ArchiveAboutContact
World News

ལོན་ཌཱོན་གྱི་ ཝེཛ་མིནཛ་ཊར་ ཨ་བེ་ལྷ་ཁང་ནང་སྦེ་ རྒྱལ་པོ་ཅརལིཛ་ ༣ པའི་ གསེར་ཁྲི་མངའ་གསོལ།

gyalchi · 1 min read

རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༦ ལུ་ བི་རི་ཊེན་ རྒྱལ་ཁབ་ནང་ ལོ་ངོ་བཅུ་ཕྲག་ ༧ གྱི་རྒྱབ་ལས་ དགའ་སྟོན་སྦོམ་ཤོས་ཅིག་སྦེ་ རྒྱལཔོ་ཅརལིཛ་ ༣ པ་དེ་ ལོ་ངོ་ ༡,༠༠༠ དེ་ཅིག་འཁོར་བའི་ སྔར་སྲོལ་ལམ་ལུགས་དང་འཁྲིལ་ཏེ་ གསེར་ཁྲིར་མངའ་གསོལ་ཞུ་ནུག།
དགའ་སྟོན་དེ་ནང་ འཛམ་གླིང་རྒྱལ་ཁབ་ཚུ་ལས་ དབུ་ཁྲིད་ ༡༠༠ དེ་ཅིག་དང་ རྒྱང་མཐོང་བལྟ་མི་ ས་ཡ་ལེ་ཤ་ཅིག་གི་གདོང་ཁར་ ཀེན་ཊར་བ་རིའི་ བླ་ཆེན་གྱིས་ ལོ་ངོ་ ༣༦༠ འགྱོ་མི་ ཨེཌ་ཝཱཌ་དབུ་ཞྭ་དེ་ དུས་རབས་ ༡༤ པའི་ནང་ གསེར་ཁྲི་གུ་བཞུགས་མི་ རྒྱལཔོ་ཅརལིཛ་མཆོག་ལུ་ འགྲོས་ཀྱིས་སྦེ་ ཕུལ་ཡོདཔ་ཨིན་པས།
དེ་བཟུམ་མའི་ རྒྱལ་རབས་ཅན་གྱི་ དགའ་སྟོན་དེ་ཡང་ སྤྱི་ལོ་ ༡༠༦༦ ལུ་ འཛམ་གླིང་ནང་གི་ རྒྱལ་ཁབ་གཞན་ཚུ་ དབང་ལུ་བསྡུ་མི་ ཝི་ལི་ཡམ་གྱིས་ སྲོལ་བཏོད་མཛད་ནུག།
དེ་བསྒང་ དགུང་ལོ་ ༧༥ བཞེས་མི་ བཙུན་མོ་ཀེ་མི་ལ་ཡང་ རྒྱལ་བཙུན་སྦེ་ མངའ་གསོལ་ཞུ་ཡོདཔ་ཨིན་པས།
རྒྱལ་རབས་ནང་ཚུད་པའི་ དགའ་སྟོན་འདི་གི་སྐབས་ལུ་ རྒྱལ་བརྒྱུད་ཀྱི་མདུན་ལམ་ སྔོན་མཐོང་ཅན་ཅིག་སྦེ་ སྟོན་ནི་གི་ ཐབས་ཤེས་བསྒྲིགས་མི་དེ་ནང་ ཞབས་ཏོག་ཞུ་མི་ སྡེ་ཚན་ཁག་མ་འདྲཝ་དང་ ཆོས་ལུགས་མ་འདྲ་བའི་ བི་རི་ཊེན་གྱི་ འགོ་ཁྲིད་ཚུ་གིས་ གྲལ་གཏོགས་འབད་ནུག།
