ArchiveAboutContact

Category: World News

World News

རྒྱ་ནག་གི་ མཁའ་དམག་གནམ་གྲུ་ཚུ་ ཏཱ་ཡེ་ཝཱན་གྱི་ གནམ་ཁོངས་ནང་ འཛུལ་བའི་ཤུལ་ལུ་ མཁའ་དབྱིངས་སྲུང་སྐྱོབ་ཀྱི་ ལཱ་འགོ་བཙུགས་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༨ ལུ་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ ༣༧ ཏཱ་ཡེ་ཝཱན་གྱི་ ཉེན་སྲུང་གནམ་ཁོངས་ནང་ འཕུར་ཡོདཔ་སྦེ་ སྙན་ཞུ་ཐོབ་པའི་ཤུལ་ལས་ ཏཱ་ཡེ་ཝཱན་གྱིས་ སྲུང་སྐྱོབ་རིམ་ལུགས་ཚུ་ ལག་ལེན་འཐབ་ནི་ལུ་ གྲ་སྒྲིག་འབད་ཡོདཔ་ཨིན་པས།ད་རེས་ དམངས་གཙོའི་གཞུང་སྐྱོང་འོག་ལུ་ཡོད་མི་ ཏཱ་ཡེ་ཝཱན་དེ་ རྒྱ་ནག་གིས་ ཁོང་གི་མངའ་འོག་ལུ་ཨིནམ་སྦེ་ རྩིས་དོ་ཡོདཔ་ད་ འདས་པའི་ལོ་ངོ་ ༣ གྱི་ནང་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ཚུ་ དུས་རིམ་བཞིན་དུ་ ཏཱ་ཡེ་ཝཱན་གྱི་ གནམ་ཁོངས་ནང་ འཕུར་འགྲུལ་འབད་ནུག།དེ་འབདཝ་ལས་ ཏཱ་ཡེ་ཝཱན་གྱི་ སྲུང་སྐྱོབ་ལྷན་ཁག་ལས་ སྤྱི་ཟླ་ ༦ པའི་ཚེས་ ༧ ལུ་ དྲོ་པའི་ཆུ་ཚོད་ ༥ ལས་ འགོ་བཙུགས་ཏེ་ གནམ་གྲུ་ ༣༧ ཁོང་གི་མཁའ་དབྱིངས་ལུ་ འཕུར་མིའི་གྲས་ཁར་ རྡུལ་ཕྲན་ནུས་ཤུགས་ཀྱི་ གས་རྫས་བཀོག་མི་ གནམ་གྲུ་ཚུ་ཡང་འདུག་ཟེར་ བཤད་ཡོདཔ་ཨིན་པས།རྒྱ་ནག་གི་ གནམ་གྲུ་ལ་ལོ་ཅིག་ ཏཱ་ཡེ་ཝཱན་གྱི་ ལྷོ་ཕྱོགས་ཁ་ཐུག་ལུ་དང་ པེ་སི་ཕིག་གི་ ནུབ་ཕྱོགས་ཁ་ཐུག་ལུ་ […]

