ArchiveAboutContact

Category: World News

World News

གནམ་གྲུ་འཕུར་འགྲུལ་འབད་ནི་ལས་ དུས་ཡུན་ཆུ་ཚོད་ ༣༥ དེ་ཅིག་ ཕྱིས་སོང་པ་ལུ་བརྟེན་ཏེ་ མཁའ་འགྲུལཔ་ཚུ་ དབུགས་འགམས་ཡོདཔ།

བི་བི་སི། ག་ལཱཛ་གོ་ གནམ་གྲུའི་ཐང་ནང་ ཨ་ཡིཛ་ལེན་ལུ་ འཕུར་འགྲུལ་འབད་མི་ གནམ་གྲུ་དེ་ ཕྱིས་སོང་པ་ལུ་བརྟེན་ཏེ་ མཁའ་འགྲུལཔ་ཚུ་ དུས་ཡུན་ཆུ་ཚོད་ ༣༥ ལྷགཔ་ཅིག་གི་རིང་ལུ་ སྒུག་སྡོད་དགོཔ་ཐོནམ་ལས་ དབུགས་འགམས་པའི་ གཞི་ཅིག་ལུ་ གྱུར་སོང་ནུག།དེ་ཡང་ མཁའ་འགྲུལཔ་ ༡༧༠ དེ་ཅིག་ འབག་ཐོག་ལས་ རེག་ཇ་བིག་ལུ་ འཕུར་འགྲུལ་འབད་མི་ གནམ་གྲུ་དེ་ སི་ཀོཊ་ལེན་ལུ་ལྷོདཔ་ད་ འཕྲུལ་ཆ་ལུ་ དཀའ་ངལ་ཅིག་ བྱུང་ཡོདཔ་ལས་ ག་ཅི་འབད་ནི་ཨིན་ན་ཡང་ མ་ཤེས་པར་ ལུས་སོངཔ་ཨིན་པས།གནམ་གྲུ་དེ་ སྤྱི་ཟླ་ ༥ པའི་ཚེས་ ༡༨ ཀྱི་ ཕྱི་རུའི་ཆུ་ཚོད་ ༢ ལུ་ འཕུར་འགྲུལ་འབད་དགོཔ་ཨིན་རུང་ འཕྲུལ་ཆས་ཀྱི་ དཀའ་ངལ་ལུ་བརྟེན་ཏེ་ དུས་ཚོད་ཁར་ འཕུར་མ་ཚུགས་པར་ ལུས་པའི་ཤུལ་ལས་ སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ ཉིན་མའི་ཆུ་ཚོད་ ༡ དང་ སྐར་མ་ ༥ ལུ་ འཕུར་འགྲུལ་འབད་ནུག་ཟེར་ […]

