ArchiveAboutContact

Category: World News

World News

ཡུ་ཨེཛ་ལུ་ ཉེན་ཁ་ཆེ་བའི་ རླུང་འཚུབས་ཀྱིས་ ཊེག་སཱཛ་ཁྲོམ་སྡེའི་ས་གནས་ པེ་རི་ཊཱོན་ལུ་གནོད་སྐྱོན།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༡༥ ལུ་ ཕྱི་རོ་ཁམས་ཅིག་ཁར་ ཡུ་ཨེཛ་གི་ ལྷོ་ཕྱོགས་ཁ་ཐུག་ལུ་ ག་ནི་བ་ ཉེན་ཁ་ལྕི་བའི་ རླུང་འཚུབས་ལངས་ཏེ་ བྱང་ཕྱོགས་ཁྲོམ་སྡེ་ ཊེག་སཱཛ་ཟེར་སར་ མི་ ༣ ལུ་ ཤི་རྐྱེན་དང་ ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།དེ་མ་ཚད་ བརྒྱུད་འབྲེལ་གྱི་ མཐུན་རྐྱེན་ཚུ་དང་ འདྲུད་ཁྱིམ་སྣུམ་འཁོར་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་ད་ པེ་རི་ཊཱོན་ལུ་ མི་རློབས་ ༨,༠༠༠ དེ་ཅིག་ སྡོད་དོ་ཡོདཔ་ད་ རྐྱེན་ངན་དེ་བྱུང་སར་ གློ་བུར་གྱི་ ཉེན་སྐྱོབ་འབད་མི་ སྡེ་ཚན༌ཚུ་ཡང་ བཏང་ཡོདཔ་ཨིན་པས།པེ་རི་ཊཱོན་གྱི་ མེ་རྐྱེན་ཉེན་སྲུང་སྡེ་ཚན་གྱི་གཙོ་འཛིན་ པཱོལ་ཌུ་ཅར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ མི་གྲངས་ ༧༥ དེ་ཅིག་ སྨན་ཁང་ནང་ བསྐྱལ་བའི་ཁར་ འདྲུད་ཁྱིམ་ ༣༠ དེ་ཅིག་ལུ་ཡང་ ཐད་ཀར་དུ་ཕོག་ནུག་ཟེར་ཨིནམ་ད་ ས་གནས་དེ་ནང་གི་ སྨན་ཁང་ཚུ་གི་ གློག་མེ་ཡང་ མེདཔ་བཏང་ཡོདཔ་ལས་ རང་སོའི་གློག་འཕྲུལ་ཚུ་ ལག་ལེན་འཐབ་ནུག་ཟེར་ཨིན་པས།དེ་བཟུམ་མའི་ གནམ་གཤིས་གནས་སྟངས་དེ་ བདུན་ཕྲག་མཇུག་བསྡུའི་རིང་ལུ་ འཕྲོ་མཐུད་ནི་དང་ […]