དགའ་སྟོན་གྱི་ ཚད་གཞི་དེ་ སྤྱི་ལོ་ ༡༩༥༣ ལུ་ རྒྱལ་མོ་ཨེ་ལི་ཟ་བེད་མཆོག་ གསེར་ཁྲིར་མངའ་གསོལ་ཞུ་བའི་ རྟེན་འབྲེལ་གྱི་ ཚད་གཞི་ལས་ དུམ་གྲ་ཅིག་ དམའ་སུ་སྦེ་ བརྩི་ཡོད་རུང་ ཡ་མཚན་ཅན་ བཟོ་ནིའི་ཐད་ཁར་ རྒྱལ་རབས་དང་ལྡན་པའི་ གསེར་མདོག་ཅན་གྱི་ གྱོན་ཆས་དང་ རིན་ཆེན་གྱིས་སྤྲོས་པའི་དཔའ་རྟགས་ དེ་ལས་ འཛམ་གླིང་ནང་ ཚོན་ཁྲ་མེད་པའི་ རྡོ་རྗེ་ཕ་ལམ་སྦོམ་ཤོས་ཀྱིས་སྤྲོས་པའི་ དབང་ཆེན་གྱི་ ཕྱག་མཁར་ཚུ་གི་སྒོ་ལས་ ག་ནི་བ་ཡང་ ཡ་མཚན་ཅན་ཅིག་ བཟོ་ཡི་ཟེར་ཨིན་པས།
རྒྱལཔོ་ཅར་ལིཛ་དེ་ ན་ཧིང་ སྤྱི་ཟླ་ ༩ པའི་ནང་ ཁོ་རའི་ཡུམ་ རྒྱལམོ་ཨེ་ལི་ཟ་བེད་མཆོག་ གཤགས་པའི་ཤུལ་ལུ་ རྒྱལ་པོའི་འགན་ཁུར་ བཞེས་ཡོདཔ་ལས་ གསེར་ཁྲིར་མངའ་གསོལ་གྱི་ དགོས་མཁོ་མེད་རུང་ མི་མང་གི་གདོང་ཁར་ ཁྲིམས་ལྡན་བཟོ་ཐབས་ལུ་ ལག་ལེན་འཐབ་ནུག།
མི་དབང་རྒྱལཔོ་དང་ བཙུན་མོ་ ༢ བ་ཀིང་ཧམ་ཕོ་བྲང་ལས་ བདེ་ལྡན་སྣུམ་འཁོར་ ཌ་ཡེ་མཱོན་སི་ཊེཊི་ཇུ་བི་ལི་ཀོཆ་ནང་སྦེ་ རྟ་གུར་བཞོན་མི་ དམག་མི་ཚུ་གི་ཞྭམོ་གུ་ བྱ་སྒྲོ་དང་ བྱང་ཁོག་གུ་ འོད་མདངས་ཆེ་བའི་ ངོ་རྒྱན་བཏགས་མི་ཚུ་གིས་ ཕྱག་ཞུ་སྟེ་ཡོདཔ་ཨིན་པས།
དེ་མ་ཚད་ བ་ཀིང་ཧམ་ཕོ་བྲང་ནང་ ལི་ཁྲིའི་མདོག་གི་ སྒྲིག་ཆས་དང་ དོམ་གྱི་པགས་ཀོའི་ ཞྭམོ་བཙུགས་མི་ དམག་མི་བརྒྱ་ཕྲག་ལས་བཅད་མི་ཚུ་ གྱལ་བཙར་ཏེ་འབདཝ་ད་ ཆརཔ་ཟམ་ཟིམ་རེ་རྐྱབ་རུང་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ སྤུངས་འཛོམས་འབད་ནུག།
དེ་བསྒང་ རེ་པབ་ལི་ཀཱན་ཚུ་གིས་ ངེ་གི་རྒྱལཔོ་མིན་ཟེར་བའི་ དར་ཚུ་འབག་སྟེ་ གཡུག་ཡོད་རུང་ མི་དབང་རྒྱལཔོ་དང་ བཙུན་མོ་ ༢ བྱོན་ལམ་བདའ་སྟེ་ ཐོགས་ཆག་མེད་པར་ བྱོན་ཚུགས་ནིའི་དོན་ལས་ ཁྲིམས་སྲུང་འགག་པ་ ༡༡,༠༠༠ དེ་ཅིག་ བཙུགས་ཏེ་ཡོདཔ་ལས་ རེ་པབ་ལི་ཀཱན་གྱི་ འགོ་ཁྲིདཔ་ཚུ་ག་ར་ ཧམ་ཐལ་ཐལ་སྦེ་ ལུས་ཡོདཔ་མ་ཚད་ ངོ་རྒོལ་འབད་མི་ ༥ ཡང་ འཛིན་བཟུང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Comments are closed.

