ArchiveAboutContact

Category: World News

World News

ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ ཕྱད་མདའ་དེ་ ཡུན་རིངམོ་སྦེ་ར་ འགོར་ནི་བཟུམ་ཅིག་ཡོད་པའི་ངོས་ལེན།

རོའི་ཊརཛ།སྤྱི་ཟླ་ ༡༢ པའི་ཚེས་ ༨ ལུ་ ར་ཤི་ཡའི་སྲིད་འཛིན་ ཝེ་ལ་ཌི་མིར་ པུ་ཊིན་གྱིས་ ཁོང་གི་དམག་མི་ཚུ་ ཡུ་ཀེ་རེན་ལུ་ ཕྱད་མདའ་རྐྱབ་སྟེ་ དུས་ཡུན་རིངམོ་སྦེ་ར་ ལུས་ནི་བཟུམ་ཅིག་ཡོད་རུང་ ད་ལྟོ་ དམག་རྒྱབ་འབོད་བཀུག་གི་ དགོས་མཁོ་མེད་པའི་ ངོས་ལེན་འབད་ནུག།སྲིད་འཛིན་པུ་ཊིན་གྱིས་ ཟླ་ངོ་ ༦ གི་ཧེ་མར་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའ་རྐྱབ་ནི་ འགོ་བཙུགས་ཡོད་པའི་སྐོར་ལས་ ལོ་རྒྱུས་ལེ་ཤ་སྦེ་ བཤད་ནི་མེད་རུང་ ཁོ་ལུ་ དམ་ཚིག་བསྟེན་མི་ཚུ་དང་གཅིག་ཁར་ རྒྱང་མཐོང་ཐོག་ལས་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ ཕྱད་མདའ་དེ་ ད་རུང་ཡང་ དུས་ཚོད་འགོར་ནི་བཟུམ་ཅིག་ཡོད་ཟེར་ཨིན་པས།སྤྱི་ཟླ་ ༧ པ་ལས་ཚུར་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ རྒྱབ་སྐྱོར་འབད་དེ་ཡོད་མི་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གི་ གདོང་ལེན་འབད་མ་ཚུགས་པར་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་དང་ ལྷོ་ཕྱོགས་ས་གོ་ལས་ ར་ཤི་ཡའི་ དམག་མི་ཚུ་ ཚར་ལེ་ཤ་ཅིག་ར་ རྒྱབ་བཤུད་རྐྱབ་དགོཔ་ཐོན་ནུག།ཡུ་ཀེ་རེན་དེ་ ནུབ་ཕྱོགས་ཁ་ཐུག་ལུ་ ཕྱོགས་ལྷུང་འབད་མི་ཨིནམ་ལས་ སྲུང་སྐྱོབ་ཀྱི་ ཉེན་ཁ་ཡོད་ནི་དེ་གིས་ ར་ཤི་ཡ་གིས་ སྤྱི་ཟླ་ ༢ པའི་ནང་ལས་ […]

gyalchi
World News

ནེ་པཱལ་གྱི་ གཞུང་སྐྱོང་ཚོགས་པ་ ནེ་པཱ་ལི་ ཀོང་རེཛ་གིས་ འཕྲོ་མཐུད་དེ་ར་ གཞུང་སྐྱོང་ནི་གི་འོས་འབབ།

