ArchiveAboutContact

Category: World News

World News

མཐའ་ཡས་ལེན་གྱི་ བཙག་འཐུའི་ནང་ བློན་ཆེན་པར་ཡཱུད་ལུ་ དོ་འགྲན་ཅན་གྱི་གནས་སྟངས།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༡༤ ལུ་ མཐའ་ཡས་ལེན་ རྒྱལ་ཁབ་ནང་ སྤྱིར་བཏང་བཙག་འཐུའི་དོན་ལས་ དོ་འགྲན་མང་པའི་སྟབས་ཀྱིས་ བློན་ཆེན་པར་ཡཱུད་ ཅཱན་ཨོ་ཅ་དེ་ རྒྱབ་ཁར་ལུས་ཏེ་ཡོད་རུང་ ཧེ་མར་ དམག་སྡེ་གཞུང་གིས་ བརྩམས་བཞག་མི་ བཙག་འཐུའི་སྒྲིག་གཞི་དང་འཁྲིལཝ་ད་ དྲག་པོའི་གཙོ་འཛིན་བགྲེསཔ་ཅིག་འབདཝ་ལས་ བཙག་འཐུའི་ནང་ལས་ བཏོན་བཏང་ཐབས་མེདཔ་ཨིན་པས།སྐྱེས་ལོ་ ༦༩ འབད་མི་ པར་ཡཱུད་དེ་ སྤྱི་ལོ་ ༢༠༡༤ ལོར་ དྲག་པོའི་གཞུང་སྐྱོང་སྐབས་ལུ་ ཡིག་ཚང་འཆང་ཡོདཔ་ད་ སྤྱི་ལོ་ ༢༠༡༩ ལོར་ རྩོད་ཉོག་ཆེ་བའི་ བཙག་འཐུ་དང་ སྤྱི་ལོ་ ༢༠༢༠ ལུ་ མི་མང་གི་ངོ་རྒོལ་ དེ་ལས་ སྤྱི་ཚོགས་ནང་ ཡིད་ཆེས་མེད་པའི་ ཚོགས་རྒྱན་ཐེངས་ ༤ རེ་བསྐྱུར་རུང་ བློན་ཆེན་གྱི་གོ་གནས་ལས་ བཏོན་བཏང་མ་ཚུགསཔ་ཨིན་པས།ད་རེས་ ཁོ་གིས་ མཐའ་ཡས་ལེན་གྱི་ གཅིག་བསྒྲིལ་གྱི་ལམ་སྲོལ་ལུ་ བརྩི་མཐོང་དང་ མི་དབང་སྐུ་འཁོར་ལུ་ གུས་ཞབས་ཡོད་ལུགས་ཀྱི་ རྒྱུད་བསྐུལ་ཐོག་ལས་ ད་རུང་ཡང་ བློན་ཆེན་གྱི་ གནས་ཡུན་ཅིག་གི་དོན་ལུ་ […]