gyalchi
World News

རྒྱ་ནག་དང་ ཏཱ་ཡེ་ཝཱན་ ༢ མ་མཐུན་པའི་ གནས་སྟངས་ལུ་ ཞི་བདེའི་ཐབས་ལམ།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ ཏཱ་ཡེ་ཝཱན་གྱི་སྲིད་འཛིན་ ཙའེ་ཨིང་ཝེན་གྱིས་ རྒྱ་ནག་དང་གཅིག་ཁར་ མ་མཐུན་པའི་ གནས་སྟངས་ཤར་ཏེ་ཡོད་རུང་ ཏཱ་ཡེ་ཝཱན་གྱི་ མཚོ་འགྲམ་བདའ་སྟེ་ སྔར་ག་ཨིནམ་སྦེ་ ཞི་བདེའི་ཐོག་ལུ་ར་ གནས་དགོ་ཟེར་ཨིན་པས།དེ་ཡང་ ཏཱ་ཡེ་ཝཱན་གྱི་ སྲིད་འཛིན་ཙའེ་གིས་ མོ་གིས་ གཞུང་སྐྱོང་འབད་དེ་ ལོ་ངོ་ ༧ འཁོར་བའི་ དུས་དྲན་བརྩི་སྲུང་སྐབས་ལུ་ རྒྱ་ནག་གིས་ གནོན་ཤུགས་འབད་མི་ལུ་ འཁོན་འཛིན་དང་ བརྩི་བཀུར་ཚུ་ མི་འབད་ནི་ཨིན་པའི་ གསལ་བཤད་འབད་ནུག།རྒྱ་ནག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཏཱ་ཡེ་ཝཱན་གྱིས་ རྒྱ་ནག་གི་ དབང་ཁྱབ་ལུ་ ངོས་ལེན་འབད་དགོཔ་སྦེ་ ཨེབ་ཤུགས་རྐྱབ་ཨིན་རུང་ ཏཱ་ཡེ་ཝཱན་གྱིས་ ཞི་བདེ་མིན་པའི་སྒོ་ལས་ རྒྱལ་ཁབ་ ༢ གང་རུང་གིས་ སྔར་གྱི་གནས་སྟངས་ སྒྱུར་བཅོས་འབད་ཚུགས་ནི་ཨིན་པའི་ཁར་ དམག་འཁྲུག་ལང་ནི་དེ་ཡང་ ཐབས་ལམ་ཅིག་མིན་ཟེར་ཨིན་པས།གནད་དོན་དེ་གི་སྐོར་ལས་ རྒྱ་པཱན་ལུ་ ཇི་-༧ ཟེར་མི་ རྒྱལ་ཁབ་ ༧ གྱི་བར་ན་ ཞལ་འཛོམས་འཚོགས་མིའི་ནང་ སྤྱི་ཟླ་ ༥ པའི་ཚེས་ […]

gyalchi
World News

ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ མཁའ་དམག་གནམ་གྲུ་ ཨེཕ་-༡༦ ཚུ་གི་རྒྱབ་སྐྱོར།

བི་བི་སི། ཡུ་ཨེཛ་གི་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་པཱན་ལུ་ ཇི་-༧ ཟེར་མི་ རྒྱལ་ཁབ་ཕྱུག་ཤོས་ ༧ གྱི་བར་ན་ ཞལ་འཛོམས་འཚོགས་སར་ སྲིད་འཛིན་ཇཱོ་བ་ཡེ་ཌེན་གྱིས་ ནུབ་ཕྱོགས་མཐུན་འབྲེལ་ རྒྱལ་ཁབ་ཚུ་གིས་ ཨ་མི་རི་ཀ་ལུ་ བཟོ་བསྐྲུན་འབད་མི་ མཁའ་དམག་གནམ་གྲུ་ ཨེཕ་-༡༦ ཟེར་མི་ཚུ་ ཡུ་ཀེ་རེན་ལུ་ བྱིན་ཐག་ཆོགཔ་སྦེ་ བཟོ་ནུག་ཟེར་ཨིན་པས།དེ་ཡང་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ ཡུན་རིང་གི་བར་ན་ དེང་དུས་ཀྱི་ གནམ་གྲུའི་གྲོགས་རམ་དགོཔ་སྦེ་ ནན་བསྐུལ་འབད་དེ་ཡོདཔ་ལས་ ད་རེས་ཀྱི་ གྲོས་ཆོད་དེ་ རྒྱལ་རབས་ཅན་ཅིག་ཨིན་ཟེར་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ གསལ་བཤད་འབད་ནུག།ད་རེས་ ཡུ་ཀེ་རེན་གྱི་ སྲུང་སྐྱོབ་དང་ མཁའ་དམག་ལེགས་སྒྱུར་གྱི་སྐོར་ལས་ བསྟུན་གྲོས་ཚུ་འབད་དོ་ཟེར་ཨིནམ་ད་ གནམ་གྲུ་དེ་ཚུ་ ལག་ལེན་འཐབ་ནིའི་དོན་ལས་ ཡུ་ཨེཛ་གིས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ལུ་ སྦྱོང་བརྡར་ཚུ་ཡང་ བྱིན་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་གིས་ སྣུམ་འཁོར་ཕྱིར་ཚོང་དེ་ རྒྱ་པཱན་གྱི་ སྣུམ་འཁོར་ཕྱིར་ཚོང་ལས་ལྷག་སྟེ་ ཚོང་འབྲེལ་འཐབ་ཡོདཔ།