Related

World News

ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ།

བི་བི་སི། ཨ་མི་རི་ཀའི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་མི་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ སྐྱོན་བརྗོད་འབད་ནུག། དེ་མ་ཚད་ སྲིད་འཛི་ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཕྱད་མདའི་ནང་ མ་རྩ་བཙུགས་མི་དེ་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་ལུ་ གསོལ་རས་སྦེ་ འོང་ནི་མས་ཟེར་ཨིན་པས། སྲིད་འཛིན་པུ་ཊིན་གྱིས་ ཨ་མི་རི་ཀ་དང་ འཛམ་གླིང་ཚོང་འབྲེལ་ནང་ དེ་འཕྲལ་ལས་ ས་སྣུམ་ཌི་ཟེལ་ ཊཱོན་ ༣༠༠,༠༠༠ དེ་ཅིག་ གཏོན་ནི་ཨིནམ་མ་ཚད་ སྤྱི་ཟླ་ ༡༡ པའི་ནང་ ཊཱོན་ ༥༠༠,༠༠༠ དང་ དེ་གི་ཤུལ་ལས་ ས་ཡ་ ༡ གཏོན་ནི་ཨིན་པའི་ ཁས་བླངས་ཡང་འབད་ནུག།

gyalchi
World News

ཨི་ཊ་ལི་ལུ་ ཆང་བཟོ་འཕྲུལ་ཁང་ཅིག་གི་ནང་ལས་ ཡུ་རོ་ས་ཡ་ ༥ གནས་པའི་ ཆང་ཤེལ་དམ་ ༣༠,༠༠༠ ཨརཝ་ཤོར་ཡོདཔ།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཨརཝ་ཚུ་གིས་ ཨི་ཊ་ལིའི་ མིང་གཏམ་ཅན་གྱི་ ཆང་བཟོ་འཕྲུལ་ཁང་ཅིག་གི་ནང་ལས་ གོང་ཚད་ཡུ་རོ་ས་ཡ་ ༥ དེ་ཅིག་གནས་པའི་ ཝ་ཡིན་ཟེར་མི་ ཆང་རིགས་ཤེལ་དམ་ ༣༠,༠༠༠ དེ་ཅིག་ ཨརཝ་བརྐུ་ནུག། ཨི་ཊ་ལིའི་ བཟའ་ཚང་གི་ བདག་དབང་ཐོག་ལུ་ ཆང་བཟོ་འཕྲུལ་ཁང་སྦོམ་ཤོས་ཅིག་ཨིན་མི་ མར་ཅེ་སི་ ཨེན་ཊི་ནོ་རི་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཊཱཛ་ཀ་ནི་ལུ་ཡོད་པའི་ ཆང་བཟོ་འཕྲུལ་ཁང་གིས་ ཕྱི་རྒྱལ་གྱི་ ཚོང་མགྲོན་པ་ཚུ་ལུ་ གྲུ་གཟིངས་ཐོག་ལས་ གཏང་ནི་སྦེ་ གྲ་སྒྲིག་འབད་བའི་སྐབས་ལུ་ ཨརཝ་ཤོར་ཡི་ཟེར་ཨིན་པས། དེ་བསྒང་ གདོང་སྤུར་མི་ ཨར་ཇག་ཕོ་སྐྱེས་ ༧ གྱིས་ ཆང་བཟོ་འཕྲུལ་ཁང་ལས་སྡེའི་ དོ་སྐྱེལ་འཕྲུལ་ཆས་ཚུ་ ལག་ལེན་འཐབ་སྟེ་ གོང་ཚད་ཅན་གྱི་ ཆང་རིགས་ཝ་ཡིན་ ཊི་ག་ནེ་ལོ་དང་ སོ་ལའི་ཡ་ གུ་ཌོ་ཨཱལ་ ཊ་སོ་ ཊཱཛ་ཀཱན་དམརཔོ་ཚུ་ སྣུམ་འཁོར་ཊག་ ༢ ནང་ བསྐྱལ་ཞིནམ་ལས་ འབག་སོང་ཡོདཔ་སྦེ་བཀོད་ནུག། ཆང་བཟོ་འཕྲུལ་ཁང་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་ […]

Web Developer
World News

རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༠,༠༠༠ ལྷགཔ་ཅིག་ཡོདཔ།

ཨཱལ་ཇ་ཟི་ར། ད་རེས་ནངས་པ་ རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༠,༠༠༠ ལྷགཔ་ཅིག་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་དེ་ནང་ མི་ཚེ་རིང་པའི་ ལམ་རིམ་གསརཔ་ཅིག་ལུ་ གྱུར་ཡོདཔ་ཨིན་པས། རྒྱ་པཱན་གྱི་ གསོ་བ་དང་ ལས་མི་ ཕན་བདེ་ལྷན་ཁག་གིས་ ཐོ་བཀོད་འབད་མིའི་ནང་ དུས་ཅི་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༧,༦༧༧ ལུ་ ལྷོད་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༥ ལས་ ད་ཚུན་གྱི་བར་ན་ མི་གྲངས་ ༧,༩༡༤ དེ་ཅིག་ ཡར་སེང་སོང་ནུག།

Online now: 25 Today: 1613 Total visitors: 4290