རོའི་ཊརཛ།ནེ་པཱལ་ལུ་ སྤྱིར་བཏང་བཙག་འཐུའི་ནང་ལས་ ནེ་པཱ་ལི་ ཀོང་རེཛ་ཚོགས་པ་གིས་ སྤྱི་ཚོགས་ནང་ སྡོད་ཁྲི་ ༢༧༥ ལས་ ༨༩ ཐོབ་ཡོདཔ་བཞིན་དུ་ ཚོགས་པ་དེ་གི་འགོ་ཁྲིདཔ་ ཤེར་བྷ་དུར་ དེའུ་བ་དེ་ འཕྲོ་མཐུད་དེ་ར་ བློན་ཆེན་སྦེ་ གནས་ནི་བཟུམ་ཅིག་ཡོདཔ་ཨིན་པས།ནེ་པཱ་ལི་ ཀོང་རེཛ་ཚོགས་པ་དེ་ སྲིད་ཚོགས་ ༥ མཉམ་བསྡོམས་འབད་མི་ ཚོགས་པ་ཅིག་ཨིནམ་ད་ ་ཚོགས་པ་དེ་གི་ གཞུང་སྐྱོང་གནས་ཡུན་དེ་ ན་ཧིང་ སྤྱི་ཟླ་ ༧ པའི་ནང་ལས་ འགོ་བཙུགས་ནུག།སྤྱི་ཟླ་ ༡༢ པའི་ཚེས་ ༧ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ རྩིས་ཐོ་བཏོན་མི་དང་འཁྲིལཝ་ད་ ཚོགས་རྒྱན་གྲངས་མང་གྱི་གྲས་ཁར་ ཚུད་ནིའི་དོན་ལས་ སྡོད་ཁྲི་ ༡༣༨ ཀྱི་ ཚོགས་རྒྱན་འཐོབ་དགོ་ས་ལས་ ནེ་པཱ་ལི་ ཀོང་རེཛ་གིས་ སྡོད་ཁྲི་ ༡༣༦ ཐོབ་སྟེ་ཡོདཔ་ཨིན་པས།ནེ་པཱ་ལི་ ཀོང་རེཛ་ཚོགས་པའི་མགྲིན་ཚབ་ པར་ཀཤ་ཤ་རཱན་ མ་ཧཱཏ་གིས་ སྲིད་ཚོགས་གསརཔ་ ཇ་ན་མཱཏ་ཚོགས་པ་གིས་ སྡོད་ཁྲི་ ༦ གི་ ཚོགས་རྒྱན་ཐོབ་ཡོདཔ་ལས་ ཚོགས་པ་དེ་གིས་ […]

gyalchi
World News

ཡུ་ཀེ་རེན་གྱི་ གཞུང་ཚབ་ཡིག་ཚང་ཚུ་ནང་ ཡིག་ཐོག་གི་ གས་རྫས་ཚུ་ཡོད་མི་ ཐུམ་སྒྲིལ་ཚུ་ཐོབ་ཡོདཔ།

ཨིན་ཌི་ཡ་ཊུ་ཌེ།བདུན་ཕྲག་འདི་ འགོ་བཙུགས་ཁམས་ལས་ ཡུ་རོབ་ལུ་ཡོད་མི་ ཡུ་ཀེ་རེན་གྱི་ གཞུང་ཚབ་ཡིག་ཚང་ཚུ་ནང་ ཁྲག་ཁོག་ཁོ་འབད་མི་ སེམས་ཅན་གྱི་ མིག་ཏོག་དང་ ཡིག་ཐོག་གི་ གས་རྫས་ཡོད་མི་ ཐུམ་སྒྲིལ་ཚུ་ ཐོབ་ཡོདཔ་ཨིན་པས།ཡུ་ཀེ་རེན་དང་ སི་པེན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཐུམ་སྒྲིལ་ཚུ་ ཡུ་རོབ་རྒྱལ་ཁབ་ཚུ་ནང་ཡོད་མི་ ཡུ་ཀེ་རེན་གྱི་ གཞུང་ཚབ་ཡིག་ཚང་ཚུ་ནང་ བསྐྱལ་ཡོད་མིའི་གྲས་ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༣ ལུ་ མ་ཌིཌ་ལུ་ཡོད་མི་ ཡུ་ཀེ་རེན་གྱི་ སྐུ་ཚབ་ཡིག་ཚང་གིས་ཡང་ སེམས་ཅན་གྱི་ མིག་ཏོག་ཡོད་མི་ ཐུམ་སྒྲིལ་ཅིག་ ཐོབ་ཅི་ཟེར་ཨིན་པས།ད་རེས་ཚུན་གྱི་རིང་ལུ་ ཡུ་ཀེ་རེན་གྱི་ སྐུ་ཚབ་ཡིག་ཚུ་ནང་ ཡིག་ཐོག་གི་ གས་རྫས་དང་ གས་རྫས་རྫུན་མའི་ཡི་གུ་ དེ་ལས་ ནོར་དང་ ཕགཔ་གི་ མིག་ཏོག་བཟུམ་མའི་ སེམས་ཅན་གྱི་ ཡན་ལག་ཚུ་ཡོད་མི་ ཡི་གུ་ ༡༧ དེ་ཅིག་ ཐོབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་ཡུ་པི་ལུ་ སྐྱེས་ལོ་ ༡༥ འབད་མི་ བུམོ་ཅུང་ཅིག་ དབང་བཙོང་འདོད་སྤྱོད་དང་ དམར་བསད།

