ArchiveAboutContact

Category: World News

World News

འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་མཆོག་གིས་ མ་ཡན་མར་ དམག་སྡེའི་གཞུང་ལུ་ དམངས་གཙོའི་རིང་ལུགས་དེ་ ལོག་བཙུགས་དགོ་པའི་ནན་སྐུལ།

ཨཱལ་ཇ་ཟི་ར།སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨེན་ཊོ་ནིའོ་ ག་ཊར་རཱཛ་མཆོག་གིས་ མ་ཡན་མར་ དམག་སྡེའི་གཞུང་ལུ་ དེ་འཕྲལ་ལས་ དམངས་གཙོའི་རིང་ལུགས་དེ་ ལོག་སྟེ་ར་ བཙུགས་དགོ་པའི་ ནན་སྐུལ་མཛད་ནུག།དེ་ཡང་ ཡོངས་ཁྱབ་དྲུང་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ མ་ཡན་མར་ རྒྱལ་ཁབ་ནང་ཡོད་མི་ ད་ལྟོའི་གནས་སྟངས་དེ་གིས་ ལུང་ཕྱོགས་ཀྱི་ ཞི་བདེ་ལུ་ཡང་ འཇིགས་སྐྲག་དང་ ཉེན་ཁ་འཐོན་ཏེ་ཡོད་ཟེར་ཨིན་པས།སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ མ་ཡན་མར་ དམག་སྡེ་གིས་ ཞི་བའི་མི་སེར་གྱི་ གཞུང་སྐྱོང་འགོ་ཁྲིདཔ་ ཨམ་ཨང་སན་སུ་ཀི་དེ་ ཕྱིར་བཏོན་འབད་མི་དང་འབྲེལ་ཏེ་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ཡང་ དམར་བསད་འབད་ནུག།དེ་འབདཝ་ལས་ ཨེ་སེ་ཡན་ཟེར་མི་ ཤར་ལྷོ་ཨེ་ཤི་ཡ་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ནང་ གནད་དོན་དེ་ གཙོ་ཅན་ཅིག་ལུ་ གྱུར་ཡོདཔ་ད་ ད་ཚུན་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་ཀྱི་ བརྩོན་ཤུགས་བསྐྱེད་དེ་འབད་རུང་ གྲུབ་འབྲས་མེདཔ་ ཐོན་སོང་ཡི་ཟེར་ཨིན་པས།དེ་མ་ཚད་ ཡོངས་ཁྱབ་དྲུང་ཆེན་མཆོག་གིས་ མ་ཡན་མར་གྱི་ དམག་སྡེའི་དབང་འཛིན་ཚུ་ལུ་ ཁོང་རའི་མི་སེར་གྱིས་ ཞུ་བ་འབད་མི་ལུ་ ཉན་ཐོག་ལས་ སྲིད་དོན་ཚོགས་པའི་ […]

gyalchi
World News

རྒྱ་གར་གྱི་ ལྷོ་ཕྱོགས་མངའ་སྡེའི་ས་གནས་ ཅེ་ནའི་ཁྲོམ་སྡེ་ལུ་ ཆུ་རུད་ཐོན་ཏེ་ མི་སེར་ ༤༠༠ ལུ་ཤི་རྐྱེན།

