ArchiveAboutContact

Category: World News

World News

ནེ་པཱལ་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་ དགོས་དོན་མེད་པའི་ འགྲུལ་བསྐྱོད་བཀག་དམ།

ཨེན་ཌི་ཊི་ཝི། ནེ་པཱལ་གྱི་ མཁའ་འགྲུལ་དབང་འཛིན་གྱི་ ཁ་ཐུག་ལས་ གངས་རི་ཨེ་བ་རེཛ་གི་ ས་ཁོངས་ནང་ གནམ་གྲུ་ཐུག་རྐྱེན་བྱུང་སྟེ་ མི་ངོམ་ ༦ ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ གནམ་གྲུ་ཧེ་ལི་ཀོབ་ཊར་ནང་ ས་ཆ་བལྟ་སྐོར་དང་འབྲེལ་བའི་ དགོས་དོན་མེད་པའི་ འགྲུལ་བསྐྱོད་ཚུ་ ཟླ་ངོ་ ༢ ཀྱི་རིང་ལུ་ བཀག་དམ་འབད་ནུག།དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ མ་ནང་མཁའ་འགྲུལ་ལས་སྡེའི་ གནམ་གྲུ་ཧེ་རི་ཀོབ་ཏྲར་ཆུང་བ་ ༡ ལུ་ ཧི་མ་ལ་ཡའི་གངས་རི་དང་ གངས་རིའི་སྤྱི་ཏོག་ ཨེ་བ་རེཛ་ལུ་ བལྟ་སྐོར་འབད་དེ་ ལོག་པའི་སྐབས་ལུ་ ཐུག་རྐྱེན་བྱུང་སྟེ་ མེག་སི་ཀོ་ལས་ཨིན་མི་ བལྟ་བཤལ་པ་ ༥ དང་ ནེ་པཱལ་གྱི་ གནམ་གྲུའི་དེད་དཔོན་ ༡ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།.ནེ་པཱལ་གྱི་ ཞི་བའི་མཁའ་འགྲུལ་དབང་འཛིན་གྱིས་ གངས་རི་བདའ་སྟེ་ འཕུར་འགྲུལ་འབད་ནི་དང་ དཔྱངས་ཐག་བཏགས་ཏེ་ འཕུར་འགྲུལ་འབད་ནི་ དེ་ལས་ གནམ་གྲུའི་ནང་ལས་ མེ་ཏོག་གཏོར་ནི་ལ་སོགས་པའི་ དགོས་དོན་མེད་པའི་ འཕུར་འགྲུལ་ཚུ་ སྤྱི་ཟླ་ ༩ […]

gyalchi
World News

མཐའ་ཡས་ལེན་གྱི་ བློན་ཆེན་གདམ་ཁའི་ ཚོགས་རྒྱན་དེ་ ངེས་པ་མེད་པའི་ གཞི་ཅིག་ལུ་གྱུར་ཡོདཔ།