gyalchi
World News

རྒྱ་ནག་གིས་ ཡུ་ཀེ་རེན་དང་ ར་ཤི་ཡ་ལུ་ ཞི་བདེའི་དོན་ལས་ ངོ་ཚབ་གཏང་ནི།

ཨེ་བི་སི། བདུན་ཕྲག་ཤུལ་མའི་ནང་ལས་ ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ སྲིད་དོན་ཅིག་གི་དོན་ལས་ མ་འགྲིགས་པར་ཡོད་མི་ རྒྱལ་ཁབ་ ༢ ལུ་ དམིགས་བསལ་གྱི་ ངོ་ཚབ་གཏང་ནི་ཨིན་ཟེར་ རྒྱ་ནག་གི་ ཕྱི་འབྲེལ་བློན་པོ་གིས་ བཤད་ཡོདཔ་ཨིན་པས།ངོ་ཚབ་དེ་ཡང་ ཧེ་མ་ ཡུ་རོབ་དང་ ཨེ་ཤི་ཡའི་ དོན་གཅོད་ནང་ དམིགས་བསལ་ངོ་ཚབ་དང་ མོཛ་ཀོ་ལུ་ རྒྱ་ནག་གི་ གཞུང་ཚབ་འབད་མི་ ལི་ཧུའི་ཨིནམ་ད་ ཁོ་གིས་ པོ་ལེན་དང་ ཕ་རཱནཛ་ དེ་ལས་ ཇར་མ་ནི་ རྒྱལ་ཁབ་ཚུ་ནང་ཡང་ འགྱོ་ནི་ཨིན་པས།རྒྱ་ནག་གིས་ ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ ཕྱད་མདའ་རྐྱབ་མི་ལུ་ རྒྱ་ནག་དེ་ བར་གནས་རྒྱལ་ཁབ་ཅིག་ཨིན་ཟེར་ བཤད་ཡོད་རུང་ ར་ཤི་ཡ་དང་གཅིག་ཁར་ མཚམས་ཚོད་མེད་པའི་ མཐུན་ལམ་བཞག་ནི་སྦེ་ གསལ་བསྒྲགས་འབད་ནུག།མ་གཞི་ རྒྱ་ནག་གིས ཡུ་ཀེ་རེན་གྱི་དོན་ལུ་ ཞི་བདེའི་འཆར་གཞི་ཅིག་ བརྩམས་བཏང་མི་ལུ་ ཡུ་ཀེ་རེན་གྱི་ རྒྱབ་སྐྱོར་པ་ཚུ་གིས་ ར་ཤི་ཡ་གིས་ གནོད་འཚུབ་མཚམས་འཇོག་འབད་དེ་ དམག་མི་ཚུ་ ཡུ་ཀེ་རེན་ལས་ བཏོན་བདའ་བའི་ཤུལ་ལུ་མ་གཏོགས་ ཐག་བཅད་མ་ཚུགསཔ་སྦེ་ ཆ་བཞག་མ་བཏུབ་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མཐའ་ཡས་ལེན་ལུ་ རྒྱབ་བཤུད་མེད་པའི་སྲིད་ཚོགས།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༡༤ ལུ་ འགོ་འདྲེན་འཐབ་མི་སྦེ་ཡོད་མི་ མཐའ་ཡས་ལེན་གྱི་ སྤྱིར་བཏང་བཙག་འཐུའི་དོན་ལས་ འདས་པའི་བདུན་ཕྲག་ཚུ་ནང་ ཕིའུ་ཐའེ་ཟེར་མི་ སྲིད་ཚོགས་ཀྱིས་ བསྐུལ་བསྒྲགས་ཀྱི་ སྣུམ་འཁོར་ཊག་ཚུ་ མི་སེར་ཚུ་གི་ མི་ཚེ་ལེགས་སྒྱུར་ལུ་ ས་ཁོངས་ག་རའི་ནང་ ཕིའུ་ཐའེ་གི་ རྒྱལ་ཁ་ཟེར་བའི་ བསྐུལ་བསྒྲགས་ཀྱི་ སྙན་ཚིག་ཚུ་ རྒྱལ་ཁབ་མཐའ་དབུས་མེད་པར་ བཏང་ཡོདཔ་ཨིན་པས།ཕིའུ་ཐའི་སྲིད་ཚོགས་དེ་ བརྒྱུད་འབྲེལ་ཚོང་ལམ་ནང་ རྒྱུ་སྟོབས་ཅན་གྱི་མི་ངོམ་ ཐག་སིན་ཤི་ན་ཝ་ཏར་གྱིས་ སྤྱི་ལོ་ ༡༩༩༨ ལུ་ ཐའེ་རག་ཐའེ་སྲིད་ཚོགས་ གཞི་བཙུགས་འབད་མི་ལས་བརྒྱུད་པའི་ སྲིད་ཚོགས་ཅིག་ཨིནམ་ད་ འདས་པའི་ལོ་ངོ་ ༡༧ གི་རིང་ལུ་ སྲིད་ཚོགས་དེ་ནང་ ཐག་སིན་ཤི་ན་ཝ་ཏར་གྱི་ ཤན་ཞུགས་རྩ་མེད་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་དེ་ སྲིད་ཚོགས་དེ་གི་ བསྐུལ་བསྒྲགས་ནང་ སྲིད་ཚོགས་གཞན་ཚུ་གིས་ དོ་འགྲན་འབད་མ་ཚུགས་པའི་ གཞི་ཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན་པས།སྤྱི་ལོ་ ༢༠༠༦ ལུ་ ཐག་སིན་ཤི་ན་ཝ་ཏར་གྱི་གཞུང་དེ་ དྲག་པོའི་དམག་སྡེ་གིས་ དབང་བཟུང་འབད་བའི་ཤུལ་ལས་ ཐའེ་རག་ཐའེ་སྲིད་ཚོགས་དེ་ ཧྲམ་བཏང་ཡོད་རུང་ ཤི་ན་ཝ་ཏར་ལུ་ སྲིད་དོན་དང་འབྲེལ་བའི་ ཉེས་འཛུགས་ཚུ་བཀལཝ་ལས་ […]