བི་བི་སི།མི་ལོ་ ༧ གྱི་རྒྱབ་ལས་ རྒྱ་གར་གྱི་ ལྷོ་ཕྱོགས་མངའ་སྡེའི་ས་གནས་ ཅེ་ནའི་ཁྲོམ་སྡེ་ལུ་ ཆརཔ་སྦོམ་སྦེ་ར་ རྐྱབ་ནི་དེ་གིས་ ཆུ་རུད་ཐོན་པའི་ རྐྱེན་ངན་ནང་ མི་སེར་ ༤༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་འབདཝ་ལས་ སྤྱི་ཟླ་ ༡༡ པའི་ནང་ར་ སློབ་གྲྭ་ཁག་དང་ མཐོ་རིམ་སློབ་གྲྭ་ཚུ་ སྒོ་བསྡམས་དགོཔ་ བྱུང་མི་དེ་ ད་རེས་ ཐེངས་ ༢ པ་ཨིནམ་ད་ དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལས་ ཆརཔ་སྦོམ་སྦེ་ར་ རྐྱབ་ནི་དེ་གིས་ཨིན་པས།དེ་མ་ཚད་ ཆར་ཆུ་དེ་ལུ་བརྟེན་པའི་ ཆུ་རུད་ཐོན་མི་དེ་གིས་ འཁོར་ལམ་དང་ སྡོད་ཁྱིམ་གྱི་ ས་ཁོངས་ཚུ་ནང་ ཆུ་འདམ་ཁོག་ཁོ་ཚུ་གིས་ མི་སེར་ས་ཡ་ ༡༢ དེ་ཅིག་ལུ་ དཀའ་ངལ་འབྱུང་སྟེ་ཡོད་པའི་གུ་ ད་ལས་ཕར་ཡང་ ཆརཔ་འཕྲོ་མཐུད་དེ་ར་ རྐྱབ་ནི་ཨིན་པའི་སྐོར་ལས་ དབང་འཛིན་ཚུ་གིས་བཤད་ནུག།དེ་བཟུམ་སྦེ་ སྤྱི་ཟླ་ ༡༠ པའི་ཚེས་ ༣༡ ལུ་ཡང་ ཆར་ཆུ་ལུ་བརྟེན་པའི་ ཆུ་རུད་ཀྱི་ རྐྱེན་ངན་ནང་ […]

gyalchi
World News

རྒྱ་གར་གྱི་ བློན་ཆེན་མཆོག་གིས་ བེན་ག་ལུ་རུ་ གསར་གཏོད་འབད་མིའི་ སྐུ་འདྲ་འགོ་འབྱེད།

བི་བི་སི།རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་མཆོག་གིས་ དུས་རབས་ ༡༦ པའི་ནང་ བེན་ག་ལུ་རུའི་ ས་ཁོངས་འགོ་དང་པ་ གསར་གཏོད་འབད་མི་ ས་གནས་ཀྱི་འགོ་ཁྲིདཔ་ ཀེམ་པ་གོཝ་ཌའི་ སྐུ་འདྲ་ཅིག་ འགོ་འབྱེད་མཛད་ནུག།རྒྱུ་ལི་ལས་གྲུབ་པའི་ སྐུ་འདྲ་དེ་ཡང་ མཐོ་ཚད་མི་ཊར་ ༣༣ དང་ ལྗིད་ཚད་ཊཱོན་ ༢༢༠ ཡོདཔ་ད་ སྐུ་འདྲ་དེ་ རྒྱ་གར་ཀར་ན་ཊ་ཀ་མངའ་སྡེའི་ རྒྱལ་ས་ལུ་ཡོད་མི་ རྒྱལ་སྤྱིའི་གནམ་ཐང་གི་ ས་ཁོངས་ནང་ཡོདཔ་ཨིན་པས།སྐུ་འདྲ་དེ་ལུ་ རིན་གོང་རུ་པི་ ས་ཡ་ ༨༥༠ གནས་ཡོདཔ་ད་ སྤྱི་ལོ་ ༢༠༡༩ ལུ་ མངའ་སྡེའི་གཞུང་གིས་ བརྗོད་དོན་དང་མཐུན་པའི་ གླིང་ག་དང་ སྐུ་འདྲ་བཟོ་བསྐྲུན་གྱི་དོན་ལས་ མ་དངུལ་རུ་པི་ ཐེར་འབུམ་ ༡ བཞག་ནུག།སྐུ་འདྲ་དེ་ལུ་ ཕུན་སུམ་ཚོགས་པའི་ སྐུ་འདྲ་ཟེར་ མཚན་གསོལ་འབད་མི་དེ་ བེན་ག་ལུ་རུ་དེ་ སྔར་བ་ལྷགཔ་སྦེ་ ཡར་རྒྱས་གོང་འཕེལ་འགྱོ་བའི་ བརྡ་མཚོན་ལུ་དམིགས་ཏེ་ཨིན་ཟེར་ མངའ་སྡེའི་བློན་པོ་ཅིག་གིས་ བཤད་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མལ་དིབཛ་ལུ་ སྒྲིང་ཁྱིམ་ཅིག་གུ་ མེ་རྐྱེན་བྱུང་སྟེ་ མི་ ༡༠ ལུ་ཤི་རྐྱེན།

