ArchiveAboutContact

Category: World News

World News

ལྷོ་ཀོ་རི་ཡ་ལུ་ ཨམ་སྲུ་ཅིག་གིས་ ཨ་ལོ་གསར་སྐྱེས་ ༢ བསད་དེ་ ཁྱེགས་སྒྲོམ་ནང་ བཞག་ཡོད་པའི་ཉེས་འཛུགས།

སི་ཨེན་ཨེན། ལྷོ་ཀོ་རི་ཡ་ལུ་ ཨམ་སྲུ་ཅིག་གིས་ མོ་རའི་ཨ་ལོ་གསར་སྐྱེས་ ༢ བསད་ཞིནམ་ལས་ ལོ་ངོ་ལེ་ཤ་ཅིག་གི་རིང་ལུ་ ཁྱེགས་སྒྲོམ་ནང་ བཙུགས་བཞག་ཡོདཔ་ལས་ ཁྲིམས་སྲུང་འགག་སྡེ་གིས་ ཨམ་སྲུ་དེ་ འཛིན་བཟུང་གི་ བཀའ་རྒྱ་གནང་དགོ་པའི་ ཞུ་བ་འབད་ནུག།སྐྱེས་ལོ་ ༣༠ སོ་གྲངས་ནང་འབད་མི་ ཨམ་སྲུ་དེ་གིས་ མོ་རའི་ཨ་ལོ་ ༢ བསད་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ད་ དེ་ཡང་ ཨ་ལོ་སྦོམ་ཤོས་ སྐྱེས་ལོ་ ༡༢ དང་ ༡༠ དེ་ལས་ ༨ འབད་མི་ཚུ་ གསོ་ནི་ལུ་ དཔལ་འབྱོར་གྱི་ དཀའ་སྡུག་མྱོང་ནི་དེ་གིས་ བསད་དགོཔ་བྱུང་ཡི་ཟེར་ཨིན་པས།དེ་ཡང་ དང་པ་ར་ སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༡༡ པའི་ནང་ ཨ་ལོ་བུམོ་ཅིག་ སྐྱེས་མི་དེ་ ཨོལ་ལྐོག་བསྡམས་ཏེ་ བསད་ཞིནམ་ལས་ མོ་རའི་ཁྱིམ་ནང་ཡོད་མི་ ཁྱེགས་སྒྲོམ་ནང་ བཙུགས་བཞག་ནུག།དེ་ལས་ སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༡༡ པའི་ནང་ སྐྱེས་མི་དེ་ཡང་ དེ་བཟུམ་སྦེ་ར་ བསད་ཡོད་པའི་ […]

gyalchi
World News

རྒྱ་ནག་ལུ་ དྲོད་ཤུགས་ཡར་འཕར།

ཨེ་ཌི་ཊི་ཝི། སྤྱི་ཟླ་ ༦ པའི་ཚེས་ ༢༣ ལུ་ རྒྱ་ནག་གི་རྒྱལ་ས་ བེ་ཇིང་དང་ ཏི་ཡཱན་ཇིན་ཁྲོམ་སྡེ་ ས་མཚམས་ཁག་གི་མངའ་སྡེ་ ཧེ་བི་དང་ ཤཱན་དོང་ཚུ་ནང་ དྲོད་ཤུགས་ ཡར་འཕར་འགྱོ་བའི་ ཉེན་བརྡ་འབད་ནུག།དེ་ཡང་ དྲོད་ཤུགས་མཐོ་ཚད་ ཌི་གི་རི་སེལ་ཤིཛ་ ༤༡.༡ ལུ་ ལྷོད་མི་དེ་ སྤྱི་ལོ་ ༡༩༦༡ ལས་ ད་ཚུན་གྱི་རིང་ལུ་ དྲོད་ཤུགས་མཐོ་ཤོས་ལས་ཡང་ བརྒལ་ཡོདཔ་ཨིན་པས།བེ་ཇིང་གི་ ཁྲོམ་ལམ་བདའ་སྟེ་ རྐང་ཐང་འགྱོ་མི་ཚུ་གིས་ ཁ་རས་དང་ ཞྭམོ་ དེ་ལས་ ཉིན་ཁེབས་ཚུ་བཙུགས་ཏེ་ འགྱོ་དོ་ཡོདཔ་ད་ ལ་ལོ་ཅིག་ ཁྲོམ་གྱི་ཆུ་ཡུར་ཚུ་ནང་ འཛུལ་སྡོད་ཡོདཔ་ད་ མཚོ་མཐའི་ས་གནས་ ཤཱན་དོང་ལུ་འབད་བ་ཅིན་ དྲོད་ཤུགས་ཀྱི་ ཚད་གཞི་དེ་ ཌི་གི་རི་ སེལ་ཤིཛ་ ༤༣ ལུ་ ལྷོད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་ཨ་སམ་མངའ་སྡེའི་ནང་ ཆུ་རུད་ཀྱིས་ མི་སེར་འབུམ་ ༥ དེ་ཅིག་ལུ་གནོད་སྐྱོན།