gyalchi
World News

ཡུ་ཀེ་རེན་གྱིས་ ར་ཤི་ཡ་ལུ་ གནོད་འཚུབ་ཐོག་ལས་ ལན་ལོག་འཇལ་ནི་ལུ་ དུས་ཚོད་འགོར་ནི།

བི་བི་སི། ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་ལུ་ རྒྱབ་སྐྱོར་འབད་མི་ རྒྱལ་ཁབ་ཚུ་གིས་ ཁས་ལེན་གྲུབ་ཡོད་མི་ མཚོན་ཆ་ཚུ་ལུ་ སྒུག་དགོཔ་ལས་ ར་ཤི་ཡའི་ དམག་སྡེ་ལུ་ གནོད་འཚུབ་ཀྱི་སྒོ་ལས་ ལན་ལོག་འཇལ་ནིའི་དོན་ལུ་ དུས་ཚོད་མངམོ་དགོ་པས་ཟེར་ཨིན་པས།དེ་ཡང་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ རྒྱལ་ཁབ་ཚུ་གིས་ སྦྱོང་བརྡར་འབད་ཡོད་མི་ དམག་སྡེ་ཚུ་ གཏང་ནི་ལུ་ གྲ་སྒྲིག་ཡོད་རུང་ ཁོང་ལུ་ མཚོན་ཐུབ་སྣུམ་འཁོར་གྱི་ ཅ་ཆས་ཚུ་མེདཔ་ལས་ དུས་ཚོད་མངམོ་དགོ་ནི་དེ་གིས་ཨིན་པས།ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ དམག་མི་ཚུ་ ས་ཕྱོགས་ག་ཏེ་ལས་ མདུན་བསྐྱོད་འབད་ནི་ཨིན་ན་དེ་ གསང་བའི་ཐོག་ལུ་ བཞག་ཡོདཔ་ད་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ས་གནས་ ལུ་ཧནཛ་དང་ ཌོ་ནེཊཛ་ལས་ ཤར་ཕྱོགས་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༡༤༥༠ དེ་ཅིག་གི་ ས་ཁ་ལས་ ལྷོ་ཕྱོགས་ཀྱི་ས་གནས་ ཟ་པོ་རི་ཞི་ཡ་དང་ ཁེར་སཱོན་གྱི་བར་ན་ སྲུང་སྐྱོབ་ཀྱི་དོན་ལས་ གྲ་སྒྲིག་ཚུ་ བཙན་ཏོག་ཏོ་ བཟོ་སྟེ་ཡོདཔ་ཨིན་པས།ད་རེས་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ དམག་འཁྲུག་ལང་སྟེ་ ཟླཝ་ ༡༥ […]