gyalchi
World News

རྒྱ་པཱན་གྱི་ ཁྲིམས་འདུན་ལས་ ཕོ་མོ་མཚན་མ་གཅིག་པའི་བར་ན་ གཉེན་སྦྱོར་བཀག་དམ།

རོའི་ཊརཛ།སྤྱི་ཟླ་ ༦ པའི་ཚེས་ ༨ ལུ་ རྒྱ་པཱན་གྱི་མངའ་སྡེ་ ཕུ་ཀུ་ཨོ་ཀ་ཁྲིམས་འདུན་གྱིས་ ཕོ་མོ་མཚན་མ་གཅིག་པའི་བར་ན་ གཉེན་སྦྱོར་འབད་མ་སྟེར་མི་དེ་ རྩ་ཁྲིམས་དང་མ་འཁྲིལ་བའི་ གནས་རིམ་ཅིག་ཨིནམ་སྦེ་ བཤད་ཡོདཔ་ལས་ གཉེན་སྦྱོར་འདྲ་མཉམ་གྱི་དོན་ལུ་ བརྩོན་ཤུགས་བསྐྱེད་མི་ཚུ་གི་ རེ་བ་བསྐང་མ་ཚུགསཔ་ཨིན་པས།ཕུ་ཀུ་ཨོ་ཀ་ ཁྲིམས་འདུན་གྱི་ གྲོས་ཆོད་དེ་ མངའ་སྡེ་ཁྲིམས་འདུན་ གཞན་མི་ཅིག་གིས་ཡང་ དེ་བཟུམ་མའི་ གཉེན་སྦྱོར་འབད་མ་སྟེར་མི་དེ་ རྩ་ཁྲིམས་ལས་ འགལ་བ་ཨིནམ་སྦེ་ བཤད་ཡོདཔ་ད་ ཊོ་ཀི་ཡོའི་ ཁྲིམས་འདུན་ཅིག་ལས་ དེ་བཟུམ་མའི་ མི་སྡེ་ལུ་ ཁྲིམས་དོན་ཉེན་སྲུང་མེད་མི་དེ་ འགྲོ་མིའི་དབང་ཆ་ལས་ཡང་ འགལ་བ་ཨིནམ་སྦེ་བཤད་ནུག།གནད་དོན་དེ་གི་སྐོར་ལས་ རྒྱ་པཱན་རྒྱལ་ཁབ་ནང་ བསམ་འཆར་བསྡུ་ལེན་དང་འཁྲིལཝ་ད་ མི་མང་བརྒྱ་ཆ་ ༧༠ དེ་ཅིག་གིས་ དེ་བཟུམ་མའི་ གཉེན་སྦྱོར་འབད་ཆོག་དགོ་ཟེར་ སླབ་ཨིན་རུང་ གཞུང་སྐྱོང་གི་ཁ་ཐུག་ལས་ཡང་ རྒྱབ་འགལ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ༌ཀེ་རེན༌གྱི༌ ས་གནས་བཱག་མུཊ་ལུ༌ ར་ཤི་ཡའི་ དམག་མི་གིས་ སྡེ་ཚན་བསྐྱར་བཟོའི་དོན་ལས་ གནོད་འཚུབ་མར་ཕབ།

རོའི་ཊརཛ། ཡུ་ཀེ་རེན་གྱི་ རྒྱལ་ས་ཀི་ཡེབ་ལས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ དམག་མི་ཚུ་གིས་ སྡེ་ཚན་བསྐྱར་བཟོའི་དོན་ལུ་ བཱག་མུཊ་ཁྲོམ་ཁར་ གནས་སྐབས་ཅིག་ གནོད་འཚུབ་མར་ཕབ་འབད་དེ་ཡོད་ཟེར་ཨིན་པས།དེ་མ་ཚད་ ར་ཤི་ཡའི་ ཝེག་ནར་སྒེར་གྱི་དམག་སྡེ་གིས་ ཁོང་གི་དམག་སྒར་ཚུ་ ར་ཤི་ཡའི་ གཏན་འཇགས་དམག་མི་ཚུ་ལུ་ རྩིས་སྤྲོད་ཡང་འབད་ནུག།ཡུ་ཀེ་རེན་གྱི་ སྲུང་སྐྱོབ་བློན་པོ་འོགམ་གིས་ སྤྱི་ཟླ་ ༥ པའི་ཚེས་ ༢༧ ལུ་ བཱག་མུཊ་ཁྲོམ་དང་ ཉེ་འདབས་ཀྱི་ ས་གནས་ཚུ་ནང་ དམག་འཛིང་གི་ ལཱ་ག་ནི་ཡང་ ལག་ལེན་མ་འཐབ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་ནག་རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་དེ་ ཡང་བསྐྱར་ཐོན་ཡོདཔ།