ཨེ་ཌི་ཊི་ཝི། རྒྱ་གར་གྱི་ ཨ་སམ་མངའ་སྡེའི་ རྫོང་ཁག་ ༢༢ ཀྱི་ནང་ ཆུ་རུད་ཐོན་ཏེ་ མི་གྲངས་འབུམ་ ༤.༩༦ དེ་ཅིག་ལུ་ གནོད་རྐྱེན་ཚབས་ཆེན་ བྱུང་ཡོདཔ་མ་ཚད་ ས་གནས་ཏ་མཱལ་པུར་ཟེར་སར་ མི་ ༡ ཡང་ ཆུ་ནང་ཐིམ་སྟེ་ ཤི་རྐྱེན་བྱུང་ནུག།ཨ་སམ་མངའ་སྡེའི་ རྐྱེན་ངན་འཛིན་སྐྱོང་དབང་འཛིན་གྱི་ ཆུ་རུད་སྙན་ཞུ་དང་འཁྲིལཝ་ད་ ཆུ་རུད་དེ་ ཉེན་འཚུབ་ཆེ་ཤོས་ར་ ས་གནས་བ་ཇ་ལི་ཟེར་སར་ཡོདཔ་ད་ ས་གནས་དེ་ནང་ མི་འབོར་འབུམ་ ༢.༦༠ དེ་ཅིག་ལུ་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།དེ་ལས་ གཞན་ཡང་ ནཱལ་བ་རི་ལུ་ མི་གྲངས་ ༧༧,༧༠༢ དང་ བར་པེ་ཊ་ལུ་ ༦༥,༢༢༡ ལ་ཁིམ་པུར་ལུ་ ༢༥,༦༡༣ བག་ས་ལུ་ ༢༤,༠༢༣ ཏ་མཱུལ་པུར་ལུ་ ༡༩,༢༠༨ ད་རང་ལུ་ ༡༣,༧༠༤ དང་ ཀོག་ར་ཇར་ལུ་ མི་གྲངས་ ༦,༥༣༨ ལུ་ གནོད་སྐྱོན་བྱུང་པའི་ཁར་ ས་ཞིང་ཧེཀ་ཊར་ ༡༤,༠༩༡.༩༠ དེ་ཅིག་ལུ་ཡང་ ཆུ་གིས་གང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་གྱི་ བློན་ཆེན་མོ་དི་གིས་ ཡུ་ཨེཛ་དང་ སྲིད་འཛིན་བཱ་ཡེ་ཌེན་དང་གཅིག་ཁར་ མཐུན་ལམ་ཡར་དྲགས།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༢༡ ལུ་ རྒྱ་གར་རྒྱལ་ཁབ་ནང་ འགྲོ་བ་མིའི་ཐོབ་དབང་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ཚུ་ མཇུག་བསྡུ་ནི་མེད་པའི་ ཚ་གྱང་ལངམ་ལང་ས་ར་ཡོད་རུང་ ད་རེས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་དེ་ ཡུ་ཨེཛ་གི་རྒྱལ་ས་ ཝ་ཤིང་ཊཱོན་ལུ་ ཉིན་གྲངས་ ༢ ཀྱི་ གཞུང་འབྲེལ་གཟིགས་སྐོར་ལུ་བྱོན་ནུག།དེ་འབདཝ་ལས་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བཱ་ཡེ་ཌེན་དང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་ ༢ ཀྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ སྲུང་སྐྱོབ་དང་ འཕྲུལ་རིག་གི་ མཉམ་འབྲེལ་ཚུ་ དམ་ཟབ་བཟོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།རྒྱ་གར་གྱི་ བློན་ཆེན་དེ་ ཝ་ཤིང་ཊཱོན་ལུ་ ཕེབས་པའི་ཤུལ་ལས་ ཡུ་ཨེཛ་སྲིད་འཛིན་གྱིས་ ཝ་ཡིཊ་ཧ་འུཛ་ནང་སྦེ་ སྐུ་སྒེར་ཚོགས་སྟོན་ཅིག་ འགོ་འདྲེན་འཐབ་ནུག།སྤྱི་ཟླ་ ༦ པའི་ཚེས་ ༢༢ ལུ་ བློན་ཆེན་མོ་དི་གིས་ ཡུ་ཨེཛ་གི་ ཚོགས་ཁང་ནང་ གསལ་བཤད་ཅིག་ གནང་པའི་ཤུལ་ལས་ གནས་ཚུལ་བསྡུ་བཀོདཔ་ཚུ་དང་ ཕྱད་ཡོདཔ་མ་ཚད་ གཞུང་འབྲེལ་ཚོགས་སྟོན་ཅིག་ནང་ཡང་ […]