བི་བི་སི། མཐའ་ཡས་ལེན་གྱི་ བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་པའི་ཤུལ་ལུ་ སྤྱི་ཚོགས་འགོ་འབྱེད་འབདཝ་ད་ མུབ་ཕོར་ཝཱཌ་ཟེར་མི་ སྲིད་དོན་ཚོགས་པའི་འགོ་ཁྲིདཔ་ ངོ་མིང་པི་ཏ་ ལིམ་ཇ་རོ་ཨེན་རཱཏ་དེ་ བློན་ཆེན་གྱི་ གོ་གནས་དོན་ལུ་ སྔ་གོང་གདམ་འཐུ་འབད་ཡོདཔ་ཨིན་པས།དེ་ཡང་ ཚོགས་རྒྱུན་བསྐྱུར་མི་ཚུ་གིས་ སྤྱི་ལོ་ ༢༠༡༤ ལས་ཚུར་ སྲིད་གཞུང་བཙན་འཕྲོག་གི་སྒོ་ལས་ གཞུང་སྐྱོང་འབད་མི་ དྲག་པོའི་སྲིད་གཞུང་གི་ སྲིད་ཚོགས་དེ་ ཕྱི་སེལ་རྐྱབ་བཞག་སྟེ་ ངོ་མིང་པི་ཏ་ ལིམ་ཇ་རོ་ཨེན་རཱཏ་གི་ མུབ་ཕོར་ཝཱཌ་ཟེར་མི་ སྲིད་དོན་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ཡོདཔ་བཞིན་དུ་ རྒྱལ་ཁ་ཡང་ཐོབ་ནུག།ཨིན་རུང་ བློན་ཆེན་གྱི་ གོ་གནས་ཁར་ མང་མོས་ཐོག་ལས་ གདམ་འཐུ་འབད་ནིའི་དོན་ལུ་ དྲག་པོའི་སྲིད་གཞུང་གིས་ བསྐོ་བཞག་འབད་དེ་ཡོད་མི་ ཁྲིམས་བཟོའི་འཐུས་མི་ཚུ་གི་ རྒྱབ་སྐྱོར་དགོ་ནི་ཨིནམ་ལས་ མཐར་ཐུག་ལུ་ མི་ངོམ་པི་ཏ་ལུ་ ཁྲིམས་དོན་གྱི་ དོ་འགྲན་ཚུ་ བསལ་དགོཔ་ཡོདཔ་ལས་ ཁྱད་ཚད་མ་གྲུབ་མིའི་གྲངས་སུ་ བཏོན་ནི་གི་ ཉེན་ཁ་ཡོདཔ་སྦེ་ བཤདཔ་ཨིན་པས།བློན་ཆེན་གྱི་ གོ་གནས་ཁར་ མང་མོས་ཐོག་ལས་ གདམ་འཐུ་འགྲུབ་ནི་ལུ་ ཚོགས་རྒྱན་བསྡོམས་ ༣༧༦ དགོ་ས་ལས་ ད་རེས་ ཁོ་གི་ཁོངས་གཏོགས་ཚུ་ལས་ ཚོགས་རྒྱན་ ༣༡༢ ཐོབ་མི་དེ་ […]

gyalchi
World News

ལྷོ་ཕྱོགས་ཡུ་རོབ་དང་ ནུབ་བྱང་ཨཱཕ་རི་ཀའི་ ས་གནས་མ་ཚུ་ནང་ དྲོད་ཤུགས་མཐོ་དྲགས།

བི་བི་སི། ལྷོ་ཕྱོགས་ཡུ་རོབ་དང་ ནུབ་བྱང་ཨཱཕ་རི་ཀའི་ ས་གནས་མ་འདྲཝ་ཚུ་ནང་ དྲོད་ཤུགས་མཐོ་དྲགས་སྦེ་ ཁྱབ་སྤེལ་སོང་སྟེ་ ཤུལ་མའི་དུས་ཚོད་ཚུ་ནང་ དྲོད་ཤུགས་དེ་ སྔར་མ་ཐོན་པའི་ ཚད་གཞི་ཁར་ འཛེགས་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།དེ་ཡང་ སི་པེན་དང་ ཕ་རཱནཛ་ གི་རིཛ་ ཀོ་རོ་ཤི་ཡ་ ཊར་ཀི་རྒྱལ་ཁབ་ཚུ་ནང་ དྲོད་ཤུགས་མཐོ་ཚད་ ཌི་གི་རི་སེལ་ཤེཛ་ ༤༠ ལས་ བརྒལ་ནི་བཟུམ་ཅིག་ཡོདཔ་ཨིན་པས།དེ་བཟུམ་སྦེ་ ཨི་ཊ་ལི་ལུ་འབད་བ་ཅིན་ ཧ་ལམ་དྲོད་ཤུགས་མཐོ་ཚད་ ཌི་གི་རི་སེལ་ཤེཛ་ ༤༨.༨ དེ་ཅིག་ལུ་ ལྷོད་ནི་བཟུམ་ཡོདཔ་ལས་ ཕོ་ལོ་རེནཚཛ་དང་ རཱོམ་གྱིས་གཙོས་པའི་ ཁྲོམ་སོགས་ ༡༠ ལུ་ ཚོས་གཞི་དམརཔོ་གི་ ཉེན་བརྡ་ཚུ་ བཀྲམ་སྤེལ་འབད་ནུག།ཨི་ཊ་ལི་གིས་ དྲོད་ཤུགས་དེ་ལུ་ བཟོད་མ་ཚུགས་པའི་ གནས་སྟངས་ནང་ ཤི་རྐྱེན་གྱི་ ཉེན་ཁ་ཚུ་ བཀག་ཐབས་ལུ་ སྔོན་འགོག་གི་ ཐབས་ལམ་སྟོནམ་ དྲག་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