ཨེན་བི་སི། རྒྱ་ནག་རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་དེ་ ཡང་བསྐྱར་ཐོན་ཡོདཔ་ལས་ སྤྱི་ཟླ་ ༦ པ་ མཇུག་བསྡུའི་ནང་འཁོད་ལུ་ ནད་གཞི་ཐོབ་མི་ གྱངས་ཁ་མཐོ་དྲགས་གུ་ལྷོད་དེ་ བདུན་ཕྲག་རེར་ མི་གྲངས་ས་ཡ་ ༦༥ དེ་རེ་ལུ་ ནད་གཞི་དེ་ འཐོབ་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༡༩ ལུ་ ནད་ཡམས་ཀོ་ཝིཌ་ འགོ་དང་པ་བྱུང་སའི་ རྒྱ་ནག་རྒྱལ་ཁབ་ནང་ ནད་ཡམས་དང་འབྲེལ་བའི་ སྒྲིག་གཞི་ཚུ་ ག་ནི་བ་ཡང་ དམ་དམ་སྦེ་ ལག་ལེན་འཐབ་སྟེ་འབད་རུང་ ད་རེས་ འགྱུར་བ་སོང་སྟེ་ ཀོ་ཝིཌ་ཨེགཛ་བི་བི་ཟེར་མི་ ཐོན་ཡོདཔ་ད་ ཨིན་རུང་ ཧེ་མར་ ཀོ་ཝིཌ་ཚད་འཛིན་གྱི་དོན་ལས་ བཟོ་བསྐྲུན་འབད་མི་ གཞི་རྟེན་མཁོ་ཆས་ཚུ་་ བཤུབ་ཚར་ཡོདཔ་ཨིན་པས།དེ་མ་ཚད་ ཧེ་མར་ མི་མང་ག་ར་གིས་ ནད་ཡམས་ཀོ་ཝིཌ་དེ་ལུ་ འདྲོག་འབྱེལ་འཐབ་སྲོལ་ཡོད་རུང་ ད་རེས་ནངས་པར་ ག་གིས་ཡང་ འདྲོག་མི་བཏུབ་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ དམག་འཁྲུག་ནང་ལས་ རྒྱལ་ཁ་འཐོབ་པར་ ལཱ་ཁག་འོང་ནི།

ཨཱལ་ཇ་ཟི་ར། ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ དམག་འཁྲུག་ནང་ལས་ རྒྱལ་ཁ་མི་འཐོབ་ནི་ཨིན་མི་དེ་ཡང་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ ར་ཤི་ཡའི་ དམག་མི་ཚུ་ ཁོང་གི་ས་ཁོངས་ཚུ་གི་ནང་ལས་ མགྱོགས་པ་ར་ གཏོན་གཏང་མི་ཚུགས་ནི་མས་ཟེར་ཨིན་པས།དེ་ཡང་ ཡུ་ཨེཛ་གི་དམག་སྤྱི་ མཱག་མི་ལེ་གིས་ བཤད་ཡོདཔ་ད་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ རྒྱལ་ས་ཀི་ཡེབ་དེ་ ཧྲམ་གཏང་ནི་སྦེ་ ཐབས་བྱུས་ཅན་གྱི་ དམིགས་གཏད་ཚུ་ཡང་ དྲག་དམག་ཐོག་ལས་ འགྲུབ་མི་ཚུགས་ཟེར་ཨིན་པས།ད་རེས་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ས་ཁོངས་ལེ་ཤ་ཅིག་ བཙན་འཕྲོག་འབད་དེ་ཡོད་མི་ཚུ་ དུས་ཡུན་ཐུང་ཀུ་ཅིག་ནང་ ཡུ་ཀེ་རེན་གྱིས་ ལོག་ལེན་མི་ཚུགས་ནི་ཨིནམ་ལས་ དམག་འཁྲུག་དེ་ འཕྲོ་མཐུད་དེ་ར་ རྨ་བཏོན་ཁྲག་བཏོན་ཅིག་སྦེ་ གནས་ནི་དང་ རྒྱལ་ཁབ་ ༢ ཀྱི་བར་ན་ འགྲིགས་ཆ་བཟོ་ནི་ལུ་ཡང་ ལཱ་ཁག་འོང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་རོབ་རྒྱལ་ཚོགས་ཀྱིས་ ཡུ་ཀེ་རེན་ ཞི་བདེའི་དོན་ལས་ རྒྱ་ནག་ལུ་ ཕན་ཐོགས་ཅན་གྱི་ འགན་ཁུར་འབག་དགོ་པའི་ནན་བསྐུལ།