gyalchi
World News

རྒྱ་གར་གྱི་མངའ་སྡེ་ མ་ནི་པུར་ལུ་ ནང་འཁྲུག་ལང་ནིའི་གུ་ ལྷོད་ཡོདཔ་ལས་ འཇིགས་སྣང་ཡར་སེང་།

བི་བི་སི། རྒྱ་གར་གྱི་ བྱང་ཤར་མངའ་སྡེ་ མ་ནི་པུར་ལུ་ མི་རིགས་ལུ་བརྟེན་པའི་ དཀའ་ངལ་ཐོན་ཏེ་ ཟླ་ངོ་ ༢ དེ་ཅིག་ ལང་དོ་ཡོདཔ་ད་ མི་ལེ་ཤ་ཅིག་གི་སེམས་ཁར་ མ་ནི་པུར་ལུ་ ནང་འཁྲུག་ལང་ནི་གི་ དུས་ཚོད་ཁར་ ལྷོད་ཡོད་པའི་ ཡིད་ཆེས་ཡང་བསྐྱེདཔ་ཨིན་པས།དེ་ཡང་ མི་རིགས་མེ་ཏི་དང་ ཀུ་ཀི་ཟེར་མི་ མི་སྡེ་ ༢ ཀྱི་བར་ན་ འཛིང་འཁྲུག་ལང་པ་ལུ་བརྟེན་ཏེ་ ད་ཚུན་གྱི་བར་ན་ མི་གྲངས་ ༡༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་དང་ ༤༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་པའི་ཁར་ མི་གྲངས་ ༦༠,༠༠༠ དེ་ཅིག་གི་ སྡོད་གནས་ཚུ་ཡང་བྱང་སྟེ་ གནས་སྐབས་ཀྱི་ སྒར་ཚུ་ནང་ སྡོདཔ་ཨིན་པས།རྒྱ་གར་གྱི་ དྲག་པོའི་དམག་མི་དང་ ཁྲིམས་སྲུང་འགག་པ་ཚུ་གིས་ བྱེལཝ་འཇོམས་ཐབས་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན་རུང་ ཟིང་ཚོགས་ཚུ་གིས་ བྱེལཝ་འགོ་བཙུགས་པའི་ ཉིན་མ་ལས་ཚུར་ ཁྲིམས་སྲུང་འགག་སྡེའི་ གོ་མཚོན་མཛོད་ཁང་ཚུ་ནང་ འཕྲོག་བཅོམ་འབད་དེ་ མཚོན་ཆ་ ༤.༠༠༠ ལྷགཔ་ཅིག་ འབག་འགྱོ་མིའི་གྲས་ལས་ བཞི་དཔྱ་ ༡ གི་རྩིས་ ལོག་སྤྲོད་ནུག།དེ་སྦེ་ […]