ཨེན་ཌི་ཊི་ཝི།རྒྱ་གར་ཡུ་པི་མངའ་སྡེའི་ མ་ཐུ་ར་རྫོང་ཁག་གི་ ཁྲིམས་སྲུང་འགག་སྡེའི་ ས་ཁོངས་ཀྱི་ གཡུས་ཚན་ཅིག་ནང་ མི་ངན་སྡེ་ཚན་ཅིག་གིས་ སྐྱེས་ལོ་ ༡༥ འབད་མི་བུམོ་ཅིག་ དབང་བཙོང་འདོད་སྤྱོད་འབད་བའི་ཤུལ་ལུ་ དམར་བསད་འབད་ནུག།དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ ཕྱི་རོའི་ཆུ་ཚོད་ ༨.༣༠ དེ་ཅིག་ཁར་ སྐྱེས་ལོ་ ༩ འབད་མི་ མོ་རའི་ནུམོ་ཁྱིད་དེ་ ཁྱིམ་གྱི་སྦོ་ལོགས་ཁར་ཡོད་མི་ ནགས་ཚལ་ནང་ སེམས་ངལ་ཞི་ཐབས་ལུ་ བཤལ་བར་འགྱོཝ་ད་ ཕོ་སྐྱེས་ ༣ གྱིས་ དབང་བཙོང་འདོད་སྤྱོད་འབད་བའི་ཤུལ་ལུ་ སྐེ་བསྡམས་ཏེ་ དམར་བསད་འབད་ནུག་ཟེར་ ཁྲིམས་སྲུང་འགག་སྡེ་གིས་ བཤད་ཡོདཔ་ཨིན་པས།དེ་བསྒང་ སྐྱེས་ལོ་ ༩ འབད་མི་ བུམོ་ཅུང་དེ་ བྱོག་ཐལ་ཡོདཔ་ལས་ ནང་མི་ཚུ་ལུ་ སླབ་པའི་ཤུལ་ལས་ གཡུས་མི་ཚུ་དང་བཅསཔ་སྦེ་ འཚོལ་བར་སོང་ཡོདཔ་བཞིན་དུ་ ཕོ་སྐྱེས་ ༢ འཛིན་བཟུང་འབད་དེ་ ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་ཐོག་ལས་ དོ་དམ་འོག་ལུ་ བཞག་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཨེཛ་གིས་ ཨཱལ་ཀའི་ཌ་དང་ ཏ་ལི་བཱན་སྡེན་གྱི་ འགོ་འཛིན་ ༤ རྒྱལ་སྤྱིའི་དྲག་ཐོག་དབང་བཙོངཔ་ཨིན་པའི་ངོས་འཛིན།