རོའི་ཊརཛ། ཡུ་རོབ་རྒྱལ་ཚོགས་ཀྱི་ ཆེ་མཐོའི་ངོ་ཚབ་ཅིག་དང་ ཡུ་རོབ་དང་ ཨེ་ཤི་ཡའི་ལས་འབྲེལ་ནང་ རྒྱ་ནག་གི་ དམིགས་བསལ་སྐུ་ཚབ་ ལི་ཧུའི་ ༢ ཕྱད་པའི་སྐབས་ལུ་ ཡུ་ཀེ་རེན་ ཞི་བདེའི་དོན་ལས་ ཕན་ཐོགས་ཅན་གྱི་ འགན་ཁུར་འབག་དགོཔ་སྦེ་ ནན་བསྐུལ་ཡང་བསྐྱར་འབད་ཡོདཔ་ད་ ལི་ཧུའི་དེ་གིས་ ཧེ་མ་ ར་ཤི་ལུ་ རྒྱ་ནག་གི་ གཞུང་ཚབ་སྦེ་ཡང་ ལཱ་འབད་ནུག།ཡུ་རོབ་རྒྱལ་ཚོགས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་དེ་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེའི་ནང་ གཏན་འཇགས་འཐུས་མི་ཅིག་འབདཝ་ལས་ རང་དབང་དང་ ས་ཁོངས་དྲང་བདེན་གྱི་ གཞི་རྩ་ཚུ་ སེམས་ཁར་བཞག་སྟེ་ རྒྱལ་སྤྱི་གིས་ ངོས་འཛིན་གྲུབ་པའི་ ས་མཚམས་ལས་ གནས་ཚིག་ཚུ་ ག་ནི་ཡང་ མ་བཀོད་པར་ ར་ཤི་ཡའི་ དམག་མི་དང་ མཚོན་ཆ་ཚུ་ བཏོན་ནི་གི་ འགན་ཁུར་འབག་དགོ་ཟེར་ཨིན་པས།བདུན་ཕྲག་ཧེ་མའི་ནང་ ལི་ཧུའི་གིས་ ཡུ་རོབ་ལུ་ བལྟ་སྐོར་འབད་ཡོདཔ་བཞིན་དུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་དང་ཡང་ ཕྱད་ཡོདཔ་ད་ སྤྱི་ཟླ་ ༥ པའི་ཚེས་ ༢༦ ལུ་ ལི་ཧུའི་དེ་ ར་ཤི་ཡ་ལུ་ […]

gyalchi
World News

ཡུ་ཨེཛ་ལུ་ གཏང་ནི་སྦེ་ ཡིག་ཆ་རྫུན་མ་བཟོ་བའི་ ཉེས་འཛུགས་ཀྱི་གྲས་ཁར་ ནེ་པཱལ་གྱི་ བློན་པོ་བགྲེསཔ་ཚུ་ཡང་གྲལ་གཏོགས།