ཨིན་ཌི་ཡ་ཊུ་ཌེ། སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ལུ་ མལ་དིབཛ་གི་རྒྱལ་ས་ མ་ལེ་ལུ་ སྒྲིང་ཁྱིམ་ཅིག་གུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༠ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས། མེ་རྐྱེན་དེ་ཡང་ སྒྲིང་ཁྱིམ་དེ་གི་ འོག་ཐོག་ལུ་ཡོད་མི་ སྣུམ་འཁོར་བཅོ་ཁང་ནང་ལས་ བྱུང་ནུག་ཟེར་ཨིནམ་ད་ དེ་སྦེ་ ཤི་རྐྱེན་བྱུང་མི་ ༡༠ ལས་ མི་གྲངས་ ༩ པོ་དེ་ རྒྱ་གར་གྱི་ མི་ཁུངས་ཨིན་པའི་ ངོས་འཛིན་བྱུང་ནུག། སྒྲིང་ཁྱིམ་དེ་ནང་ ཕྱི་རྒྱལ་ལས་ ལཱ་འབད་བར་འོང་མི་ཚུ་ སྡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

སྲིད་འཛིན་ཛི་ཇིན་པིང་གིས་ རྒྱ་ནག་གི་ དམག་སྡེ་ལུ་ ཕྱད་མདའ་རྐྱབ་སྟེ་ རྒྱལ་ཁ་འཐོབ་ནིའི་དོན་ལས་ གྲ་སྒྲིག་འབད་དགོ་པའི་བཀོད་རྒྱ།

ཨེན་ཌི་ཊི་ཝི།རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ རྒྱ་ནག་གི་ རྒྱལ་ཡོངས་བདེ་སྲུང་དེ་ སྲ་བརྟན་མེདཔ་ འགྱོ་དོ་ཡོདཔ་ལས་ དམག་སྡེ་གིས་ སྟོབས་ཤུགས་ཡོད་རིགས་ཀྱི་ ལྕོགས་གྲུབ་ཡར་སེང་ཐོག་ལས་ ཕྱད་མདའ་རྐྱབ་ནི་ལུ་ གྲ་སྒྲིག་འབད་དེ་ ཕྱད་མདའ་ཚུ་གི་ནང་ལས་ རྒྱལ་ཁ་འཐོབ་ནི་ཡོདཔ་ བཟོ་དགོ་ཟེར་ཨིན་པས།དེ་ཡང་ ཁོ་གིས་ ལོ་ངོ་ ༥ རེའི་ གནས་ཡུན་ ༣ པའི་སྐབས་ལུ་ དྲག་པོའི་དམག་སྡེའི་ འགན་ཁུར་དེ་ ལག་ཐོག་ལེན་པའི་སྐབས་ལུ་ གསལ་བཤད་འབད་ནུག།སྐྱེས་ལོ་ ༦༩ འབད་མི་ ཛི་ཇིན་པིང་དེ་ གཞུང་སྐྱོང་སྲིད་ཚོགས་ ཀ་མུས་ནིཛ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་དང་ དབུས་གཞུང་དམག་སྡེ་ལྷན་ཚོགས་ཀྱི་ འགོ་འཛིན་ཡང་ཨིནམ་ད་ དེ་བཟུམ་མའི་ མངོན་པར་མཐོ་བའི་ གོ་གནས་ཁར་ ལོ་ངོ་ ༥ རེའི་བར་ན་ ཐེངས་རེ་འཚོགས་མི་ སྲིད་དོན་ཞལ་འཛོམས་ནང་ལས་ འདས་པའི་ཟླཝ་ནང་ ལོ་ལྔའི་གནས་ཡུན་གྱི་དོན་ལུ་ རལོག་སྟེ་ར་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།སྲིད་ཚོགས་དང་ དམག་སྡེ་ དེ་ལས་ སྲིད་འཛིན་དང་བཅས་པའི་ དབང་ཤུགས་ཡོད་མི་ གོ་གནས་ ༣ རེ་ འཆང་མི་དང་ ལོ་ངོ་ ༡༠ […]