ཨེན་ཌི་ཊི་ཝི།ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཊོ་ནི་བི་ལིང་ཀེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཨཱལ་ཀའི་ཌ་དང་ པ་ཀིཛ་ཏཱན་ ཏ་ལི་བཱན་སྡེན་གྱི་ འགོ་འཛིན་ ༤ རྒྱལ་སྤྱིའི་དྲག་ཐོག་དབང་བཙོངཔ་སྦེ་ ངོས་འཛིན་འབད་ཡོདཔ་ལས་ ཡུ་ཨེཛ་གཞུང་གིས་ ཨཕ་གྷ་ནིཛ་ཏཱན་ལུ་ དྲག་ཐོག་དབང་བཙོངཔ་ཚུ་གིས་ ལཱ་ངན་འབད་ནི་མེདཔ་ ངེས་གཏན་བཟོ་འོང་ཟེར་ཨིན་པས།དེ་སྦེ་ དྲག་ཐོག་དབང་བཙོང་འབད་མི་ ངོས་འཛིན་འབད་དེ་ཡོད་མི་ཚུ་ཡང་ རྒྱ་གར་གྱི་ ནང་གསེས་གླིང་ཆེན་ནང་གི་ ཨཱལ་ཀའི་ཌའི་འགོ་འཛིན་ ཨོ་ས་མ་ མེཧ་མཱུཌ་དང་ འགོ་འཛིན་འོགམ་ ཡ་ཧི་ཡ་གྷའུ་རི་ དེ་ལས་ སྡེ་ཚན་དེ་ཁར་ གྲལ་གཏོགས་ནང་བཙུགས་མི་ མུ་ཧ་མེཌ་མ་རུཕ་ཚུ་ ཚུད་ཡོདཔ་ཨིན་པས།དེ་མ་ཚད་ པ་ཀིཛ་ཏཱན་གྱི་ས་ཁོངས་ ཁའི་བར་པག་ཏཱུན་ཁ་ མངའ་སྡེའི་ནང་ དྲག་ཐོག་དབང་བཙོང་གི་ལཱ་ཚུ་ བལྟ་རྟོག་འབད་མི་ ཏེཧ་རིག་ཨི་ ཏ་ལི་བཱན་ཟེར་མི་ སྡེ་ཚན་གྱི་ འགོ་འཛིན་འོགམ་ ཀ་རི་ཨམ་ཇཱཌ་ཟེར་མི་དེ་ཡང་ ཡུ་ཨེཛ་གི་ བཀག་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།བཀག་དམ་དེ་ཡང་ ཡུ་ཨེཛ་གི་ ཁྱབ་ཁོངས་ནང་འཁོད་ཚུད་མི་ གོང་གི་མི་ངོམ་ཚུ་གི་ རྒྱུ་དངོས་ཚུ་ སྤྲོད་ལེན་འབད་ནི་མེདཔ་སྦེ་ བཞག་ནི་ཨིན་པས།རྒྱལ་སྤྱིའི་ནང་ དྲག་ཐོག་དབང་བཙོང་གི་ ལཱ་འབད་མི་ཚུ་གིས་ ཨཱཕ་གྷ་ནིཛ་ཏཱན་ལུ་ དྲག་ཐོག་དབང་བཙོང་གི་ ལཱ་བྱ་འཐབ་མ་ཆོགཔ་སྦེ་ བཟོ་ནི་གི་ […]