བི་བི་སི། རྒྱ་ནག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དུས་ཅི་ འདས་པའི་ཟླཝ་ ༣ གྱི་ ནང་འཁོད་ལུ་ རྒྱ་ནག་གི་ སྣུམ་འཁོར་ཕྱིར་ཚོང་དེ་ རྒྱ་པཱན་གྱི་ སྣུམ་འཁོར་ཕྱིར་ཚོང་ལས་ལྷག་པའི་ ཚད་གཞི་ཁར་ ལྷོད་དེ་ཡོདཔ་ལས་ འཛམ་གླིང་ནང་ སྣུམ་འཁོར་ཕྱིར་ཚོང་འཐབ་མི་ ཨང་དང་པ་ལུ་ འགྱུར་ཏེ་ཡོད་ཟེར་ཨིན་པས།དེ་ཡང་ གཞུང་འབྲེལ་རྩིས་ཐོའི་ནང་ རྒྱ་ནག་གིས་ སྤྱི་ལོ་ ༢༠༢༢ ཀྱི་ ལོ་ངོ་བཞི་དཔྱ་དང་པའི་ སྣུམ་འཁོར་ཕྱིར་ཚོང་དང་ཕྱདཔ་ད་ དུས་ཅི་ ལོ་ངོ་བཞི་དཔྱ་དང་པའི་ནང་ སྣུམ་འཁོར་ས་ཡ་ ༡.༠༧ དེ་ཅིག་ ཕྱིར་ཚོང་འཐབ་ཡོད་མི་དེ་ བརྒྱ་ཆ་ ༥༨ ཀྱིས་ ཡར་སེང་སོང་ནུག།དེ་བཟུམ་སྦེ་ རྒྱ་པཱན་གྱིས་ཡང་ སྣུམ་འཁོར་ ༩༤༥,༡༨༥ དེ་ཅིག་ ཕྱིར་ཚོང་འཐབ་ཡོདཔ་ལས་ བརྒྱ་ཆ་ ༦ གིས་ ཡར་སེང་སོང་ཡོདཔ་ཨིན་པས།རྒྱ་ནག་གི་ སྣུམ་འཁོར་ཕྱིར་ཚོང་ འབོར་ཆེ་ཏོག་ཏོ་སྦེ་ར་ ཡར་སེང་འགྱོ་མི་དེ་ཡང་ གློག་ཤུགས་ལུ་བརྟེན་པའི་ སྣུམ་འཁོར་ལུ་ མཁོ་འདོད་བཀོད་མི་ ཡར་སེང་འགྱོ་མི་དང་ སྣུམ་འཁོར་ཚུ་ ར་ཤི་ཡ་ལུ་ཡང་ བཙོང་ནི་དེ་གིས་ཨིན་པས།ན་ཧིང་ རྒྱ་ནག་གིས་ […]

gyalchi
World News

རྒྱ་ནག་གི་ ཞི་བདེའི་འཆར་གཞི་དེ་ ཡུ་ཀེ་རེན་གྱི་ས་ཆ་ ར་ཤི་ཡ་ལུ་ ཤོར་ནི་མེདཔ་སྦེ་བཟོ་དགོཔ།