གངས་རི་ཨེ་ཝེ་རེཛ་གི་ སྦོ་ལོགས་ཁར་  གནམ་གྲུ་ཧོ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་གྲངས་ ༦ ལུ་ཤི་རྐྱེན།

ཨེ་བི་སི། ད་རིས་ སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ ནེ་པཱལ་གྱི་ གངས་རི་ཨེ་ཝེ་རེཛ་གི་ སྦོ་ལོགས་ཁར་  གནམ་གྲུ་ཧོ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ གནམ་གྲུའི་དེད་དཔོན་བརྩིས་ཏེ་ མི་གྲངས་ ༦ པོ་ག་ར་ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ མེག་སི་ཀོ་ལས་ཨིན་མི་ ལྟ་བཤལཔ་ ༥ གནམ་གྲུ་ཧོ་ལི་ཀོབ་ཊར་ནང་སྦེ་ གནས་བཤལ་ལུ་འགྱོཝ་ད་ སོ་ལུ་ཁུམ་བུ་ རྫོང་ཁག་གི་ས་གནས་ ལམ་ཇུ་ར་ཟེར་སར་ ཐུག་རྐྱེན་བྱུང་ཡོདཔ་ཨིན་པས། ས་གནས་དེ་ནང་ལས་ མི་རོ་ ༥ ཐོབ་ཡོདཔ་སྦེ་ ནེ་པཱལ་གྱི་ ཞི་བའི་མཁའ་འགྲུལ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ དམག་འཁྲུག་ལང་མིའི་ནང་ ཞི་བའི་མི་སེར་ ༩,༠༠༠ ལྷགཔ་ཅིག་ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི། ཡུ་ཀེ་རེན་ལུ་ ར་ཤི་ཡ་གིས་ དམག་འཁྲུག་ལང་ནི་ འགོ་བཙུགས་ཏེ་ ཉིན་གྲངས་ ༥༠༠ ལྷག་སོང་རུང་ མཇུག་བསྡུ་ནི་མེདཔ་ལས་ ཞི་བའི་མི་སྡེ་ལུ་ གནོད་པ་བྱུང་ཡོད་པའི་སྐོར་ལས་ འཛམ་གླིང་སྤྱི་ཚོགས་ཀྱིས་ ཁ་ཉེས་བཀལཝ་ཨིན་པས།.དེ་ཡང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ཚེས་ ༢༤ ལས་ འགོ་བཙུགས་ཏེ་ ར་ཤི་ཡ་གིས་ བཙན་འཛུལ་འབད་མི་ དམག་འཁྲུག་དེ་ནང་ ཨ་ལོ་ ༥༠༠ བརྩིས་ཏེ་ ཞི་བའི་མི་སེར་ ༩,༠༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ ཡུ་ཀེ་རེན་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆ་ བལྟ་རྟོག་འབད་མི་ སྡེ་ཚན་གྱིས་ བཤདཔ་ཨིན་པས་ཟེར་བཀོད་ནུག།འགྲོ་བ་མིའི་དབང་ཆ་ བལྟ་རྟོག་སྡེ་ཚན་གྱི་ འགོ་འཛིན་འོགམ་ ནོ་ཡིལ་ཀེལ་ཧཱོན་གྱིས་ དེ་བཟུམ་མའི་ འཕྲོ་མཐུད་ཅན་གྱི་ དམག་འཁྲུག་ནང་ ད་རུང་ཡང་ བཟོད་མ་ཚུགས་པའི་ གནོད་པ་འབྱུང་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མ་ཡཱན་མར་གྱི་ གཡུས་ཚན་ཅིག་ནང་ གནོད་འཚུབ་བཀལ་མི་ལུ་བརྟེན་ཏེ་ མི་གྲངས་ ༡༥ ལུ་ཤི་རྐྱེན།