gyalchi
World News

རྒྱ་གར་ལུ་ ཚོགས་རྒྱན་འགོ་དང་པ་བཙུགས་མི་ ཨ་རྒས་གྱོངས་ཡོདཔ།

བི་བི་སི། རྒྱ་གར་གྱི་མངའ་སྡེ་ ཧི་མ་ཅཱལ་ པར་དེཤ་ལུ་ སྐྱེས་ལོ་ ༡༠༥ འབད་མི་ ཤེམ་ས་རཱན་ནེ་གི་ཟེར་མི་ ཨ་རྒས་ཀྱིས་ ཁོ་རའི་མངའ་སྡེའི་ནང་ ཚོགས་རྒྱན་བཙུགས་ཏེ་ ཉིན་གྲངས་ ༣ གྱི་ཤུལ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༦ ལུ་ གྱོངས་སོངཔ་ཨིན་པས། དེ་ཡང་ རྒྱ་གར་གྱིས་ བི་རི་ཊིཤ་ལས་ རྒྱལ་ཁབ་རང་དབང་རང་བཙན་ ཐོབ་པའི་ཤུལ་ལས་ ཧི་མ་ཅཱལ་ པར་དེཤ་མངའ་སྡེའི་ནང་ སྤྱི་ལོ་ ༡༩༥༡ ལུ་ བཙག་འཐུའི་ལམ་ལུགས་ འགོ་བཙུགས་ཡོདཔ་བཞིན་དུ་ ཁོ་གིས་ཡང་ དེ་བསྒང་ ཚོགས་རྒྱན་འགོ་དང་པ་ བཙུགས་ནུག་ཟེར་ཨིན་པས། སློབ་དཔོན་བགྲེསཔ་ ཨ་རྒས་དེ་གིས་ ཁོར་འི་མི་ཚེའི་ནང་ བཙག་འཐུའི་དོན་ལས་ ཚོགས་རྒྱན་ཚུ་ ཚར་གཅིག་ཡང་མ་ཆད་པར་ བཙུགས་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཏཱན་ཛི་ནི་ཡའི་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མཁའ་འགྲུལཔ་ ༡༩ ལུ་ཤི་རྐྱེན།