gyalchi
World News

པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་འཛིན་བཟུང་།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༩ ལུ་ པ་ཀིཛ་ཏཱན་ ངན་ལྷད་བཀག་སྡོམ་ལས་སྡེ་གིས་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་དེ་ ཨིཛ་ལ་མ་བཱད་ ཆེ་མཐོའི་ཁྲིམས་ཁང་ནང་ འཛིན་བཟུང་འབད་ཡོདཔ་ལས་ ཁོ་གི་རྒྱབ་སྐྱོར་པ་ཚུ་གིས་ ངོ་རྒོལ་འབད་དེ་ ཁྲིམས་སྲུང་འགག་པ་དང་གཅིག་ཁར་ གདོང་ཐུག་སྐབས་ལུ་ ངོ་རྒོལ་འབད་མི་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་པ་ ༦ བརྩིས་ཏེ་ མི་གྲངས་ ༡༢ ལུ་ཡང་ རྨ་སྐྱོན་བྱུང་ནུག།དེ་ཡང་ ཨིམ་རཱན་ཁཱན་གྱིས་ ན་ཧིང་ བློན་ཇོན་གྱི་ གོ་གནས་ལས་ བཏོན་བཏང་མིའི་ནང་ དམག་སྡེའི་གཙོ་འཛིན་གྱི་ ལགཔ་ཡོདཔ་མ་ཚད་ དམག་སྡེའི་འགོ་དཔོན་ཅིག་གིས་ ཁོ་ རྐུ་བསད་རྐྱབ་ནི་གི་ འཆར་གཞི་བརྩམས་ཡོད་པའི་ ཉེས་ཁ་བཀལ་བའི་ཤུལ་ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།རྒྱབ་སྐྱོར་པ་ཚུ་གིས་ ངོ་རྒོལ་འབད་བའི་སྐབས་ལུ་ ངོ་རྒོལ་དམ་འཛིན་འབད་མི་ཚུ་གིས་ ཨིམ་རཱན་ཁཱན་དེ་ སྐོར་ར་རྐྱབ་སྟེ་ སྣུམ་འཁོར་གནགཔོ་ཅིག་ནང་ བཙུགས་ཞིནམ་ལས་ ཁྱིད་སོང་ནུག།པ་ཀིཛ་ཏཱན་གྱི་ མངའ་སྡེ་བཞི་ནང་ ཨིམ་རཱན་ཁཱན་གྱི་ རྒྱབ་སྐྱོར་པ་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་འབད་དེ་ ལ་ཧོར་དང་ ར་ཝཱལ་པིན་ཌི་ཚུ་ནང་ ཁྲོམ་སྡེའི་འཁོར་ལམ་གཙོ་བོ་ཚུ་ བཀག་ཆ་འབད་དེ་ དམག་སྡེའི་སྒྲིང་ཁྱིམ་ཚུ་ནང་འཛུལ་ཏེ་ […]

