་པས།རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ ན་ཧིང་ ག་ལཛ་གོ་ལུ་ཚོགས་མི་ […]

gyalchi
World News

ནེ་པཱལ་གྱི་ མི་སེར་ཚུ་གིས་ འགོ་ཁྲིདཔ་གཞོནམ་ཚུ་ གདམ་ཁ་རྐྱབ་ནི།

ཨེ་བི་སི།ནེ་པཱལ་གྱི་ རྒྱལ་བརྒྱུད་གཞུང་ ཆ་མེད་བཏང་བའི་ཤུལ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༢༠ ལུ་ འགོ་འདྲེན་འཐབ་ནི་སྦེ་ཡོད་མི་ ནེ་པཱན་རྒྱལ་ཁབ་ནང་ སྤྱི་ཚོགས་ཀྱི་ བཙག་འཐུ་དེ་ ཐེངས་ ༤ པ་ཨིན་པས།ད་ཚུན་གྱི་བར་ན་ ནེ་པཱལ་གྱི་ འགོ་ཁྲིདཔ་ཚུ་ དུས་རབས་གཅིག་གི་ མི་ཙང་ཙང་འབདཝ་ལས་ སྲིད་དོན་ཚོགས་པ་ གཙོ་བོ་ཚུ་ ཁོང་གི་དབང་ཆ་འོག་ལུ་ བཞག་ནི་དེ་གིས་ གནས་སྟངས་ལུ་ འགྱུར་བ་ག་ནི་ཡང་ མ་ཐོན་པར་ཡོདཔ་ཨིན་པས།.དེ་འབདཝ་ལས་ ཚོགས་རྒྱན་བཙུགས་མི་ མང་ཤོས་ཅིག་གིས་ འགོ་ཁྲིདཔ་ཅོག་འཐདཔ་ཚུ་གིས་ དབང་ཚད་བཟུང་མི་ལུ་ དབང་པོ་ངལ་ཡི་ཟེར་ བཤད་ཡོདཔ་མ་ཚད་ འགོ་ཁྲིདཔ་དེ་ཚུ་གིས་ མི་སེར་གྱི་ འཚོ་རྟེན་ལེག་སྒྱུར་གྱི་ ཁས་བླངས་ཚུ་འབད་དེ་ཡོད་རུང་ གྲུབ་མ་ཚུགས་པའི་ཁར་ རྒྱལ་ཁབ་ཀྱི་ ཡར་འཕེལ་ཡང་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།འདས་པའི་ལོ་ངོ་ ༡༦ གི་ནང་ སྲིད་དོན་གྱི་ བརྟན་གཞི་སྒྲིང་སྒྲིང་མེདམི་ལུ་བརྟེན་ཏེ་ གཞུང་ ༡༣ བཙུགས་དགོཔ་ ཐོན་ཡོདཔ་མ་ཚད་ འཕྲལ་འཕྲལ་སྦེ་ར་ གཞུང་སོར་དགོ་མི་དང་ སྲིད་དོན་ཚོགས་པ་ཚུ་ མ་འཆམས་པའི་ གནད་ལུ་བརྟེན་ཏེ་ དཔལ་འབྱོར་ཡར་འཕར་གྱི་ […]

gyalchi
World News

ཡུ་ཀེའི་བློན་ཆེན་ རི་ཤི་སུ་ནག་གིས་ རྒྱ་གར་གྱི་ མི་སེར་ཚུ་ ཡུ་ཀེ་ལུ་ འཛུལ་ཞུགས་ཆོག་ཐམ་ ༣,༠༠༠ རེ་ བྱིན་ནི་ཨིན་པའི་ཁས་ལེན།

ཨེན་ཌི་ཊི་ཝི།ཡུ་ཀེའི་བློན་ཆེན་ རི་ཤི་སུ་ནག་དང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་ ༢ མཇལ་ཕྲད་མཛད་པའི་སྐབས་ལུ་ ཡུ་ཀེའི་བློན་ཆེན་གྱིས་ རྒྱ་གར་ལས་ ཁྱད་ལཱ་འབད་མི་ཚུ་ ཡུ་ཀེ་ལུ་ ལཱ་འབད་བར་ འགྱོ་ནིའི་དོན་ལས་ ལོ་བསྟར་བཞིན་དུ་ འཛུལ་ཞུགས་ཆོག་ཐམ་ ༣,༠༠༠ རེ་ བྱིན་ནི་སྦེ་ ཁ་བཟེད་ནུག།དེ་ཡང་ ན་ཧིང་ ཡུ་ཀེ་དང་ རྒྱ་གར་ ༢ ཀྱི་བར་ན་ མི་སེར་ཚུ་ གནས་སྤོ་དང་ སྒུལ་བསྐྱོད་ཀྱི་ མཉམ་འབྲེལ་ལས་འཆར་ཅིག་ བརྩམས་མི་དེ་ ཏན་ཏན་ཨིན་པའི་སྐོར་ལས་ གཙོ་རིམ་བཀོད་མི་ ལས་འཆར་དེ་ལུ་བརྟེན་ཏེ་ ཡུ་ཀེ་ལུ་ འཛུལ་ཞུགས་ཆོག་ཐམ་གྱི་ ཁེ་ཕན་ཐོབ་མི་ རྒྱལ་ཁབ་དང་པ་དེ་ རྒྱ་གར་ཨིན་ཟེར་ བི་རི་ཊིཤ་གཞུང་གིས་ བཤད་ཡོདཔ་ཨིན་པས།ད་རེས་ ཡུ་ཀེ་དང་ རྒྱ་གར་ ༢ ཀྱི་བར་ན་ཡོད་མི་ ན་གཞོན་ཁྱད་ལཱའི་ ལས་འཆར་དེ་ གཏན་འཁེལ་སོང་ཡོདཔ་ལས་ རྒྱ་གར་གྱི་ ཁྱད་ལཱ་འབད་མི་ མཐོ་རིམ་ཤེས་ཚད་ཅན་ སྐྱེས་ལོ་ ༡༨ ལས་ ༣༠ ཚུན་གྱི་བར་ན་འབད་མི་ཚུ་ ཡུ་ཀེ་ལུ་ […]

gyalchi
Online now: 26 Today: 2315 Total visitors: 9535