ཨཱལ་ཇ་ཟི་ར། ཡུ་ཀེ་རེན་གྱི་ ཕྱི་འབྲེལ་བློན་པོ་གིས་ རྒྱ་ནག་གི་ ཆེ་མཐོའི་ངོ་ཚབ་ལུ་ བཤད་མིའི་ནང་ ར་ཤི་ཡ་དང་གཅིག་ཁར་ དམག་འཁྲུག་འཇོམས་ཐབས་ལུ་ ཡུ་ཀེ་རེན་གྱི་ ས་ཆ་ཚུ་ ར་ཤི་ཡ་ལུ་ ཤོར་ནི་དང་ ཡང་ཅིན་ དམག་འཁྲུག་དེ་ མཚམས་འཇོག་རྐྱངམ་གཅིག་གི་ གྲོས་འདེབས་ལུ་ ངོས་ལེན་མི་འབད་ཟེར་ བཤད་ཡོདཔ་ཨིན་པས།དེ་ཡང་ ཕྱི་འབྲེལ་བློན་པོ་ ཌི་མི་ཊོ་ ཀུ་ལེ་བ་གིས་ རྒྱ་ནག་གི་ངོ་ཚབ་ ལི་ཧུའི་དང་གཅིག་ཁར་ རྒྱལ་ས་ཀི་ཡེབ་ལུ་སྦེ་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ གསལ་བཤད་འབད་ནུག།རྒྱ་ནག་གི་ ཆེ་མཐོའི་ངོ་ཚབ་ ལི་ཧུའི་དེ་ ཡུ་རོབ་དང་ ཨེ་ཤི་ཡའི་ལས་དོན་ནང་ རྒྱ་ནག་གི་ དམིགས་བསལ་ངོ་ཚབ་ཨིནམ་ད་ ཧེ་མ་འབད་བ་ཅིན་ ར་ཤི་ལུ་ གཞུང་ཚབ་སྦེ་ སྡོད་ཡོདཔ་ཨིན་པས།ཞལ་འཛོམས་སྐབས་ལུ་ ཀུ་ལེ་བ་གིས་ ཞི་བདེ་བསྐྱར་གསོ་འབད་ནི་དེ་ ཡུ་ཀེརེ་ན་གྱི་ རང་དབང་དང་ ས་ཁོངས་ཀྱི་ དྲང་བདེན་ལུ་ བརྩི་བཀུར་ཡོད་མེད་གུ་ གཞི་རྟེན་འབད་དགོཔ་སྦེ་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ རྒྱལ་ས་ཀི་ཡེབ་ལུ་ མི་ཛ་ཡེལ་བཏང་ཐོག་ལས་ གནོད་འཚུབ་ལན་ཐེངས་ ༩ བཀལ་ཡོདཔ།

བི་བི་སི། ར་ཤི་ཡ་གིས་ སྤྱི་ཟླ་འདི་ནང་ར་ ཡུ་ཀེར་རེན་གྱི་ རྒྱལ་ས་ཀི་ཡེབ་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་ལན་ཐེངས་ ༩ བཀལ་ནུག།དེ་ཡང་ ཀི་ཡེབ་ཁྲོམ་སྡེའི་སྤྱི་ཁྱབ་ ཝི་ཊ་ལི་ ཀི་ལིཛ་ཀོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མི་ཛ་ཡེལ་ཚུ་ གནམ་ཁར་གཏོར་བཏང་པའི་ ཚིག་རོ་ཚུ་ལུ་བརྟེན་ཏེ་ མངའ་སྡེ་ཅིག་ནང་ མེ་འབར་ཡི་ཟེར་ཨིན་པས།དེ་མ་ཚད་ ཡུ་ཀེ་རེན་གྱི་ དབུས་ཕྱོགས་ས་གནས་ ཝི་ནི་ཙ་དང་ ཁེ་ལེམ་ནིཊ་ཀི་ ཞི་ཏོ་མིར་ཚུ་གི་ནང་ཡང་ རྫས་བམ་གས་པའི་ སྒྲ་སྐད་ཚུ་ གོ་ཡོད་རུང་ དམག་སྡེའི་འཛིན་སྐྱོང་འགོ་འཛིན་གྱིས་ རྒྱལ་ཁབ་ནང་འོང་མི་ མི་ཛ་ཡེལ་ཚུ་ག་ར་ མེདཔ་བཏང་ཚུགས་ཅི་ཟེར་བཤད་ནུག།སྤྱི་ཟླ་ ༥ པའི་ཚེས་ ༡༧ ལུ་ ས་གནས་ཁེར་སཱོན་ཟེར་སར་ ཨ་ལོ་སྐྱེས་ལོ་ ༥ འབད་མི་ཅིག་བརྩིས་ཏེ་ མི་གྲངས་ ༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་གྲངས་ ༡༧ དེ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ ར་ཤི་ཡའི་ བཙན་འཛུལ་ལུ་ གདོང་ལན་གྱི་དོན་ལས་ ཕྱད་མདའ་རྐྱབ་ནི་ལུ་ སྔར་བ་དྲགཔ་སྦེ་ […]