བི་བི་སི། ཏཱན་ཛི་ནི་ཡའི་ འགྲུལ་སྐྱེལ་གནམ་གྲུ་ཅིག་ བུ་ཀོ་བཱ་ ཁྲོམ་གྱི་སྦོ་ལོགས་ཁར་ཡོད་མི་ མཚོའི་མཐའ་མར་ ཆགས་ནི་འབདཝ་ད་ ཐུག་རྐྱེན་བྱུང་སྟེ་ མཁའ་འགྲུལཔ་ ༤༣ ལས་ ༡༩ ལུ་ ཤི་རྐྱེན་བྱུང་ནུག། དེ་སྦེ་ ཐུག་རྐྱེན་བྱུང་པའི་སྐབས་ལུ་ ས་ཁོངས་དེ་ནང་ ཉ་བཟུང་མི་ཚུ་གིས་ གནམ་གྲུའི་ནང་ལས་ མཁའ་འགྲུལཔ་ལེ་ཤ་ཅིག་ སྲོག་རྐྱབ་འབད་ཡོདཔ་ཨིན་པས། ཐུག་རྐྱེན་དེ་ སྤྱི་ཟླ་ ༡༡ པའིཚེས་ ༧ གྱི་དྲོ་པར་ ཆུ་ཚོད་ ༥ དང་སྐར་མ་ ༥༠ དེ་ཅིག་ཁར་ བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ དྲག་ཐོག་དབང་བཙོང་ཐོག་ལས་ ཡུ་ཀེ་རེན་གྱི་ གློག་མེ་ལུ་གནོད་སྐྱོན།

བི་བི་སི།ར་ཤི་ཡའི་ དམག་མི་ཚུ་གིས་ དམག་གི་གདོང་ལན་ བཟེད་མ་ཚུགས་པའི་བསྒང་ལས་ དྲག་ཐོག་དབང་བཙོང་འབད་དེ་ མེ་དང་ ནུས་ཤུགས་ཚུ་ མེདཔ་བཏང་མས་ཟེར་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཟེ་ལེནཛ་ཀི་གིས་ ཉེས་འཛུགས་བཀལ་ནུག།དེ་ཡང་ བདུན་ཕྲག་ ༡ གི་ཧེ་མར་ ར་ཤི་ཡ་གིས་ དྲག་ཐོག་དབང་བཙོང་ཐོག་ལས་ མི་ཛ་ཡེལ་བཏང་སྟེ་ གློག་མེའི་འཕྲུལ་ཨམ་གུ་ གནོདཔ་བཀལ་ཡོདཔ་ལས་ མི་སེར་ས་ཡ་ ༤.༥ དེ་ཅིག་ གློག་མེ་མེད་པར་ཡོདཔ་ཨིན་པས།སྲིད་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ དམག་མི་ཚུ་གིས་ དམག་ག་དེ་སྦེ་ར་རྐྱབ་རུང་ བྱང་ཕྱད་མ་ལྕོགས་པའི་བསྒང་ལས་ དམག་མི་མེད་སའི་ མངའ་ཁོངས་ཚུ་ནང་ གློག་མེའི་གཞི་རྟེན་མཁོ་ཆས་ཚུ་ མེདཔ་བཏང་མས་ཟེར་ཨིན་པས།དེ་བཟུམ་སྦེ་ འདས་པའི་ཟླཝ་ནང་ཡང་ ཡུ་ཀེ་རེན་གྱི་ གློག་མེ་འཕྲུལ་ཁང་ལྟེ་བ་ ཨང་ ༣ པ་དེ་ མེདཔ་བཏང་ཡོདཔ་ལས་ ཡུ་ཀེ་རེན་གཞུང་གིས་ མི་སེར་ཚུ་ལུ་ གློག་མེ་ཉུང་སུ་སྦེ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ སླབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