gyalchi
World News

མི་སྡེ་བརྡ་བརྒྱུད་ཚུ་ནང་ ངོ་མིང་གསལ་སྟོན་མ་འབད་མི་ཚུ་ལུ་ ཉེས་ཁྲིམས་ལག་ལེན།

བི་བི་སི། ཝེཊ་ནམ་གཞུང་གིས་ མི་སྡེ་བརྡ་བརྒྱུད་ ལག་ལེན་འཐབ་མི་ཚུ་གིས་ རང་སོའི་ངོ་རྟགས་ཚུ་ གསལ་སྟོན་འབད་དགོཔ་ད་ དེ་ཡང་ ཡོངས་འབྲེལ་ཐོག་གི་ གཡོ་སྒྱུའི་ལཱ་ཚུ་ མེདཔ་བཟོ་ཐབས་ལུ་ཨིན་པའི་ གསལ་བསྒྲགས་འབད་ནུག།དེ་བཟུམ་མའི་ ལག་ལེན་དེ་གིས་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་མི་ཚུ་ བདའ་ཟུན་ཚུགས་ནི་དང་ ཕེཛ་བུག་ཚུ་བཟུམ་མའི་ རྒྱལ་ཁབ་ཕྱི་ནང་གི་ མི་སྡེ་བརྡ་བརྒྱུད་ཚུ་ནང་ ངོ་རྟགས་གསལ་སྟོན་མ་འབད་མི་ཚུ་གིས་ སྒྲིག་གཞི་གསརཔ་དེ་ལུ་ ཆ་གནས་འབད་དགོཔ་ཨིན་པས།ཐབས་ལམ་དེ་ སྤྱི་ལོ་ ༢༠༢༣ གྱི་ ལོ་མཇུག་ལུ་ བསྟར་སྤྱོད་འབད་ནི་ཨིནམ་ད་ མཐར་འཁྱོལ་གྱི་ཐེད་ཁར་ ངེས་པ་མེད་རུང་ གཞུང་འབྲེལ་བརྡ་བརྒྱུད་ནང་ དབང་འཛིན་ཚུ་གིས་ དེ་བཟུམ་མའི་ བརྡ་བརྒྱུད་ལག་ལེན་འཐབ་མི་ཚུ་ བལྟ་རྟོག་དང་ བཀག་ཆ་འབད་ནི་ཨིན་པས།སྤྱི་ལོ་ ༢༠༢༢ ལུ་ ཝེཊ་ནམ་གྱིས་ གནས་ཚུལ་རྫུན་མ་ཚུ་ དུས་ཡུན་ཆུ་ཚོད་ ༢༤ གི་ ནང་འཁོད་ལུ་ བཏོན་བཏང་དགོཔ་སྦེ་ བཟོ་ཡོདཔ་མ་ཚད་ གུ་གཱལ་དང་ ཕེཛ་བུག་ཚུ་བཟུམ་མའི་ འཕྲུལ་རིག་ལས་སྡེ་ཚུ་གིས་ བརྡ་བརྒྱུད་དེ་ཚུ་ ལག་ལེན་འཐབ་མིའི་ གནད་སྡུད་ཚུ་ བསགས་བཞག་དགོ་པའི་ ཁྲིམས་ལུགས་ཚུ་ཡང་ བཟོ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་མ་དྷི་ཡ་ པར་དེཤ་ལུ་ སྣུམ་འཁོར་སྐྱེལ་འདྲེན་བཱཛ་ཅིག་ ཟམ་གུ་ལས་ བུད་འགྱོ་བའི་ རྐྱེན་ངན་ནང་ ལམ་འགྲུལཔ་ ༡༥ ལུ་ ཤི་རྐྱེན་དང་ ༢༠ ལུ་རྨ་སྐྱོན།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༥ པའི་ཚེས་ ༩ ལུ་ རྒྱ་གར་གྱི་མངའ་སྡེ་ མ་དྷི་ཡ་པར་དེཤ་གི་ ཁར་གཱོན་ཟམ་གུ་ལས་ སྣུམ་འཁོར་སྐྱེལ་འདྲེན་བཱཛ་ཅིག་ བུད་འགྱོ་བའི་ རྐྱེན་ངན་ནང་ ལམ་འགྲུལཔ་ ༡༥ ལུ་ ཤི་རྐྱེན་དང་ ༢༠ ལུ་ རྨ་སྐྱོན་བྱུང་ནུག།དེ་བསྒང་ སྐྱེལ་འདྲེན་བཱཛ་དེ་ནང་ ལམ་འགྲུལཔ་ ༥༠ ཡོདཔ་ད་ སྐྱེལ་འདྲེན་བཱཛ་དེ་ ས་གནས་ཨིན་ཌོར་ཟེར་སར་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ ད་སང་ག་ཟེར་མི་ གཡུས་ཚན་གྱི་ ཁར་གཱོན་ཟམ་གུ་ལས་ བུད་སོང་པ་ལུ་བརྟེན་ཏེ་ གཡུས་ཁའི་མི་སེར་ཚུ་གིས་ གློ་བུར་གྱི་ སྲོག་སྐྱབས་འབད་ནི་ལུ་ རོགས་རམ་འབད་ཡོདཔ་ཨིན་པས།རྒྱ་གར་མ་དྷི་ཡ་ པར་དེཤ་མངའ་སྡེའི་ གཙོ་འཛིན་བློན་པོ་ ཤིབ་རཱཇ་སིང་ ཅོའུ་ཧཱན་གྱིས་ མ་རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་མིའི་ ནང་མི་བཟའ་ཚང་ལུ་ རུ་པི་འབུམ་ ༤ རེ་དང་ རྨ་སྐྱོན་ཚབས་ཆེན་ བྱུང་མི་ཚུ་ལུ་ རུ་པི་སྟོང་ཕྲག་ ༥༠ རེ་ དེ་ལས་ རྨ་སྐྱོན་ཚབས་ཆུང་ བྱུང་མི་ཚུ་ལུ་ རུ་པི་སྟོང་ཕྲག་ ༢༥ རེ་ […]