gyalchi
World News

ཀེ་ན་ཌ་ལུ་ སྣུམ་འཁོར་ཐུག་རྐྱེན་ནང་ མི་གྲངས་ ༡༥ དེ་ཅིག་ལུ་ཤི་རྐྱེན།

བི་བི་སི།ཀེ་ན་ཌའི་མངའ་སྡེ་ མ་ནི་ཊོ་བའི་ འཁོར་ལམ་ཁར་ ཐུག་རྐྱེན་ཚབས་ཆེན་ཅིག་ལུ་བརྟེན་ཏེ་ མི་གྲངས་ ༡༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ འདྲུད་འཁོར་མཉམ་སྦྲགས་ཀྱི་ སྣུམ་འཁོར་ཊག་ ༡ དང་ མི་རྒན་ཤོས་ཚུ་འབག་མི་ སྣུམ་འཁོར་བཱཛ་གཅིག་གི་བར་ན་ བྱུང་ཡོདཔ་ལས་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་དང་ གློ་བུར་ཉེན་སྐྱོབ་འབད་མི་ སྡེ་ཚན་ཚུ་ བཏང་སྟེ་ཡོདཔ་ཨིན་པས།དེ་བསྒང་ སྐྱེལ་འདྲེན་བཱཛ་དེ་ནང་ཡོད་མི་ མི་རྒན་ཤོས་མང་ཤོས་ཅིག་ར་ མ་ནི་ཊོ་བའི་ས་གནས་ ཌའུ་ཕིན་དང་ དེ་གི་མཐའ་འཁོར་ལས་ འོང་ནི་ཨིན་པས་ཟེར་བཀོད་ནུག།རྨ་སྐྱོན་བྱུང་སྟེ་ སྨན་ཁང་ནང་ བསྐྱལ་མི་ཚུ་གི་གྲས་ཁར་ མི་གྲངས་ ༡༠ དེ་ཅིག་ ལམ་འགྲུལཔ་དང་ དེད་གཡོགཔ་ ༢ ཡོདཔ་ད་ ཀེ་ན་ཌའི་ ཁྲིམས་སྲུང་འགག་སྡེ་གིས་ དེ་སྦེ་ ཐུག་རྐྱེན་བྱུང་སའི་ འཁོར་ལམ་དེ་ གནས་སྐབས་ཅིག་ བཀག་དམ་འབད་དེ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པ་གིས་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་འབད་མི་གིས་ དམག་འཁྲུག་ས་ཁོངས་ནང་ ཁྱད་པར་བཟོ་དོ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༡༥ ལུ་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཇེནཛ་སི་ཊཱོལ་ཊེན་བཱག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོགས་པ་དེ་གིས་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་འབད་མི་དེ་གིས་ དམག་འཐབ་ས་ཁོངས་ནང་ ཁྱད་པར་བཟོ་སྟེ་ཡོད་ཟེར་ཨིན་པས།དེ་ཡང་ ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ དམག་སྡེ་ལུ་ ཟློག་ལན་འཇལ་ནི་དེ་ འགོ་བཙུགས་པའི་བསྒང་ཡོདཔ་ཨིན་པས།དེ་མ་ཚད་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ མཐུན་འབྲེལ་རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་ལུ་ ཟླ་ངོ་ལེ་ཤ་ཅིག་གི་རིང་ལུ་ རྒྱབ་སྐྱོར་འབད་དེ་ཡོདཔ་ལས་ དམག་འཐབ་ས་ཁོངས་ནང་ ཁྱད་པར་ཐོན་ཏེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ལྷོ་ཀོ་རི་ཡའི་ སྲིད་འཛིན་ཡཱུན་གྱིས་ ཡུ་ཨེཛ་དང་གཅིག་ཁར་ ཀྲོབ་མདའི་མདེའུ་ངོ་མ ལག་ལེན་ཐོག་གི་ དམག་སྦྱོང་ནང་བལྟ་རྟོག།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༡༥ ལུ་ ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་དམག་སྡེ་ ༢ མཉམ་འབྲེལ་ཐོག་ལས་ ཀྲོབ་མདའི་མདེའུ་ངོ་མ་ཚུ་ ལག་ལེན་འཐབ་ཐོག་ལས་ དམག་སྦྱོང་འབད་མིའི་ནང་ ལྷོ་ཀོ་རི་ཡའི་སྲིད་འཛིན་ ཡཱུན་སུག་ཡོལ་གྱིས་ བལྟ་རྟོག་འབད་ནུག།དེ་ཡང་ སྤྱི་ཟླ་ཧེ་མའི་ནང་ བྱང་ཀོ་རི་ཡ་གིས་ གསང་ཞིབ་འཕྲུལ་སྐརཅིག་ མཁའ་དབྱིངས་ལུ་ བཏང་མི་དེ་ མཐར་འཁྱོལ་མ་བྱུང་རུང་ ལུང་ཕྱོགས་ནང་ གནས་སྟངས་བྱ་སྟབས་མ་བདེཝ་ བཟོ་བ་ལུ་བརྟེན་ཏེ་ ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་ ༢ ཀྱིས་ ཁོང་ལུ་ཡང་ སྟོབས་ཤུགས་ཡོད་པའི་ གསལ་སྟོན་གྱི་ བརྡ་མཚོན་ལུ་ དམག་སྦྱོང་དེ་ ལག་ལེན་འཐབ་ཡོདཔ་ཨིན་པས།དམག་སྦྱོང་དེ་ཡང་ ལྷོ་ཀོ་རི་དང་ ཡུ་ཨེཛ་རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་འགོ་བཙུགས་ཏེ་ ལོ་ངོ་ ༧༠ འཁོར་བའི་ དུས་དྲན་དང་ ལྷོ་ཀོ་རི་ཡའི་ དམག་སྡེ་གཞི་བཙུགས་ཀྱི་ དུས་སྟོན་ཐེངས་ ༧༥ པ་ བརྩི་སྲུང་དང་འབྲེལ་ཏེ་ ལག་ལེན་འཐབ་ནུག།ས་གནས་པོ་ཅི་ཡཱོན་ཟེར་སར་ ལག་ལེན་འཐབ་མི་ དམག་སྦྱོང་དེ་ནང་ དམག་མི་བསྡོམས་ ༢,༥༠༠ […]