ཨཱལ་ཇ་ཟི་ར། ནེ་པཱལ་གྱི་ ཁྲིམས་རྩོདཔ་ཚུ་གིས་ ནེ་པཱལ་གྱི་ མི་ཁུངས་ཚུ་ འབྲུག་མི་སྐྱབས་བཅོལ་བ་ཨིན་པའི་ ཡིག་ཆ་རྫུན་མ་བཟོ་སྟེ་ ཡུ་ཨེཛ་ལུ་ གཏང་ནི་འབད་བའི་ ངན་ལྷད་ཀྱི་ ཉེས་འཛུགས་ཐོག་ལུ་ མི་གྲངས་ ༣༠ ཁྲིམས་སར་བསྐྱལ་ཡོདཔ་ད་ དེ་ཚུ་གི་གྲས་ཁར་ ནེ་པཱལ་གྱི་ བློན་པོ་བགྲེསཔ་ ༢ ཡང་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་འདི་ནང་ ནང་སྲིད་བློན་པོ་བགྲེསཔ་ བཱལ་ཀི་རིཤ་ན་ཁཱན་དང་ ནུས་ཤུགས་བློན་པོ་བགྲེསཔ་ ཊོ་པི་བྷ་དུར་ ར་ཡ་མ་ཇི་ དེ་ལས་ ནང་སྲིད་དྲུང་ཆེན་བགྲེསཔ་ ཊེག་ན་ར་ཡཱན་ པཱན་ཌེ་ཚུ་གིས་གཙོས་པའི་ མི་གྲངས་ ༡༦ འཛིན་བཟུང་ཐོག་ལས་ ཉེས་འཛུགས་འབད་ཡོདཔ་ད་ ད་རུང་ཡང་ ཁྲིམས་སྲུང་འགག་སྡེ་གིས་ མི་གྲངས་ ༡༤ འཚོལ་བའི་བསྒང་ཡོདཔ་ཨིན་པས།རྫོང་ཁག་རྩོད་དཔོན་ཡིག་ཚང་ལས་ ལགཤ་མཱན་ ཨུ་པ་དྷེ་ གི་མི་རེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཉེས་འཛུགས་འབད་མི་ཚུ་གིས་ གཡོ་སྒྱུ་དང་ ཁྲིམས་འགལ་ཐོག་ལས་ ཡིག་ཆ་རྫུན་མ་བཟོ་སྟེ་ རྒྱལ་ཁམས་ལུ་ གནོད་འགེལ་ཚུ་འབད་ནུག་ཟེར་ཨིན་པས།བྱ་ངན་འབད་མི་ཚུ་གིས་ ནེ་པཱལ་གྱི་ མི་ཁུངས་ལེ་ཤ་ཅིག་ འབྲུག་མི་སྐྱབས་བཅོལ་བ་ བཟོ་ཐོག་ལས་ ཡུ་ཨེཛ་ལུ་ བཏང་ནི་གི་ ཁས་ལེན་འབད་དེ་ […]