gyalchi
World News

ཡུ་ཀེ་རེན་དང་ ར་ཤི་ཡའི་ དམག་འཁྲུག་ནང་ ཡུ་ཀེ་རེན་གྱི་ དམག་མི་ ༡༣,༠༠༠ ལུ་ཤི་རྐྱེན།

བི་བི་སི།ཡུ་ཀེ་རེན་ལུ་ ར་ཤི་ཡ་གིས་ དྲག་དམག་ཐོག་ལས་ བཙན་འཛུལ་འབད་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ ཡུ་ཀེ་རེན་གྱི་ དམག་མི་ ༡༣,༠༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ འགན་འཛིན་འགོ་དཔོན་གོངམ་ཅིག་གིས་ བཤད་ཡོདཔ་ཨིན་པས།མ་གཞི་ དམག་མི་ཤི་རྐྱེན་གྱི་ གྱངས་ཁ་གསལ་བཤད་འབད་ནི་དེ་ ལཱ་ཁག་ཅིག་ཨིནམ་ལས་ ངེས་གཏན་མིན་ཟེར་ ཡུ་ཀེ་རེན་ སྲིད་འཛིན་གྱི་གྲོས་དཔོན་ མི་ཁའི་ལོ་ པོ་ཌཱོལ་ཡག་གིས་ གསལ་བཤད་ནང་བཀོད་ནུག།སྤྱི་ཟླ་ ༦ པའི་ནང་ ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཉིན་བསྟར་བཞིན་དུ་ ཡུ་ཀེ་རེན་གྱི་ དམག་མི་ ༡༠༠ དང་ ༢༠༠ དེ་རེའི་བར་ན་ ཤི་རྐྱེན་བྱུང་མས་ཟེར་ཨིན་པས།ག་དེ་སྦེ་ཨིན་རུང་ ཡུ་རོབ་ལྷན་ཚོགས་ཀྱིས་ ཡུ་ཀེ་རེན་གྱི་ དམག་མི་ ༡༠༠,༠༠༠ དེ་ཅིག་ལུ་ ཤི་རྐྱེན་དང་ རྨ་སྐྱོན་བྱུང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་གིས་ ཏི་ཡང་གོང་ མཁའ་དབྱིངས་འཕྲུལ་སྐར་ནང་ སྡེ་ཚན་གསརཔ་ཅིག་བཏང་ཡོདཔ།

བི་བི་སི།རྒྱ་ནག་གིས་ ཏི་ཡང་གོང་ མཁའ་དབྱིངས་འཕྲུལ་སྐར་ནང་ཡོད་མི་ མཁའ་སྐྱོད་མཁས་མཆོག་ཚུ་ལས་ འགོ་དང་པ་ གནམ་ཁ་ལུ་སྦེ་ར་ འཕྲུལ་སྐར་རྩིས་སྤྲོད་ལེན་གྱི་དོན་ལས་ མཁའ་སྐྱོད་མཁས་མཆོག་ ༣ བཏང་ཡོདཔ་ཨིན་པས།འཕྲུལ་སྐར་དེ་ཡང་ མི་གཏན་འཇགས་ཀྱི་དོན་ལས་ གནས་ཡོད་མི་ མཁའ་དབྱིངས་འཕྲུལ་སྐར་ཐོག་གི་ ལས་དོན་ཁང་ ༢ པ་ཨིནམ་ད་ སྤྱི་ལོ་ ༢༠༡༡ ལུ་ ནཱ་ས་གིས་ འགོ་ཁྲིད་འབད་དེ་ རྒྱལ་སྤྱི་མཁའ་དབྱིངས་འཕྲུལ་སྐར་ཐོག་གི་ ལས་དོན་ཁང་དེ་ གནམ་ཁ་ལུ་བཏངམ་ད་ རྒྱ་ནག་གིས་ གྲལ་གཏོགས་འབད་མ་ཚུགསཔ་ཨིན་པས།ད་རེས་ དེ་སྦེ་བཏང་མི་ མཁའ་དབྱིངས་མཁས་མཆོག་ སྡེ་ཚན་དེ་གིས་ ཧེ་མ་ སྤྱི་ཟླ་ ༦ པའི་ནང་ ལས་དོན་ཁང་ནང་ ལྷོད་དེ་ཡོད་མི་ མི་ངོམ་ ༣ འབད་མི་ སྡེ་ཚན་ལས་ རྩིས་ལེན་ཏེ་ ལས་དོན་ཁང་དེ་ནང་ ཟླཝ་ ༦ སྡོད་ནི་ཨིན་པས།རྩིས་སྤྲོད་ལེན་དེ་ བདུན་ཕྲག་ ༡ གི་རིང་ལུ་ འགོར་ནི་ཨིནམ་ད་ དེ་ཡང་ འཕྲུལ་སྐར་ཐོག་གི་ ལས་དོན་ཁང་ནང་ མཁའ་དབྱིངས་མཁས་མཆོག་ ༦ སྡོད་ནི་གི་ ལྕོགས་གྲུབ་ཡོད་མེད་ […]