gyalchi
World News

ལོན་ཌཱོན་གྱི་ ཝེཛ་མིནཛ་ཊར་ ཨ་བེ་ལྷ་ཁང་ནང་སྦེ་ རྒྱལ་པོ་ཅརལིཛ་ ༣ པའི་ གསེར་ཁྲི་མངའ་གསོལ།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༦ ལུ་ བི་རི་ཊེན་ རྒྱལ་ཁབ་ནང་ ལོ་ངོ་བཅུ་ཕྲག་ ༧ གྱི་རྒྱབ་ལས་ དགའ་སྟོན་སྦོམ་ཤོས་ཅིག་སྦེ་ རྒྱལཔོ་ཅརལིཛ་ ༣ པ་དེ་ ལོ་ངོ་ ༡,༠༠༠ དེ་ཅིག་འཁོར་བའི་ སྔར་སྲོལ་ལམ་ལུགས་དང་འཁྲིལ་ཏེ་ གསེར་ཁྲིར་མངའ་གསོལ་ཞུ་ནུག།དགའ་སྟོན་དེ་ནང་ འཛམ་གླིང་རྒྱལ་ཁབ་ཚུ་ལས་ དབུ་ཁྲིད་ ༡༠༠ དེ་ཅིག་དང་ རྒྱང་མཐོང་བལྟ་མི་ ས་ཡ་ལེ་ཤ་ཅིག་གི་གདོང་ཁར་ ཀེན་ཊར་བ་རིའི་ བླ་ཆེན་གྱིས་ ལོ་ངོ་ ༣༦༠ འགྱོ་མི་ ཨེཌ་ཝཱཌ་དབུ་ཞྭ་དེ་ དུས་རབས་ ༡༤ པའི་ནང་ གསེར་ཁྲི་གུ་བཞུགས་མི་ རྒྱལཔོ་ཅརལིཛ་མཆོག་ལུ་ འགྲོས་ཀྱིས་སྦེ་ ཕུལ་ཡོདཔ་ཨིན་པས།དེ་བཟུམ་མའི་ རྒྱལ་རབས་ཅན་གྱི་ དགའ་སྟོན་དེ་ཡང་ སྤྱི་ལོ་ ༡༠༦༦ ལུ་ འཛམ་གླིང་ནང་གི་ རྒྱལ་ཁབ་གཞན་ཚུ་ དབང་ལུ་བསྡུ་མི་ ཝི་ལི་ཡམ་གྱིས་ སྲོལ་བཏོད་མཛད་ནུག།དེ་བསྒང་ དགུང་ལོ་ ༧༥ བཞེས་མི་ བཙུན་མོ་ཀེ་མི་ལ་ཡང་ རྒྱལ་བཙུན་སྦེ་ མངའ་གསོལ་ཞུ་ཡོདཔ་ཨིན་པས།རྒྱལ་རབས་ནང་ཚུད་པའི་ […]