gyalchi
World News

འཛམ་གླིང་ནང་ ནད་ཡམས་ཀོ་ཝིཌ་ལུ་བརྟེན་ཏེ་ དུས་ཡུན་སྐར་མ་ ༤ རེའི་བར་ན་ མི་རེ་ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི། ལོ་ངོ་ ༣ གྱི་རྒྱབ་ལས་ ནད་ཡམས་ཀོ་ཝིཌ་གི་ གློ་བུར་གནས་སྟངས་དེ་ མཇུག་བསྡུ་ཡོད་རུང་ ད་རེས་ནངས་པར་ཡང་ འཛམ་གླིང་ནང་ དུས་ཡུན་སྐར་མ་ ༤ རེའི་བར་ན་ མི་རེ་ལུ་ ཤི་རྐྱེན་བྱུང་དོ་ཡོདཔ་ད་ ནད་ཡམས་ཀོ་ཝིཌ་དེ་ ག་དེ་སྦེ་ འཇོམས་ཚུགས་ག་ མ་ཤེས་པར་ཡོདཔ་ལས་ ཉེན་ཁ་ཅན་གྱི་མི་དང་ ཀོ་ཝིཌ་གི་ སྨན་ཁབ་མ་བཙུགས་མི་ རྒྱལ་ཁབ་ཚུ་ནང་ ཉེན་ཁ་ཡོདཔ་སྦེ་ཨིན་པས།ད་རེས་ རྒྱལ་ཁབ་མང་ཤོས་ཅིག་ནང་ ཀོ་ཝིཌ་གི་ཉེན་ཁ་ མར་བབས་སོང་ཡོད་རུང་ ནད་གཞི་ཚུ་གི་གྲས་ལས་ ཀོ་ཝིཌ་དེ་ ཤི་རྐྱེན་གྱི་ རྒྱུ་རྐྱེན་དང་པ་སྦེ་ར་ གནས་ཡོདཔ་ད་ དེ་ཡང་ ཡུ་ཨེཛ་རྒྱལ་ཁབ་ནང་འབད་བ་ཅིན་ ནད་ཡམས་ཀོ་ཝིཌ་དེ་ ཨང་ ༣ པ་སྦེ་ གནས་ཡོདཔ་ཨིན་པས།འཛམ་གླིང་གསོ་བའི་ཚོགས་སྡེ་གིས་ ད་ལས་ཕར་ ཀོ་ཝིཌ་དེ་ གློ་བུར་གྱི་ གནས་སྟངས་ནང་ མི་ཚུད་ཟེར་ གསལ་བསྒྲགས་མ་འབད་བའི་ སྔ་གོང་ལས་ར་ གཞུང་ལེ་ཤ་ཅིག་གིས་ འགྲུལ་བཀག་དང་ ལམ་སྟོན་ཚུ་ གོ་ཡངས་བཏང་ནུག།ནད་ཡམས་ཀོ་ཝིཌ་གི་ ཧེ་མའི་གོ་རིམ་ཚུ་ནང་ ཟད་འགྲོ་ལྕི་དྲགས་ བཏང་ཚར་བའི་ཤུལ་ལུ་ ད་རེས་ནངས་པར་ བཀག་ཐབས་འབད་ནིའི་ནང་ བརྩོན་ཤུགས་བསྐྱེད་མི་མེདཔ་ཨིན་པས།དེ་འབདཝ་ལས་ […]

gyalchi
World News

རྒྱ་གར་གྱི་ དངུལ་ལོར་ ༢༠༠༠ འབད་མི་ཆ་མེད།

ཨེན་ཌི་ཊི་ཝི། རྒྱ་གར་རྒྱལ་ཁབ་ནང་ གནས་གོང་མཐོ་ཤོས་ཀྱི་ རུ་པི་ ༢༠༠༠ འབད་མི་ དངུལ་ལོར་བཀྲམ་སྤེལ་དེ་ ཆ་མེད་བཏང་སྟེ་ ལོག་བསྡུ་ནིའི་དོན་ལས་ ཟླཝ་ ༤ གི་ དུས་ཚོད་བྱིན་ཡོདཔ་བཞིན་དུ་ དངུལ་ལོར་དེ་ཚུ་ ཟླ་ངོ་ ༤ གི་ ནང་འཁོད་ལུ་ བརྗེ་སོར་དང་ ཡང་ཅིན་ དངུལ་ཁང་ནང་ བཙུགས་དགོཔ་ཨིན་པས། དེ་ཡང་ རུ་པི་ ༢༠༠༠ འབད་མི་ དངུལ་ལོར་ཚུ་ སྤྱོད་ནི་གི་ དུས་ཚོད་ཡོལ་བ་ལུ་བརྟེན་ཏེ་ ལོག་བསྡུ་དགོཔ་ ཐོན་ཡོདཔ་ད་ རྒྱ་གར་ལུ་ དངུལ་ལོར་བཀྲམ་སྤེལ་ཡོངས་བསྡོམས་ལས་ བརྒྱ་ཆ་ ༡༠ དེ་ཅིག་ རུ་པི་ ༢༠༠༠ གི་ དངུལ་ལོར་ཚུ་ཨིན་པས་ཟེར་ གསལ་བསྒྲགས་ནང་བཀོད་ནུག། རྒྱ་གར་གྱི་ རི་ཛབ་བེང་ཨོཕ་ ཨིན་ཌི་ཡ་ཟེར་མི་ དངུལ་ཁང་ལྟེ་བ་གིས་ དེ་བཟུམ་མའི་ གྲོས་ཐག་བཅད་མི་དང་བསྟུན་ཏེ་ རྒྱན་ཆའི་ཚོང་ཁང་ཚུ་ནང་ དངུལ་ལོར་ཚུ་ གསེར་དང་ བརྗེ་སོར་འབད་མི་ ལེ་ཤ་ཅིག་ ཐོན་ཡོདཔ་ཨིན་པས། ཨིན་རུང་ སྤྱི་ལོ་ […]