gyalchi
World News

རྒྱ་གར་གྱི་མངའ་སྡེ་ ཀར་ན་ཊ་ཀ་ལུ་ བཙག་འཐུའི་ནང་ལས་ ཀོང་གེ་རེཛ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ།

བི་བི་སི། རྒྱ་གར་གྱི་ ལྷོ་ཕྱོགས་མངའ་སྡེ་ ཀར་ན་ཊ་ཀ་ལུ་ གལ་གནད་ཆེ་བའི་ བཙག་འཐུ་ནང་ལས་ ལྡོག་ཕྱོགས་ཚོགས་པ་ ཀོང་གེ་རེཛ་གིས་ ད་ལྟོའི་བློན་ཆེན་ ན་རེན་ད་ར་མོ་དིའི་ གཞུང་སྐྱོང་ཚོགས་པ་ བྷ་ར་ཏི་ཡ་ (བི་ཇེ་པི་) སྲིད་དོན་ཚོགས་པ་དེ་ ཕམ་ཡོདཔ་ཨིན་པས།ད་རེས་ ཀོང་གེ་རེཛ་གིས་ རྒྱལ་ཁ་ཐོབ་ནི་དེ་གིས་ ཀོང་གེ་རེཛ་ སྲིད་དོན་ཚོགས་པ་ལུ་ སེམས་ཤུགས་སྦོམ་སྦེ་ར་ ཐོབ་ཡོདཔ་ད་ དེ་ཡང་ སང་ཕོད་ རྒྱལ་ཡོངས་ཀྱི་ བཙག་འཐུ་དེ་ འགོ་འདྲེན་འཐབ་ནི་ཨིན་མི་ལུ་ ཕན་ཐོགས་འབྱུང་པའི་ རེ་བ་ཡོདཔ་ཨིན་པས།དེ་འབདཝ་ལས རྒྱ་གར་བེང་ག་ལོར་དང་ ནིའུ་དིལླི་ལུ་ ཀོང་གེ་རེཛ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ སྲིད་དོན་ཚོགས་པའི་ ཡིག་ཚང་གི་ཕྱི་ཁར་ སྲིད་ཚོགས་ཀྱི་ བརྡ་དར་གཡུག་སྟེ་ སྤུངས་འཛོམས་འབད་ཡོདཔ་ད་ དིལླི་ལུ་ ཀོང་གེ་རེཛ་ཚོགས་པའི་འགོ་ཁྲིདཔ་ ར་ཧཱུལ་གཱན་དྷི་གིས་ རྒྱབ་སྐྱོར་པ་ཚུ་ལུ་ ད་རེས་ མ་དགའ་བའི་ འདུ་ཤེས་སྤངས་ཏེ་ བརྩེ་བའི་འདུ་ཤེས་བསྐྱེད་ནི་ འགོ་བཙུགས་ཅི་ཟེར་བཤད་ནུག།ཀར་ན་ཊ་ལུ་ བྷ་ར་ཏི་ཡ་ (བི་ཇེ་པི་) སྲིད་དོན་ཚོགས་པའི་ གཙོ་འཛིན་བློན་པོ་ བ་ས་བ་རཱཇ་ བོ་མའི་གིས་ བློན་ཆེན་དང་ སྲིད་དོན་ཚོགས་པའི་ ལས་བྱེད་པ་ཚུ་གིས་ […]