འཛམ་གླིང་རྒྱལ་སྤྱིའི་ནང་ ནུས་ཤུགས་དང་ མ་དངུལ་གྱི་དཀའ་ངལ།

བི་བི་སི།གནམ་གཤིས་མཁས་མཆོག་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༢༠༢༢ ལོར་ འཛམ་གླིང་རྒྱལ་སྤྱིའི་ནང་ ནུས་ཤུགས་དང་ མ་དངུལ་གྱི་ དཀའ་ངལ་སྦོམ་སྦེ་ར་ འཐོན་པ་ལུ་བརྟེན་ཏེ་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ ལཱ་འབད་དགོཔ་ཚུ་ མར་འབབ་སོང་ཡི་ཟེར་ཨིན་པས།དེ་ཡང་ བདུན་ཕྲག་ཧེ་མའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱིས་ འཛམ་གླིང་འདི་ གློ་བུར་དུ་ འཇིག་རྐྱེན་འབྱུང་སྲིད་ནི་ཨིན་པའི་ ཉེན་བརྡ་འབད་ཡོད་རུང་ ཡུ་ཨེཛ་གིས་ ཁྲིམས་གསར་རྩོམ་འབད་མི་དང་ བཱ་ར་ཛིལ་གྱི་ གཞུང་སྐྱོང་སོར་ནི་དེ་གིས་ ཨེ་མ་ཟཱོན་གྱི་ ཆར་ལྡན་ནགས་ཚལ་ཚུ་ མེདཔ་གཏང་ནི་ལས་ རྒྱབ་འགལ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།ག་དེ་སྦེ་ར་ཨིན་རུང་ བདུན་ཕྲག་ཤུལ་མའི་ནང་ རྒྱལ་ཁབ་ཀྱི་ དབུ་ཁྲིད་ཚུ་ ཨི་ཇིབ་ལུ་ ཀོབ་ ༢༧ ཟེར་མི་ ཞལ་འཛོམས་ནང་ འབྱོན་ནི་ཨིནམ་ལས་ དེ་བསྒང་ གསུང་གྲོས་གནང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་གྱི་རྒྱལ་ས་ དྷི་ལི་ལུ་ རླུང་མའི་སྤུས་ཚད་ མར་ཉམས་ཏེ་ དུག་རླུང་ཁྱབ་སྤེལ།

བི་བི་སི།རྒྱ་གར་གྱི་རྒྱལ་ས་ དྷི་ལི་ལུ་ རླུང་མའི་སྤུས་ཚད་ མར་ཉམས་ཏེ་ གནོད་ཉེན་ཅན་ཅིག་ལུ་ འགྱུར་ཡོདཔ་ལས་ སྲིད་ཚོགས་ཀྱི་ འགོ་འཁྲིདཔ་ཚུ་གིས་ གཅིག་གིས་གཅིག་ལུ་ རྫུན་ཁ་བཀལཝ་ཨིན་པས།དྷི་ལིའི་གཞུང་སྐྱོང་ཚོགས་པ་ ཨམ་ཨཱད་མིའི་ འཐུས་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ཕུལ་མི་ དཀའ་ངལ་སེལ་ཐབས་ཀྱི་ ལམ་སྟོན་ཚུ་ དབུས་གཞུང་གིས་ ཁས་ལེན་འབད་མ་བཏུབ་པའི་ ཁ་ཉེས་བཀལཝ་ཨིན་པས།དེ་ལས་ དབུས་གཞུང་གི་ བྷ་ར་ཏི་ཡ་ ཇ་ན་ཏ་ཚོགས་པའི་ མཐའ་འཁོར་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨམ་ཨཱད་མི་ཚོགས་པའི་ འགོ་འཁྲིདཔ་ཚུ་གིས་ དྷི་ལི་དེ་ དུག་རླུང་འཐོན་སའི་ ཁང་མིག་བཟུམ་ཅིག་སྦེ་ བཟོ་ཡོདཔ་སྦེ་ ཁ་བཏངམ་ཨིན་པས།དུག་རླུང་དེ་ཡང་ ཐལཝ་དང་ བཟོ་གྲྭ་ཁང་དང་ སྣུམ་འཁོར་གྱི་ དུ་པ་ཚུ་ལས་ ཐོན་པའི་ཁར་ གནམ་དགུན་གྱི་དུས་ལུ་ མི་སེར་སོ་ནམ་པ་ཚུ་གིས་ ལོ་ཐོག་བརྔ་ཤུལ་ཚུ་ མེར་བཏང་མི་དེ་གིས་ཡང་ གནམ་སྟོང་ནང་ ས་སྨུག་སྤུར་དོ་བཟུམ་སྦེ་ འགྱོཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 18 Today: 2232 Total visitors: 9452