gyalchi
World News

རྒྱ་པཱན་ལུ་ གནམ་གྲུ་ ༢ ཐུག་རྐྱེན་བྱུངམ་ལས་ གནམ་ཐང་རྒྱུགས་ལམ་བཀག་དམ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༦ པའི་ཚེས་ ༡༠ ལུ་ རྒྱ་པཱན་གྱི་རྒྱལ་ས་ ཊོ་ཀི་ཡོ་ལུ་ ཧ་ནེ་ཌ་གནམ་ཐང་ནང་ གནམ་གྲུ་ ༢ ཀྱི་བར་ན་ ཐུག་རྐྱེན་བྱུང་ཡོདཔ་ལས་ གནམ་གྲུ་ལ་ལོ་ཅིག་ དུས་ཚོད་ཁར་ འཕུར་མ་ཚུགས་པར་ ལུས་སོངཔ་ཨིན་པས།མ་གཞི་ ཐུག་རྐྱེན་དེ་ནང་ གནོད་སྐྱོན་ག་ནི་ཡང་ མ་བྱུང་རུང་ གནམ་ཐང་གི་ རྒྱུགས་ལམ་ ༤ བཀག་དམ་འབད་དེ་ བཞག་དགོཔ་བྱུང་ནུག།དེ་བསྒང་ གནམ་ཐང་དེ་ནང་ ཨེ་བ་མཁའ་འགྲུལ་གྱི་ གནམ་གྲུ་ ༡ དང་ མཐའ་ཡས་མཁའ་འགྲུལ་གྱི་ གནམ་གྲུ་ ༡ གི་བར་ན་ ཐུག་རྐྱེན་བྱུང་པའི་སྐབས་ལུ་ མཐའ་ཡས་མཁའ་འགྲུལ་གྱི་ གནམ་གྲུའི་གཤོག་པ་ཡ་ ༡ ཆག་དཀྲུམ་ཤོར་ཡོདཔ་བཟུམ་ཅིག་དང་ རྒྱུགས་ལམ་ཁར་ གནམ་གྲུའི་ཆ་ཤས་བཟུམ་ཚུ་ མཐོང་དོ་ཡོདཔ་སྦེ་ རྒྱང་མཐོང་ནང་ གསལ་སྟོན་འབད་ནུག་ བཀོད་འདུག་པའི་གནས་ཚུལ།.

gyalchi
World News

ཀོ་ལོམ་བི་ཡའི་ ནག་ཚལ་ནང་ གནམ་གྲུ་ས་ཁར་བུད་དེ་ ཉིན་གྲངས་ ༤༠ གི་ཤུལ་ལས་ ཨ་ལོ་ ༤ གསོན་པོ་སྦེ་ཐོབ་ཡོདཔ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༦ པའི་ཚེས་ ༡༠ ལུ་ ཀོ་ལོམ་བི་ཡའི་ ནགས་ཚལ་སྟུག་དྲགས་ཅིག་ནང་ གནམ་གྲུ་ཅིག་ ས་ཁར་བུད་དེ་ བདུན་ཕྲག་ ༥ ལྷགཔ་ཅིག་གི་ཤུལ་ལས་ གནམ་གྲུ་དེ་ནང་ འགྲུལ་བསྐྱོད་འབད་མི་ སྐྱེས་ལོ་ ༡༣ དང་ ༩ འབད་མི་དང་ དེ་ལས་ ༤ དང་ ཟླཝ་ ༡༢ འབད་མི་ ཨ་ལོ་ ༤ མ་ཤི་བར་ གསོན་པོ་སྦེ་ ཐོབ་ཡོདཔ་ཨིན་པས།ཨ་ལོ་ཚུ་ཡང་ ཀོ་ལོམ་བི་ཡའི་ མི་སྡེའི་ནང་ལས་ཨིནམ་ད་ ཁོང་ཆ་ཁྱབ་ ས་གནས་ཀེ་ཀེ་ཊ་དང་ གུ་ཝ་བི་ཡ་རེའི་ ས་མཚམས་ཁར་ གནམ་གྲུ་ཆུང་ཀུ་ཅིག་ བུད་ས་ལས་ དམག་མི་ཚུ་གིས་ ཐོབ་ཡོདཔ་སྦེ་ཨིན་པས།གནམ་གྲུ་ཆུང་བ་ སེཛ་ན་དེ་ འགྲུལ་པ་ ༧ འབག་སྟེ་ ཨེ་མེ་ཟོ་ནཱཛ་ མངའ་སྡེའི་ས་གནས་ ཨ་ར་ར་ཀུ་ཨ་ར་དང་ སཱན་ཡོ་སེ་ ཌེལ་གུ་ཝ་བི་ཡ་རེ་ ཁྲོམ་སྡེའི་བར་ན་ སྤྱི་ཟླ་ ༥ པའི་ཚེས་ ༡ […]