gyalchi
World News

ཇར་མ་ནི་གིས་ ཡུ་ཀེ་རེན་ལུ་ དམག་གི་གྲོགས་རམ་སྦེ་ ཡུ་རོ་ཐེར་འབུམ་ ༢.༧ བྱིན་ནི།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༡༣ ལུ་ ཇར་མ་ནི་གིས་ ཡུ་ཀེ་རེན་ལུ་ དམག་གི་གྲོགས་རམ་སྦེ་ ཡུ་རོ་ཐེར་འབུམ་ ༢.༧ འབདཝ་ད་ ཡུ་ཨེཛ་ཊོ་ལར་ ཐེར་འབུམ་ ༣ དེ་ཅིག་ བྱིན་ནི་ཨིན་པའི་ གསལ་བསྒྲག་འབད་ནུག།དེ་ཡང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ བཙན་འཛུལ་འབད་བའི་ཤུལ་ལས་ གྲོགས་རམ་སྦོམ་ཤོས་ཅིག་ཨིནམ་མ་ཚད་ ད་རུང་ཡང་ དགོས་མཁོ་མཇུག་མ་བསྡུ་ཚུན་ཚོད་ རྒྱབ་སྐྱོར་བྱིན་ནི་ཨིན་པའི་ ཁས་ལེན་ཡང་འབད་ཡོདཔ་ཨིན་པས།ད་རེས་ གསལ་བསྒྲགས་འབད་མི་ གྲོགས་རམ་གྲས་ཁར་ གནམ་གྲུ་ཕབ་གཏང་ནི་ལུ་ ནུས་ཤུགས་ཡོད་མི་ མཚོན་ཆ་སྟོབས་ཀྱི་རིགས་དང་ མཁའ་དམག་གི་ གནམ་གྲུ་ཆུང་བ་ཚུ་ཡོདཔ་མ་ཚད་ མཁའ་དམག་གནམ་གྲུ་ བཟློག་ཐབས་ཀྱི་ འཕྲུལ་ཆས་ཚུ་ཡང་ ཚུདཔ་ཨིན་པས།ཇར་མ་ནིའི་ སྲུང་སྐྱོབ་བློན་པོ་གིས་ ཁྲིམས་དང་མ་མཐུན་པའི་ ཉེན་ཁ་ཅན་གྱི་ ཕྱད་མདའ་དེ་ གང་མགྱོགས་སྦེ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་རུང་ མཇུག་བསྡུ་ནི་གི་ རྟགས་མཚན་ག་ནི་ཡང་མེདཔ་ལས་ ཇར་མ་ནིའི་ ཁ་ཐུག་ལས་ གྲོགས་རམ་ག་ཅི་དགོ་རུང་ བྱིན་ནི་ཨིན་པའི་ ཁས་ལེན་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མཐའ་ཡས་ལེན་ལུ་ བཙག་འཐུའི་དོན་ལས་ རང་སོའི་སྲིད་ཚོགས་ཚུ་ལུ་ རྒྱབ་སྐྱོར་གྱི་ནན་བསྐུལ།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ མཐའ་ཡས་ལེན་གྱི་ སྤྱིར་བཏང་བཙག་འཐུའི་དོན་ལས་ མི་མང་ལེ་ཤ་སྦེ་ སྤུངས་འཛོམས་འབད་སར་ རང་སོའི་བློན་ཆེན་གྱི་ འདེམས་ངོ་ཚུ་ལུ་ རྒྱབ་སྐྱོར་འབད་དགོ་པའི་ ནན་བསྐུལ་འབདཝ་ཨིན་པས།དེ་ཡང་ དམག་སྡེའི་འགོ་ཁྲིདཔ་གིས་ གཞུང་སྐྱོང་འབད་དེ་ ཧ་ལམ་ ལོ་ངོ་བཅུ་ཕྲག་ ༡ གི་ཤུལ་ལས་ མཐའ་ཡས་ལེན་ རྒྱལ་ཁབ་ནང་ མི་འབོར་ས་ཡ་ ༥༢ དེ་ཅིག་གིས་ ཚོགས་རྒྱན་བསྐྱུར་ནི་ཨིན་པས།མི་མང་གི་ བསམ་འཆར་ལྟར་དུ་འབད་བ་ཅིན་ སྤྱི་ལོ་ ༢༠༠༡ ལས་ཚུར་ བཙག་འཐུ་ཚུ་ནང་ འཕྲོ་མཐུད་དེ་ར་ གྲུབ་འབྲས་བཏོན་ཚུགས་མི་ ཕིའུ་ཐའེ་གིས་ སྡོད་ཁྲི་མཐོ་ཤོས་ འཐོབ་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།སྲིད་ཚོགས་དེ་གི་ བློན་ཆེན་གྱི་ འདེམས་ངོ་ཚུ་ཡང་ ཐག་སིན་ཤི་ན་ཝ་ཏ་ར་གི་ སྲིངམོ་ཆུང་ཤོས་ པེ་ཏོང་ཏཱན་ ཤི་ན་ཝ་ཏ་ར་དང་ གཞིས་ཁྱིམ་ཚོང་སྒྱུར་ནང་ དབང་ཤུགས་ཡོད་མི་ སེ་རེ་ཐ་ ཐ་བི་སིན་ ༢ ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་དེ་ ཁྲིམས་འདུན་གྱི་ གྲོས་ཆོད་དང་འཁྲིལ་ཏེ་ འཛིན་བཟུང་ལས་བཏང་ཡོདཔ།