gyalchi
World News

རྒྱ་ནག་ལུ་ ཤ་སྲེག་བཟའ་ཁང་ཅིག་ནང་ སྲེག་ཐབ་གས་པའི་རྐྱེན་གྱིས་ མི་གྲངས་ ༣༡ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༢༢ ལུ་ རྒྱ་ནག་གི་ ནུབ་བྱང་ལུང་ཕྱོགས་ ནིང་ཤི་ཡ་ལུ་ ཤ་སྲེག་བཟའ་ཁང་ཅིག་ནང་ སྲེག་ཐབ་གས་པའི་རྐྱེན་གྱིས་ མི་གྲངས་ ༣༡ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ ཞིབ་དཔྱད་ཚུ་ དམ་ཟབ་འབད་དགོ་པའི་ བཀའ་རྒྱ་གནང་ནུག།རྐྱེན་ངན་དེ་ཡང་ ཐབ་རླུང་བསགས་མཛོད་ལས་ ཐབ་རླུང་ཕྱི་ཁར་ ཐོན་པ་ལུ་བརྟེན་ཏེ་ བྱུང་ཡོདཔ་མ་ཚད་ ཆག་དཀྲུམ་ཤོར་མི་ཤེལ་དང་ མེ་རླབས་ལུ་བརྟེན་ཏེ་ རྨ་སྐྱོན་བྱུང་ཡོད་མི་ མི་ངོམ་ ༧ ཡང་ སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཨིན་པས།གནད་དོན་དེ་གི་སྐོར་ལས་ སྲིད་འཛིན་ཇིན་པིང་གིས་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ བཟོ་གྲྭ་ཁང་དང་ ལས་སྡེ་གཙོ་བོ་ཚུ་ནང་ ཉེན་སྲུང་གི་ བལྟ་རྟོག་དང་ རྨ་སྐྱོན་བྱུང་ མི་ཚུ་ལུ་ སྨན་བཅོས་ག་དེ་དྲག་དྲག་འབད་དགོ་པའི་ བཀའ་རྒྱ་ཡང་གནང་ནུག།རྒྱ་ནག་ལུ་ ཡུན་རིང་གི་བར་ན་ ཉེན་སྲུང་ལེགས་སྒྱུར་ལུ་ བརྩོན་ཤུགས་བསྐྱེད་དེ་འབད་རུང་ ཐབ་རླུང་དང་ རྫས་སྦྱོར་ཚུ་ལུ་བརྟེན་པའི་ རྐྱེན་ངན་ཚུ་ ཐོནམ་ཐོན་ས་ར་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༡༥ ལུ་ ཏི་ཡཱན་ཇིན་ཁྲོམ་སྡེའི་ བྱང་ཕྱོགས་ལུ་ […]

gyalchi
World News

ཡུ་ཨེཛ་གི་སྲིད་འཛིན་ བཱ་ཡེ་ཌེན་གྱིས་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་ལུ་ དབང་བཙོང་གི་ དབུ་ཁྲིདཔ་ཟེར་འབོ་ཡོདཔ།

བི་བི་སི། ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བཱ་ཡེ་ཌེན་གྱིས་ ཀ་ལི་ཕོར་ནི་ཡ་ལུ་ མ་དངུལ་བསྡུ་སྒྲུབ་ཀྱི་ ལས་རིམ་ཅིག་ ལག་ལེན་འཐབ་སར་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་ལུ་ དབང་བཙོང་གི་ དབུ་ཁྲིདཔ་ཟེར་ འབོ་ཐོག་ལས་ སྐྱོན་བརྗོད་འབད་ནུག།དེ་ཡང་ སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ ཡུ་ཨེཛ་དང་ རྒྱ་ནག་གི་བར་ན་ བྱ་སྟབས་མ་བདེཝ་ཚུ་ བསལ་ཐབས་ལུ་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཐོ་ནི་ བི་ལིང་ཀེན་གྱིས་ བེ་ཇིང་ལུ་ རྒྱ་ནག་གི་ སྲིད་འཛིན་ཛི་དང་གཅིག་ཁར་ ཕྱད་པ་འི་ཤུལ་ལས་འབད་ཨིན་པས།གསུང་གྲོས་ཀྱི་སྐོར་ལས་ སྲིད་འཛིན་ཛི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧ་ལམ་ལེགས་ཤོམ་སྦེ་ སོང་ཡི་ཟེར་ཨིན་རུང་ བི་ལིང་ཀེན་གྱིས་ ཕྱོགས་གཉིས་རའི་ ཁ་ཐུག་ལས་ ད་རུང་ཡང་ གསུང་གྲོས་གནང་ནི་ལུ་ ཐོགས་ཆག་མེད་པའི་ གནས་སྟངས་ནང་ཡོད་ཟེར་བཤད་ནུག།སྤྱི་ཟླ་ ༦ པའི་ཚེས་ ༢༠ ལུ་ ཡུ་ཨེཛ་གི་སྲིད་འཛིན་ བཱ་ཡེ་ཌེན་གྱིས་ སྐྱོན་བརྗོད་དང་འབྲེལ་བའི་ གསལ་བཤད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ རྒྱ་ནག་གི་ གསང་ཞིབ་ལྒང་ཕུ་ཅིག་ ཡུ་ཨེཛ་གུ་ལས་ཕར་ ལྷོད་མི་དེ་ལུ་བརྟེན་ཏེ་ རྒྱ་ནག་གི་ སྲིད་འཛིན་དེ་ ངོ་ཚ་རི་རི་ ཐལ་ཏེ་ཡོད་ཟེར་ཨིན་པས།ཡུ་ཨེཛ་དང་ […]