gyalchi
World News

རྒྱ་གར་རྒྱལ་ཁབ་ནང་ གུ་རམ་གྱི་ ནད་གཞི་ཐོབ་མི་ མི་གྲངས་ས་ཡ་ ༡༠༠ ལས་ལྷག་སྟེ་ཡོད་པའི་ངོས་འཛིན།

བི་བི་སི། རྒྱ་གར་རྒྱལ་ཁབ་ནང་ གསོ་བའི་འཕྲོད་བསྟེན་གྱི་ ཞིབ་འཇུག་དང་འཁྲིལ་བ་ཅིན་ མི་གྲངས་ས་ཡ་ ༡༠༡ དེ་ཅིག་ལུ་ གུ་རམ་གྱི་ ནད་གཞི་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ད་ དེ་ཡང་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་ ༡༡.༤ དེ་ཅིག་ལུ་ ཐོབ་ཡོདཔ་སྦེ་ཨིན་པས།དེ་མ་ཚད་ རྒྱ་གར་གསོ་བ་ལྷན་ཁག་གི་ ཞིབ་འཇུག་ནང་ཡང་ ཧ་ལམ་མི་གྲངས་ས་ཡ་ ༡༣༦ དེ་ཅིག་ལུ་ གུ་རམ་གྱི་ ནད་གཞི་ཐོབ་ཡོད་པའི་ གནས་སྟངས་ནང་ འོང་སྲིད་ནི་ཨིནམ་སྦེ་ བཀོད་ཡོད་མི་དེ་ཡང་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་ ༡༥.༣ དེ་ཅིག་ འོང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཨེཛ་གི་ སྲིད་འཛིན་བགྲེསཔ་ ཌོ་ནཱལ་ཊཱམ་ལུ་ རྡུལ་ཕྲན་གྱི་ གསང་བའི་བརྡ་དོན་ཚུ་གི་ ཡིག་སྣོད་ཚུ་ ཁྲུས་ཁང་ནང་ བཞག་ཡོད་པའི་ཉེས་འཛུགས།