བི་བི་སི། པ་ཀིཛ་ཏཱན་གྱི་ མངོན་མཐོའི་ཁྲིམས་འདུན་ལས་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་དེ་ ངན་ལྷད་ཀྱི་ ཉེས་འཛུགས་ཐོག་ལུ་ འཛིན་བཟུང་འབད་མི་དེ་ ཁྲིམས་མཐུན་མེད་པའི་ གྲོས་ཆོད་བཏོན་པའི་ ཉིནམ་ ༡ གི་ཤུལ་ལས་ འཛིན་བཟུང་ལས་ བཏང་ཡོདཔ་ཨིན་པས།ཁྲིམས་འདུན་གྱི་ དྲང་དཔོན་ཚུ་གིས་ ཁོ་ལུ་ བདུན་ཕྲག་ ༢ ཀྱི་རིང་ལུ་ ཉེས་འཛུགས་དེ་དང་འབྲེལ་ཏེ་ སླར་ལོག་འཛིན་བཟུང་འབད་མ་ཆོག་པའི་ ཉེན་སྲུང་ཅན་གྱི་ གློད་གྲོལ་བཏང་ཡོདཔ་ད་ སྤྱི་ཟླ་ ༥ པའི་ཚེས་ ༡༧ ཚུན་ ཉེས་འཛུགས་གང་རུང་གི་ཐོག་ལུ་ཡང་ འཛིན་བཟུང་འབད་མ་ཆོག་པའི་ བཀའ་རྒྱ་གནང་ནུག།སྐྱེས་ལོ་ ༧༠ འབད་མི་ ཨིམ་རཱན་ཁཱན་དེ་ སྤྱི་ཟླ་ ༥ པའི་ཚེས་ ༩ ལུ་ ཨིཛ་ལ་མ་བཱད་ཀྱི་ ཁྲིམས་ཁང་ཅིག་ནང་ ལྷོད་པའི་སྐབས་ལུ་ འཛིན་བཟུང་འབད་ཡོདཔ་ད་ ཁོ་ལུ་ ཉེས་འཛུགས་ཁག་ ལེ་ཤ་ཅིག་ བཀལ་ཏེ་ཡོད་པའི་ནང་ལས་ དང་པ་ར་ ངན་ལྷད་ཀྱི་ ཉེས་འཛུགས་དང་འབྲེལ་བའི་ དྲི་དཔྱད་འབདཝ་ད་ ཁོ་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།འགོ་དཔོན་ཚུ་གིས་ བཤད་དེ་བཟུམ་འབད་བ་ཅིན་ […]

gyalchi
Online now: 3 Today: 985 Total visitors: 11015