gyalchi
World News

རྒྱ་གར་གྱི་མངའ་སྡེ་ མ་དི་ཡ་པར་དེཤ་གི་ ས་གནས་མོ་རེ་ན་ལུ་ བཟའ་ཚང་ནང་མི་ ༦ དམར་བསད།

ཨེན་ཌི་ཊི་ཝི།རྒྱ་གར་གྱི་མངའ་སྡེ་ མ་དི་ཡ་པར་དེཤ་ལུ་ ས་ཆའི་སྐོར་ལས་ མ་འགྲིགས་པར་ བྱེལཝ་ཐོན་ཏེ་ བཟའ་ཚང་ཅིག་གི་ནང་ལས་ ཨམ་སྲུ་ ༣ བརྩིས་ཏེ་ ནང་མི་བཟའ་ཚང་ ༦ དམར་བསད་འབད་ཡོདཔ་མ་ཚད་ གཞན་མི་ ༢ ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ལས་ སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༥ ལུ་ ས་གནས་མོ་རེ་ན་ཟེར་སར་ ཕོ་སྐྱེས་དག་པ་ཅིག་གིས་ ཀྲོབ་མདའ་འབག་སྟེ་ མཚོན་ཆ་འབག་ནི་མེད་མི་ སྡེ་ཚན་ཅིག་ ཤིང་དུམ་གྱིས་ དྲངས་པའི་ཤུལ་ལས་ ཀྲོབ་མདའ་རྐྱབ་ནུག།ཧེ་མར་ སྤྱི་ལོ་ ༢༠༡༣ ལུ་ ལེ་པ་ཟེར་མི་ གཡུས་ཚན་ནང་གི་ བཟའ་ཚང་ ༢ རང་སོའི་ས་ཆ་གུ་ ཕྱགས་སྙིགས་བཀོག་བའི་སྐོར་ལས་ མ་འགྲིགས་པར་ བཟའ་ཚང་ཅིག་གི་ནང་ལས་ ནང་མི་ ༢ བསད་པའི་ཤུལ་ལུ་ བྱོག་ཡར་སོངཔ་ཨིན་པས།ཨིན་རུང་ ཁྲིམས་འདུན་ལས་ ནང་འགྲིགས་འབད་དེ་ བྱོག་འགྱོ་མི་ བཟའ་ཚང་ཚུ་ གཡུས་ཚན་དེ་ཁར་ ལོག་འོང་པའི་ཤུལ་ལུ་ བཟའ་ཚང་གཞན་མི་གིས་ གྱོས་ངན་བརྩམས་ཏེ་ དེ་སྦེ་ […]

gyalchi
World News

རྒྱ་གར་ཇ་མུ་ལུ་ དྲག་ཐོག་དབང་བཙོང་གི་ རྒྱབ་འགལ་ལག་ལེན་སྐབས་ལུ་ རྫས་བམ་གས་ཏེ་ དམག་མི་ ༢ ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༥ པའི་ཚེས་ ༥ ལུ་ རྒྱ་གར་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཇ་མུ་དང་ ཀཤ་མིར་རྫོང་ཁག་ ར་ཇུ་རི་ཟེར་སར་ དྲག་ཐོག་དབང་བཙོང་འབད་མི་ཚུ་དང་ གདོང་ཐུག་སྐབས་ལུ་ དམིག་མི་ ༢ ལུ་ ཤི་རྐྱེན་དང་ འགོ་དཔོན་ ༡ གིས་གཙོས་པའི་ དམག་མི་ ༤ ལུ་ཡང་ རྨ་སྐྱོན་བྱུང་ནུག།དེ་མ་ཚད་ འཕྲལ་ཁམས་ཅིག་ཁར་ དྲག་ཐོག་དབང་བཙོང་འབད་མི་ཚུ་གིས་ དམག་སྡེ་ལུ་དམིགས་ཏེ་ གནོད་འཚུབས་བཀལ་བའི་སྐབས་ལུ་ཡང་ དམག་མི་ ༥ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ དྲག་ཐོག་དབང་བཙོང་འབད་མི་ཚུ་ ས་གནས་དེ་ཁ་ལས་ བཏོན་བཏང་ནིའི་དོན་ལུ་ དམག་ལཱ་ཅིག་ ལག་ལེན་འཐབ་ད་ དྲག་ཐོག་དབང་བཙོང་འབད་མི་ཚུ་གིས་ རྫས་བམ་ཚུ་ ལག་ལེན་འཐབ་ཡོདཔ་ཨིན་པས།དམག་ལཱ་དེ་ནང་ རྨ་སྐྱོན་བྱུང་མི་ཚུ་ སྨན་ཁང་ནང་ བསྐྱལ་ཡོདཔ་ད་ ས་གནས་དེ་ཁར་ དམག་རྒྱབ་ཚུ་ཡང་ འབོད་བཀུག་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 10 Today: 868 Total visitors: 10898