བི་བི་སི། ཡུ་ཨེཛ་གི་ སྲིད་འཛིན་བགྲེསཔ་ ཌོ་ནཱལ་ཊཱམ་ལུ་ ཡུ་ཨེཛ་གི་ རྡུལ་ཕྲན་དང་ དམག་མིའི་འཆར་གཞི་ཚུ་དང་འབྲེལ་བའི་ གསང་བའི་ཡིག་ཆ་དང་སྦྲགས་ཏེ་ གསང་བྱའི་ཡིག་ཆ་ཚུ་ བརྒྱ་ཕྲག་ལས་བཅད་དེ་ ཚུལ་མིན་སྤྱོད་པའི་སྐོར་ལས་ ཉེས་འཛུགས་འབད་ནུག།དེ་ཡང་ ཉེས་འཛུགས་ཁག་ ༣༧ གྱི་གྲས་ཁར་ ཁོ་གིས་ ཡིག་ཆ་ཚུ་ ཕོལ་རི་ཌ་ལུ་ཡོད་མི་ ཁོ་རའི་གཞིས་ཁྱིམ་ནང་དང་ ཁྲབ་རྩེད་ཁང་མིག་ ཁྲུས་ཁང་ཚུ་ནང་ སྦ་བཞག་སྟེ་ དབྱེ་ཞིབ་འབད་མི་ཚུ་ལུ་ ཤོབ་རྐྱབ་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་མ་ཚད་ ཡིག་ཆ་ལག་ལེན་ཚུ་གི་སྐོར་ལས་ དབྱེ་ཞིབ་འབདཝ་ད་ བར་ཆད་རྐྱབ་པའི་ ཉེས་འཛུགས་ཡང་ བཀལ་ཡོདཔ་ཨིན་པས།ཌོ་ནཱལ་ཊཱམ་གྱིས་ སྤྱི་ལོ་ ༢༠༢༤ ལུ་ བཙག་འཐུའི་ནང་ ད་རུང་ཡང་ བཅའ་མར་གཏོགས་ནི་སྦེ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཁོ་ལུ་ འཛོལ་བ་ག་ནི་ཡང་མེད་ཟེར་ཨིན་པས།ཉེས་འཛུགས་ནང་ ཝ་ཡིཊ་ཧཱ་འུཛ་ནང་ དམག་སྡེའི་ཁ་ཐུག་ལས་ ཁོ་གི་སྐུ་སྒེར་ལས་རོགས་སྦེ་ ཕྱག་ཞུ་མི་ ཝ་ལཊི་ནའུ་ཏ་ལུ་ཡང་ ཡིག་སྣོད་ཚུ་ ཕར་ཚུར་བསྐྱལ་ཡོད་པའི་ ཉེས་འཛུགས་ཕོག་ནུག།ཉེས་འཛུགས་དེ་ ཤོག་གྲངས་ ༤༩ ཡོདཔ་ད་ ཁྲིམས་རྩོདཔ་ཚུ་གིས་ བཤད་མིའི་ནང་ ཌོ་ནཱལ་ཊཱམ་དེ་ ཡིག་ཚང་ནང་ལས་ ཐོན་འགྱོ་བའི་སྐབས་ལུ་ […]

gyalchi
World News

ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ ས་གནས་ཟ་པོ་རོ་ཞི་ཡའི་ ལྷོད་ཕྱོགས་ལུ་ འཕྲོ་མཐུད་དེ་ར་ ཕྱད་མདའ་རྐྱབ་དོ་ཡོདཔ།

བི་བི་སི། ར་ཤི་ཡའི་ འགོ་དཔོན་ཚུ་དང་ མི་སྡེ་བརྡ་བརྒྱུད་ཚུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ ས་གནས་ཟ་པོ་རོ་ཞི་ཡའི་ ལྷོ་ཕྱོགས་ལུ་ འཕྲོ་མཐུད་དེ་ར་ ར་ཤི་ཡའི་ དམག་མི་ཚུ་དང་ ཕྱད་མདའ་རྐྱབ་པའི་བསྒང་ཡོད་ཟེར་ཨིན་པས།དེ་ཡང་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ སྟོབས་དང་ མེ་སྒྱོགས་ མཁའ་དམག་གནམ་གྲུ་ཆུང་བ་ཌྲཱོན་ཚུ་ ལག་ལེན་འཐབ་སྟེ་ ཨོ་རི་ཁིབ་ཟེར་མི་ ཁྲོམ་གྱི་ལྷོ་ཕྱོགས་ལུ་ འཛུལ་ཞུགས་ཀྱི་དོན་ལས་ བརྩོན་ཤུགས་བསྐྱེད་དོ་ཟེར་ཨིན་པས།དམག་གི་མཁས་མཆོག་ དག་པ་ཅིག་གིས་ར་ ཡུ་ཀེ་རེན་གྱིས་ ཟ་པོ་རི་ཞི་ཡ་ལུ་ ཟློག་ལན་འབད་ནིའི་དོན་ལས་ གཙོ་བོར་བཏོན་ཏེ་ དུས་ཡུན་རིངམོ་སྦེ་ ཡར་སོང་ཡི་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ས་ཀི་ཡེབ་ཀྱི་ ཁ་ཐུག་ལས་ སཱི་ཨོཕ་ཨ་ཟོབ་དེ་ ར་ཤི་ཡའི་ ལག་པ་ལས་ ལོག་ལེན་ཐབས་ལུ་ཨིན་པས་ཟེར་ བཤདཔ་ཨིན་པས།སཱི་ཨོཕ་ཨ་ཟོབ་དེ་ ཡུ་ཀེ་རེན་གྱིས་ ལོག་འཐོབ་ཚུགས་པ་ཅིན་ ར་ཤི་ཡའི་ དམག་སྡེ་དེ་ སྡེ་ཚན་ཁག་ ༢ ལུ་ འཕྱལ་བཏང་ཚུགས་ནི་ཨིནམ་ལས་ ཁོང་གི་སྟོབས་ཤུགས་དང་ ལྕོགས་གྲུབ་ཚུ་ ཉམས་ནི་ཨིནམ་མ་ཚད་ ར་ཤི་ཡ་གིས་ སྤྱི་ལོ་ ༢༠༡༤ ལུ་ བཙན་འཕྲོག་འབད་དེ་ཡོད་མི་ ལྷོ་ཕྱོགས་ཡུ་ཀེ་རེན་གྱི་ས་གནས་ […]