gyalchi
World News

ཡུ་ཀེ་རེན་ལུ་ བྱང་ཨེཏ་ལེན་ཊིག་ ཆིངས་ཡིག་ཚོགས་པ་ ནེ་ཊོ་གིས་ གོ་མཚོན་མངམོ་སྤྲོད་ནི་དང་ གློག་ཐག་ཚུ་ བཅོ་ཁ་རྐྱབ་ནི་གི་ཁས་ལེན།

བི་བི་སི།སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ ནེ་ཊོ་ཟེར་མི་ བྱང་ཨེཏ་ལེན་ཊིག་ ཆིངས་ཡིག་ཚོགས་པ་གིས་ གསལ་བཤད་འབད་མི་དང་འཁྲིལ་བ་ཅིན་ ཡུ་ཀེ་རེན་གྱི་ མི་སེར་དང་ གློག་ཐག་ཚུ་གུ་ ར་ཤི་ཡ་གིས་ རྒྱུན་ཆད་མེད་པའི་ གནོད་འཚུབ་བཀལ་ནི་དེ་གིས་ མི་སེར་ས་ཡ་ལེ་ཤ་ཅིག་ལུ་ འགྲོ་བ་མིའི་ཞབས་ཏོག་ཚུ་ འཐོབ་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།ནེ་ཊོའི་འཐུས་མི་རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་ལུ་ གློག་མེའི་གཞི་རྟེན་མཁོ་ཆས་ཚུ་ ཉམས་བཅོས་འབད་ནི་དང་ མི་སེར་ཚུ་ མི་ཛ་ཡེལ་ལས་ ཉེན་སྐྱོབ་འབད་ནི་ཨིནམ་སྦེ་ གསལ་བཤད་ནང་བཀོད་ནུག།ཡུ་ཀེ་རེན་གྱི་ ཕྱི་འབྲེལ་བློན་པོ་ ཌི་མི་ཏི་རོ་ ཀུ་ལེ་བ་དང་ མཉམ་འབྲེལ་ཐོག་ལས་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ སི་ཊཱོལ་ཊེན་བཱག་གིས་ དུས་ཡུན་ག་དེམ་ཅིག་འགོར་རུང་ ང་བཅས་ཀྱིས་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་འབད་ནི་ལས་ རྒྱབ་བཤུད་མི་རྐྱབ་ཟེར་ཨིན་པས།.དེ་མ་ཚད་ ར་ཤི་ཡའི་ སྲིད་འཛིན་པུ་ཊིན་གྱིས་ ཡུ་ཀེ་རེན་ལས་ རྒྱལ་ཁ་འཐོབ་མ་ཚུགསཔ་སྦེ་ བཞག་དགོཔ་དེ་ ག་ནི་བ་ གལ་ཆེ་མི་དེ་ཡང་ ག་དེམ་ཅིག་སྦེ་ ཡུ་ཀེ་རེན་ལས་ རྒྱལ་ཁ་འཐོབ་པ་ཅིན་ ཡུ་ཀེ་རེན་ལུ་ སྡུག་སྦྱོང་སྦོམ་ར་ ཕོག་ནི་ཨིན་པའི་གུ་ འཛམ་གླིང་འདི་ཡང་ ཉེན་ཁ་ཅན་ཅིག་ལུ་ འགྱུར་ནི་མས་ཟེར་ཨིན་པས།ཨིཛ་ཊོ་ནི་ཡའི་ ཕྱི་འབྲེལ་བློན་པོ་ […]