ཨེ་བི་སི། མ་ཡཱན་མར་ དྲག་པོའི་སྲིད་གཞུང་གིས་ རྒྱལ་ཁབ་ཀྱི་ དབུས་ཕྱོགས་ལུ་ དལ་བ་མེད་པའི་ གཡུས་ཚན་ཅིག་ནང་ མེ་སྒྱོགས་ལག་ལེན་འཐབ་སྟེ་ མི་གྲངས་ ༡༥ དམར་བསད་འབད་མི་དེ་ དམངས་གཙོའི་རིང་ལུགས་ལུ་ རྒྱབ་སྐྱོར་འབད་མི་ཚུ་ཨིནམ་སྦེ་ ཁ་ཉེས་བཀལ་ཡོད་རུང་ དྲག་ཐོག་ངོ་རྒོལ་འབད་མི་ གཡིབ་དམག་ཚུ་གིས་ ཁ་བཟེད་མ་བཏུབ་ཨིན་པས།དེ་ཡང་ ས་གེང་ཟེར་མི་ ལུང་ཕྱོགས་ཀྱི་ ལྷོ་ཁ་ཐུག་ལུ་ཡོད་མི་ གཡུས་ཚན་ངེ་ཊུན་ཟེར་སར་ མི་སེར་སྲུང་སྐྱོབ་དམག་སྡེ་གིས་ གནོད་འཚུབ་བཀལ་ཏེ་ ལག་པ་གིས་བཟོ་བསྐྲུན་འབད་མི་ མེ་སྒྱོགས་ཚུ་ ལག་ལེན་འཐབ་ནི་དེ་གིས་ མི་གྲངས་ ༡༥ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ དགེ་སློང་ ༣ བརྩིས་ཏེ་ མི་གྲངས་ ༧ ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་སྦེ་བཀོད་ནུག།མི་སེར་སྲུང་སྐྱོབ་དམག་སྡེ་ཟེར་མི་ སྡེ་ཚན་དེ་ཡང་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ཚེས་ ༡ ལུ་ དམངས་གཙོའི་རིང་ལུགས་སྒོ་ལས་ བཙག་འཐུ་གྲུབ་མི་ ཨམ་ཨང་སཱན་སུ་ཀི་ལས་ དྲག་པོའི་དམག་སྡེ་གིས་ དབང་ཚད་བཙན་འཕྲོག་འབད་བའི་ཤུལ་ལུ་ རྒྱལ་ཁབ་མཐའ་དབུས་མེད་པར་ ཐོན་ཡོདཔ་ཨིན་པས།སྡེ་ཚན་དེ་ཚུ་གིས་ དྲག་པོའི་སྲིད་གཞུང་ལུ་ ངོ་རྒོལ་འབད་མི་ རྒྱལ་ཡོངས་གཅིག་མཐུན་གྱི་གཞུང་ཟེར་ […]

gyalchi
World News

ར་ཤི་ཡ་ལུ་ གས་རྫས་གས་པ་ལུ་བརྟེན་ཏེ་ མི་ ༦ ལུ་ ཤི་རྐྱེན་དང་ ༢ ལུ་མ་སྐྱོན།

ཨེ་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༧ ལུ་ ར་ཤི་ཡའི་ གློ་བུར་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ གས་རྫས་འཕྲུལ་ཁང་ཅིག་ནང་ གློ་བུར་དུ་ གས་རྫས་ཅིག་ གས་པ་ལུ་བརྟེན་ཏེ་ མི་ ༦ ལུ་ ཤི་རྐྱེན་དང་ གཞན་མི་ ༢ ལུ་ རྨ་སྐྱོན་བྱུང་ཡི་ཟེར་ཨིན་པས།དེ་ཡང་ ར་ཤི་ཡའི་རྒྱལ་ས་ མོཛ་ཀོའི་ནུབ་ཁ་ཐུག་གི་ལུང་ཕྱོགས་ ས་མ་ར་ཟེར་སར་ཡོད་མི་ པོ་རོམ་སིན་ཏེཛ་གི་ བཟོ་གྲྭ་འཕྲུལ་ཁང་ནང་ འཕྲུལ་ཆས་ཅིག་ བཤུབ་པའི་སྐབས་ལུ་ གས་སོངཔ་ཨིན་པས།པོ་རོམ་སིན་ཏེཛ་དེ་ ར་ཤི་ཡ་ལུ་ བཟོ་གྲྭའི་དོན་ལས་ གས་རྫས་བཟོ་བཏོན་འབད་་མི་ གཙོ་བོ་ཅིག་ཨིནམ་ད་ བཟོ་གྲྭ་འཕྲུལ་ཁང་དེ་ཡང་ ས་མ་ར་ལུང་ཕྱོགས་ཀྱི་ཁྲོམ་སྡེ་ ཅ་པ་ཡེབཛ་ཟེར་སར་ ཆགས་ཏེ་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་གྱི་ ཀོང་གེ་རེཛ་ཚོགས་པའི་འགོ་ཁྲིདཔ་ ར་ཧཱུལ་གཱན་དྷི་གིས་ གུ་ཇ་རཱཏ་ ཆེ་མཐོ་ཁྲིམས་འདུན་ལུ་ ཞུ་བ་འབད་མི་ཕྱིར་འབུད།