gyalchi
World News

པ་ཀིཛ་ཏཱན་གྱི་ མཁའ་དམག་གནམ་གྲུ་ཆུང་བ་གཅིག་ རྒྱ་གར་ཨམ་རིཏ་སར་ལུ་ ཕབ་བཏང་ཡོདཔ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༦ པའི་ཚེས་ ༨ ལུ་ པ་ཀིཛ་ཏཱན་གྱི་ ཌཱོན་ཟེར་མི་ མཁའ་དམག་གནམ་གྲུ་ཆུང་བ་ཅིག་ རྒྱ་གར་ཨམ་རིཏ་སར་གྱི་ རྒྱལ་སྤྱི་ས་མཚམས་ནང་འཁོད་ལུ་ འཛུལ་ཞུགས་འབད་ཡོདཔ་ལས་ རྒྱ་གར་གྱི་ ས་མཚམས་ཉེན་སྲུང་སྡེ་ཚན་གྱི་ དམག་མི་ཚུ་གིས་ ཕབ་བཏང་ཡོདཔ་ཨིན་པས།དེ་མ་ཚད་ ཏ་རཱན་ཏ་རཱན་མངའ་སྡེའི་ནང་ པ་ཀིཛ་ཏཱན་གྱི་ གནམ་གྲུ་ཆུང་བ་ཅིག་གིས་ སྨྱོ་རྫས་ཀེ་ནག་ ཀེ་ཇི་ ༢ ལྷགཔ་ཅིག་ གནམ་ཁ་ལས་མར་ བཀོག་ཡོད་མི་དེ་ཡང་ རྒྱ་གར་གྱི་ དམག་མི་ཚུ་གིས་ འཛིན་བཟུང་འབད་ནུག།ཨམ་རིཏ་སར་གྱི་ གཡུས་ཚན་བྷའི་ནི་རཱཇ་པུ་ཏ་ནའི་ ཉེ་འདབས་ལུ་ཡོད་མི་ ས་མཚམས་ཉེན་སྲུང་སྡེ་ཚན་གྱི་ དམག་མི་ཚུ་གིས་ གནམ་ཁ་ལས་ མི་མེད་པའི་ གནམ་གྲུ་ཆུང་བ་ཅིག་གི་ ཟིར་སྐད་གོ་བའི་ཤུལ་ལས་ དམག་མི་ཚུ་གིས་ ཀྲོབ་མདའ་རྐྱབ་སྟེ་ ཕབ་བཏང་ཡི་ཟེར་ ས་མཚམས་ཉེན་སྲུང་སྡེ་ཚན་གྱི་ མགྲིན་ཚབ་ཅིག་གིས་ བཤད་ཡོདཔ་ཨིན་པས།དེ་གི་ཤུལ་ལས་ ས་མཚམས་ཉེན་སྲུང་སྡེ་ཚན་དང་ པཱན་ཇབ་ཁྲིམས་སྲུང་འགག་སྡེ་ ༢ མཉམ་འབྲེལ་ཐོག་ལས་ གནམ་གྲུ་དེ་ འཚོལ་ཞིབ་འབདཝ་ད་ ཞིང་ཅིག་ནང་ མེདཔ་ཐལ་ཏེ་ཡོདཔ་སྦེ་ མཐོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 7 Today: 1188 Total visitors: 11218