gyalchi
World News

རྒྱ་གར་ཨ་སམ་ལུ་ ཆུ་རུད་ཐོན་ཏེ་ མི་གྲངས་ ༣༤,༠༠༠ དེ་ཅིག་ལུ་གནོད་སྐྱོན།

ཨེན་ཌི་ཊི་ཝི། འདས་པའི་ཉིན་གྲངས་ ཁ་ཤས་ཀྱི་ནང་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ རྒྱ་གར་ཨ་སམ་མངའ་སྡེ་ལུ་ དུས་ཅི་ ཆུ་རུད་ཐེངས་དང་པ་ ཐོན་ཡོདཔ་ད་ དེ་ཡང་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་པ་ལུ་བརྟེན་ཏེ་ རྫོང་ཁག་ ༡༡ གི་ ས་ཁོངས་ཚུ་ ཆུ་གིས་གང་སྟེ་ མི་གྲངས་ ༣༤,༠༠༠ ལྷགཔ་ཅིག་ལུ་ གནོད་སྐྱོན་བྱུང་ནུག།ཉིན་བསྟར་གྱི་ ཆུ་རུད་སྙན་ཞུ་དང་ ཨ་སམ་རྐྱེན་ངན་འཛིན་སྐྱོང་དབང་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ བར་མ་པུ་ཏ་ར་དང་ གཙང་ཆུ་གཞན་ཚུ་ཡང་ སྦོམ་ཐལ་ཡོདཔ་ལས་ ས་གནས་ཁག་ཚུ་གི་ནང་ ཉེན་ཁའི་མཐོ་ཚད་ལས་བརྒལ་བའི་ གནས་ཚད་ཁར་ ལྷོད་དེ་ཡོད་ཟེར་ཨིན་པས།དེ་བཟུམ་མའི་ ཆུ་རུད་ལུ་བརྟེན་ཏེ་ ཨམ་སྲུ་ ༡༤,༦༧༥ དང་ ཨ་ལོ་ ༣,༧༨༧ ལུ་ གནོད་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་གྱི་མངའ་སྡེ་ མ་ནི་པུར་ལུ་ ཟིང་ཚོགས་ཀྱིས་ ཁྲིམས་སྲུང་འགག་སྡེའི་ མཛོད་ཁང་འཕྲོག་བཅོམ།