བི་བི་སི། རྒྱ་གར་གྱི་ ལྡོག་ཕྱོགས་འགོ་ཁྲིདཔ་ ར་ཧཱུལ་གཱན་དྷི་ལུ་ ཁྲིམས་འགལ་གྱི་ ཉེས་འཛུགས་བཀལ་མིའི་སྐོར་ལས་ ར་ཧཱུལ་གཱན་དྷི་གིས་ གུ་ཇ་རཏ་ ཆེ་མཐོ་ཁྲིམས་འདུན་ལུ་ ཉེས་ཁྲིམས་བཀག་ཆའི་ ཞུ་བ་འབད་ཡོད་རུང་ ཁྲིམས་འདུན་ལས་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༣ པའི་ནང་ བཙག་འཐུའི་བསྐུལ་བསྒྲགས་སྐབས་ལུ་ ར་ཧཱུལ་གཱན་དྷི་གིས་ བློན་ཆེན་མོ་དིའི་ རིགས་མིང་སྐོར་ལས་ བསམ་བརྗོད་བཤད་པའི་ ཉེས་འཛུགས་ཐོག་ལུ་ ལོ་ངོ་ ༢ ཀྱི་ བཙོན་ཁྲིམས་བཀལ་ནུག།དེ་མ་ཚད་ རྒྱ་གར་གྱི་ སྤྱི་ཚོགས་འཐུས་མིའི་གྲས་ལས་ཡང་ ཕྱིར་བཏོན་འབད་ཡོདཔ་ད་ ཨིན་རུང་ ཁོ་གིས་ ཁྲིམས་དོན་མཐོ་གཏུགས་ཀྱི་ བྱ་སྒོ་ཚུ་ག་ར་ མ་རྫོགས་ཚུན་ཚོད་ འཛིན་བཟུང་མི་འབད་ནི་ཨིན་པས།སྤྱི་ཟླ་ ༧ པའི་ཚེས་ ༧ ལུ་ གྲོས་ཐག་བཅད་མི་ འཁྲུན་ཆོད་ནང་ ཀོང་གེ་རེཛ་ཚོགས་པའི་ འགོ་ཁྲིདཔ་དེ་གིས་ སང་ཕོད་ཀྱི་ རྒྱལ་ཡོངས་བཙག་འཐུའི་ནང་ གྲལ་གཏོགས་འབད་མ་ཆོགཔ་སྦེ་ བཀོད་ཡོདཔ་ལས་ གཱན་དྷི་གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ནི་སྦེ་ཡོདཔ་ཨིན་པས།གུ་ཇ་རཱཏ་ ཆེ་མཐོའི་ཁྲིམས་འདུན་ལས་ གཱན་དྷིའི་ཞུ་བ་ ཕྱིར་འབུད་སྐབས་ལུ་ […]