gyalchi
World News

མཐའ་ཡས་ལེན་ལུ་ མུབ་ཕོར་ཝཱཌ་ཚོགས་པ་གིས་ སྲིད་དོན་ཚོགས་པ་གཞན་ ༧ དང་ མཉམ་འབྲེལ་གྱི་ཆིངས་ཡིག།

ཨེ་བི་སི།མཐའ་ཡས་ལེན་ལུ་ འདས་པའི་བདུན་ཕྲག་ནང་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་བཙག་འཐུའི་ནང་ལས་ ལྡོག་ཕྱོགས་ཚོགས་པ་ མུབ་ཕོར་ཝཱཌ་གིས་ ཚོགས་རྒྱན་མཐོ་ཤོས་ ཐོབ་ཡོདཔ་ལས་ སྤྱི་ཟླ་ ༧ པའི་ནང་ མཉམ་འབྲེལ་གཞུང་སྐྱོང་ བཙུགས་ནིའི་དོན་ལས་ སྤྱི་ཟླ་ ༥ པའི་ཚེས་ ༢༢ ལུ་ སྲིད་དོན་ཚོགས་པ་གཞན་ ༧ དང་གཅིག་ཁར་ ཆིངས་ཡིག་གུ་ མིང་རྟགས་བཀོད་ནུག།ཆིངས་ཡིག་དེ་ནང་ དོན་ཚན་ ༢༣ ཡོད་མིའི་གྲས་ལས་ མང་ཤོས་ཅིག་ སྤྱི་ཟླ་ ༥ པའི་ཚེས་ ༡༤ ལུ་ བཙག་འཐུའི་ནང་ལས་ རྒྱལ་ཁབ་ཐོབ་དགོ་པའི་ རྒྱུ་མཚན་ཅན་གྱི་ གནད་དོན་ཚུ་ ཚུད་དེ་ཡོདཔ་ཨིན་པས།མུབ་ཕོར་ཝཱཌ་ སྲིད་དོན་ཚོགས་པ་གིས་ ཚོགས་ཁང་ནང་ སྡོད་ཁྲི་ ༥༠༠ འབད་མི་ལས་ སྡོད་ཁྲི་ ༡༥༢ ཐོབ་སྟེ་ རྒྱལ་ཁབ་ཐོབ་ཡོདཔ་ད་ ཚོགས་པ་དེ་གི་ ཁས་བླངས་གཙོ་བོ་ར་ རྒྱལ་བརྒྱུད་ལུ་ བརྙས་བཅོས་ཀྱི་ བཅའ་ཁྲིམས་དེ་ སྒྱུར་བཅོས་འབད་ནི་སྦེ་ཨིན་རུང་ སྲིད་ཚོགས་མཉམ་འབྲེལ་གྱི་ ཆིངས་ཡིག་ནང་ གནད་དོན་དེ་ […]

gyalchi
Online now: 7 Today: 1104 Total visitors: 11134