ཨེ་ཌི་ཊི་ཝི། སྤྱི་ཟླ་ ༦ པའི་ཚེས་ ༡༦ གི་ནུབ་མོར་ རྒྱ་གར་གྱི་མངའ་སྡེ་ མ་ནི་པུར་ལུ་ ཟིང་འཁྲུག་ལང་སྟེ་ཡོད་མི་ བིཤ་ན་པུར་ རྫོང་ཁག་གི་ས་གནས་ ཀོ་ཝག་ཏ་དང་ ཅུ་ར་ཅཱན་པུར་ རྫོང་ཁག་གི་ས་གནས་ ཀང་བའི་ལུ་ རང་སྒུལ་ཀྲོབ་མདའ་རྐྱབ་པའི་ སྒྲ་སྐད་འཕྲལ་འཕྲལ་ར་ གོ་ཡོད་པའི་སྐོར་ལས་ ཁྲིམས་སྲུང་འགག་པ་དང་ དྲག་པོའི་དམག་མི་ཚུ་གིས་ སྙན་ཞུ་འབད་ནུག།ས་གནས་དེ་ཚུའི་ནང་ ཟིང་ཚོགས་ཚུ་ མང་སུ་ཐོན་ཏེ་ འཕྲོག་བཅོམ་འབད་བའི་ཁར་ ཅ་དངོས་ཚུ་ལུ་ མེ་སྤར་ནི་གི་ དཔའ་བཅམས་ཡོད་པའི་ སྙན་ཞུ་ཚུ་ཡང་ ལོག་ཅིང་ར་ ཐོན་དོ་ཡོདཔ་ཨིན་པས།དེ་འབདཝ་ལས་ ཨ་སམ་དྲག་པོའི་དམག་མི་དང་ ཨ་སམ་རའི་ཕཱལཛ་ མགྱོགས་ཤུགས་དམག་སྡེ་ དེ་ལས་ མངའ་སྡེའི་ཁྲིམས་སྲུང་འགག་སྡེ་ཚུ་ མཉམ་འབྲེལ་ཐོག་ལས་ ནུབ་ཕྱེད་ཚུན་ཚོད་ ཤར་ཕྱོགས་རྫོང་ཁག་ ཨིམ་ཕཱལ་ལུ་ དར་གཡུག་ལམ་འགྲུལ་ཅིག་ ལག་ལེན་འཐབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་ཀཤ་མིར་ལུ་ གཡིབ་དམག་ཨིན་པའི་ དོགས་པ་ཡོད་མི་ཚུ་དང་ རྒྱ་གར་གྱི་ དམག་མི་ཚུ་གི་བར་ན་ བྱེལཝ་ཐོནམ་ལས་ གཡིབ་དམག་ ༥ ལུ་ཤི་རྐྱེན།

ཨེ་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༡༦ ལུ་ རྒྱ་གར་གྱི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྩོད་རྙོག་ཅན་གྱི་ས་ཁོངས་ ཀཤ་མིར་ལུ་ རྒྱ་གར་གྱི་ དམག་མི་ཚུ་དང་ གཡིབ་དམག་ཨིན་པའི་ དོགས་པ་ཅན་ཚུ་གི་བར་ན་ ཀྲོབ་མདའ་ལག་ལེན་འཐབ་སྟེ་ བྱེལཝ་ལངས་པའི་སྐབས་ལུ་ གཡིབ་དམག་ཨིན་པའི་ དོགས་པ་ཅན་ ༥ དམར་བསད་ཡི་ཟེར་ཨིན་པས།དེ་ཡང་ པ་ཀིཛ་ཏཱན་དང་ རྒྱ་གར་རྒྱལ་ཁབ་ ༢ ཀྱི་ ས་མཚམས་མངའ་སྡེ་ ཀུབ་ཝ་ར་ཟེར་སའི་ ནུབ་བྱང་ཕྱོགས་ལུ་ རྒྱ་གར་གྱི་ ཁྲིམས་སྲུང་འགག་སྡེ་དང་ དྲག་པོའི་དམག་སྡེ་ ༢ མཉམ་རུབ་ཐོག་ལས་ ངོ་རྒོལ་ལུ་ ཟློག་ལན་འབད་བའི་བསྒང་ བྱུང་ཡོདཔ་ད་ དེ་བཟུམ་མའི་ ངོ་རྒོལ་འབད་མི་ཚུ་ལུ་ ཀཤ་མིར་ལུ་ཡོད་མི་ མུཟ་ལིམ་ ཆོས་ལུགས་འཛིན་མི་ཚུ་གིས་ རྒྱབ་སྐྱོར་འབདཝ་ཨིན་པས།ཀཤ་མིར་གྱི་ ས་ཁོངས་དེ་ལུ་ རྒྱ་གར་དང་ པ་ཀིཛ་ཏཱན་ རྒྱལ་ཁབ་གཉིས་ཆ་གིས་ར་ ཐོབ་བརྗོད་བཀོད་དོ་ཡོདཔ་ད་ དེ་ཡང་ རྒྱ་གར་གྱི་ དབང་ཆའི་འོག་ལུ་ཚུད་མི་ ཀཤ་མིར་ལུ་ སྤྱི་ལོ་ ༡༩༨༩ ལས་ཚུར་ར་ རྒྱ་གར་གཞུང་ལུ་ […]

gyalchi
Online now: 34 Today: 1466 Total visitors: 11496