gyalchi
World News

སུ་ཡིཊ་ཛར་ལེན་དང་ ཇར་མེ་ནི་ ཨཱཛ་ཊི་ཡའི་ སྲུང་སྐྱོབ་བློན་པོ་ཚུ་གིས་ མཁའ་དབྱིངས་མཚོན་སྐྱོབ་ཀྱི་ གོ་དོན་ཆིངས་ཡིག་གུ་མཚན་རྟགས།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༧ ལུ་ སུ་ཡིཊ་ཛར་ལེན་དང་ ཇར་མེ་ནི་ དེ་ལས་ ཨཱཛ་ཊི་ཡ་ རྒྱལ་ཁབ་ཁག་གི་ སྲུང་སྐྱོབ་བློན་པོ་ཚུ་གིས་ ཡུ་རོབ་ཀྱི་ མཁའ་དབྱིངས་མཚོན་སྐྱོབ་ཀྱི་ ལས་དོན་ནང་ གྲལ་གཏོགས་འབད་ནིའི་དོན་ལས་ གོ་དོན་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཅི་ཟེར་ བཤད་ཡོདཔ་ཨིན་པས།ཡུ་རོབ་ཀྱི་ མཁའ་དབྱིངས་མཚོན་སྐྱོབ་ཟེར་མི་འདི་ སྤྱི་ལོ་ ༢༠༢༢ ལུ་ ཡུ་རོབ་མཁའ་དབྱིངས་ཀྱི་ སྲུང་སྐྱོབ་ཡར་དྲག་གི་དོན་ལས་ འགོ་བཙུགས་ཡོད་མི་ ལས་འཆར་ཅིག་ཨིནམ་ད་ ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ བཙན་འཛུལ་འབདཝ་ལས་ཚུར་ ལས་འཆར་འདི་ལུ་ དམ་ཟབ་སྦེ་ར་ གཙོ་བོར་བཟུངམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

འཛམ་གླིང་ནང་ གེ་ཟ་མང་ཤོས་ཅིག་ ཨ་མི་རི་ཀ་གིས་ ཕྱིར་ཚོང་འཐབ་ཨིན་རུང་ ཡུན་བརྟན་སྦེ་ གནས་ནི་ལུ་དོགས་ཟོན།

བི་བི་སི། ཨ་མི་རི་ཀའི་ ས་ཐང་བདའ་སྟེ་ རྒྱལ་སྤྱིའི་གནས་རིམ་ནང་ ཡོངས་གྲགས་ཅན་གྱི་ དགོས་མཁོ་ཡོད་མི་ འབྲུ་སྣའི་དོན་ལས་ ཉིན་ནུབ་མེད་པར་ གེ་ཟ་འཚོ་སྐྱོང་གི་ ལཱ་ཚུ་འབདཝ་ཨིན་པས།དེ་ཡང་ སི་ཀོཊ་ཧེར་ཟེར་མི་ མི་ངོམ་དེ་ ས་ཆ་ཨེ་ཀར་ ༤,༠༠༠ དེ་ཅིག་གི་ནང་ གེ་ཟ་འཚོ་སྐྱོང་འཐབ་མི་ཅིག་ཨིནམ་ད་ ཁོ་གིས་ ཨོ་ཧ་ཡོ་ ནུབ་ཕྱོགས་ལུ་ཡོད་མི་ གེ་ཟའི་མཛོད་ཁང་ནང་ ན་ཧིང་གི་ གེ་ཟའི་སྤུས་ཚད་ ལེགས་ཤོམ་ཡོད་རུང་ དུས་ཅི་གི་ ཐོན་ཚད་འདི་ ཧ་ལམ་ཅིག་ལས་ མེདཔ་ཨིན་པས།དེ་མ་ཚད་ སྨན་ལུད་དང་ ས་སྣུམ་གྱི་ གོང་ཚད་ཚུ་ ཡར་སེང་འགྱོ་མི་ལུ་བརྟེན་ཏེ་ སྤྱི་ལོ་ ༢༠༢༡ དང་ཕྱདཔ་ད་ གེ་ཟ་འཛུགས་སྐྱོང་གི་ ཚད་གཞི་དེ་ ས་ཞིང་ཨེ་ཀར་ ས་ཡ་ ༣.༤ དེ་ཅིག་གིས་ མར་བབས་སོང་པའི་ཁར་ ཆར་ཆུ་ཡང་ དཀོན་ནི་དེ་གིས་ རྒྱལ་སྤྱིའི་ཚོང་ལམ་ནང་ ཡུ་ཨེཛ་ལས་ཐོན་མི་ གེ་ཟའི་གོང་ཚད་དེ་ ཡར་སེང་སོང་ནུག།མ་གཞི་ ཨ་མི་རི་ཀ་ལས་ ལོ་བསྟར་བཞིན་དུ་ གེ་ཟ་ཊཱོན་ས་ཡ་སྦེ་ རྒྱལ་ཁབ་ ༦༠ ལྷགཔ་ཅིག་ལུ་ ཕྱིར་ཚོང་འཐབ་ཨིན་རུང་ ཁོང་གི་གནས་ཚད་དེ་ […]

gyalchi
Online now: 3 Today: 1884 Total visitors: 11914