gyalchi
World News

པ་ཀིཛ་ཏཱན་ལུ་ རང་སྲོག་བཅད་ཐོག་ལས་ རྫས་བམ་ཅིག་ གས་བཅུག་མིའི་ནང་ མི་གྲངས་ ༣ ལུ་ ཤི་རྐྱེན་དང་ ༢༣ ལུ་རྨ་སྐྱོན།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལུ་ པ་ཀིཛ་ཏཱན་གྱི་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་ཊག་ཅིག་ལུ་ དམིགས་གཏད་བསྐྱེད་དེ་ རང་སྲོག་བཅད་ཐོག་ལས་ རྫས་བམ་ཅིག་ གས་བཅུག་མིའི་ནང་ མི་གྲངས་ ༣ ལུ་ ཤི་རྐྱེན་དང་ ༢༣ ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ ཨཕ་གྷ་ནིཛ་ཏཱན་གྱི་ ཏཱ་ལི་བཱན་ལས་ ཁ་དབྱེ་འགྱོ་མི་ པ་ཀིཛ་ཏཱན་ ཏེ་རིག་-ཨི་-ཏཱ་ལི་བཱན་ཟེར་མི་ སྡེ་ཚན་ཨིན་རུང་ སྤྱིར་བཏང་ཨིཛ་ལ་མིག་གི་ ལྟ་བ་དེ་ལུ་ དབྱེ་བ་མེདཔ་ཨིན་པས། སྡེ་ཚན་དེ་གིས་ གནམ་བྱཱར་གྱི་སྐབས་ལུ་ ཨིཛ་ལ་མ་བཱད་དང་ཅིག་ཁར་ ཏན་ཏན་ག་ནི་ཡང་མེད་པའི་ ཟིང་འཁྲུག་བཀག་དམ་གྱི་ མོས་མཐུན་བྱུང་ཡོད་མི་དེ་ མཇུག་བསྡུ་དགོ་པའི་ ཁྱབ་བསྒྲགས་འབད་བའི་ཤུལ་ལུ་ རྒྱལ་ཁབ་མཐའ་དབུས་མེད་པར་ ལོག་སྟེ་ར་ གནོད་འཚུབ་བཀལ་ནི་ འགོ་བཙུགས་དགོ་པའི་ བཀོད་རྒྱ་བྱིན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་གིས་ འཛིམ་གླིང་ཞི་བདེའི་དོན་ལས་ བྱང་ཀོ་རི་ཡ་དང་གཅིག་ཁར་ ལཱ་འབད་ནི་གི་རེ་བ།

ཨིན་ཌི་ཡ་ཊུ་ཌེ།སྤྱི་ཟླ་ ༡༡ པའི་ཚེས་ ༢༦ ལུ་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་ལུ་ བརྡ་འཕྲིན་བཏང་མི་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡ་དང་གཅིག་ཁར་ འཛམ་གླིང་ཞི་བདེའི་དོན་ལས་ ལཱ་འབད་ནི་གི་ རེ་བ་ཡོད་ཟེར་ཨིན་པས།སྲིད་འཛིན་ཛི་གིས་ བརྡ་འཕྲིན་དེ་ཡང་ བྱང་ཀོ་རི་ཡ་གིས་ མི་ཛ་ཡེལ་ ཤུགས་ཚད་སྦོམ་ཅིག་ བརྟག་དཔྱད་འབད་དེ་ ཉིན་གྲངས་དག་པ་ཅིག་གི་ཤུལ་ལས་ བཏང་ཡོདཔ་ད་ དེ་སྦེ་ བརྟག་དཔྱད་འབད་མི་དེ་ཡང་ ཡུ་ཨེཛ་གིས་ ཉེན་བརྡ་འབད་ནི་དེ་གིས་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 17 Today: 2426 Total visitors: 9646