ArchiveAboutContact

Category: Special News

Special News

ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ དུས་འཁོར་གྱི་ཚོགས་འབུམ།

རང་ཟླ་ ༡༡ པའི་ཚེས་ ༩ སྤྱི་ཟླ་ ༡༢ པའི་ཚེས་ ༢༨ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ ཀུར་སྟོད་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ དཔལ་དུས་ཀྱི་འཁོར་ལོའི་ ཚོགས་འབུམ་གནང་མི་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༣༠ ལུ་ གྲོལ་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

Special News

མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཡོངས་ཚོགས་ཐེངས་ ༤ པ་ མཇུག་བསྡུའི་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ།

མགོན་པོ་རྡོ་རྗེ། རང་ཟླ་ ༡༡ པའི་ཚེས་ ༧ སྤྱི་ཟླ་ ༡༢ པའི་ཚེས་ ༢༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཟླ་ངོ་ ༡ གི་རིང་ལུ་ ཚོགས་གནང་མི་ ཚོགས་ཐེངས་ ༤ པ་ མཇུག་བསྡུའི་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

དགེ་ལེགས་ཕུག་ དྲག་ཤེས་ཁྲོམ་ཚོགས་ནང་ ཁས་བླངས་ལས་རིམ་ ཤོ་ཐེངས་ ༤ པ་ མཇུག་བསྡུ་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་དབང་ཕྱུག་ཚུ་ དགེ་ལེགས་ཕུག་ དྲག་ཤེས་ཁྲོམ་ཚོགས་ཀྱི་ ཁས་བླངས་ལས་རིམ་ ཤོ་ཐེངས་ ༤ པའི་ནང་ ཆིབས་བསྐྱོད་གནང་ཡོདཔ་ད་ ཁས་བླངས་ལས་རིམ་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༢༢ ལས་ ༢༦ ཚུན་ འགོ་འདྲེན་འཐབ་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

མི་དབང་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ མཐའ་ཡས་ལེན་ ཅུ་ལ་ལོང་ཀཱོན་ གཙུག་ལག་སློབ་སྡེ་གིས་ མཁས་དབང་སྐུ་ཡོན་གྱི་ ལག་ཁྱེར་ཕུལ་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༢ པའི་ཚེས་ ༢༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་ལུ་སྦེ་ ཅུ་ལ་ལོང་ཀཱོན་ གཙུག་ལག་སློབ་སྡེ་གིས་ རྟེན་འབྲེལ་བརྩི་སྲུང་ཐོག་ལས་ མཁས་དབང་སྐུ་ཡོན་གྱི་ ལག་ཁྱེར་ཚུ་ཕུལ་ནུག། དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཞི་བདེ་དང་ ཀུན་ཚང་གོང་འཕེལ་ གཞུང་སྐྱོང་ལེགས་ལྡན་ ན་གཞོན་ལཱ་གཡོག་ རྒྱལ་ཡོངས་ཀྱི་དོན་ལས་ རིག་རྩལ་གསར་བཏོད་ རྒྱལ་སྤྱིའི་གནས་རིམ་ནང་ གྲལ་གཏོགས་བཙན་ཐབས་དང་ འབྲུག་དང་ མཐའ་ཡས་ལེན་གྱི་ མཐུན་ལམ་བཙན་ཐབས་ཚུ་ནང་ མངོན་གཟིགས་ཅན་གྱི་ དབུ་ཁྲིད་ཨིན་པའི་ ངོས་འཛིན་ཐོག་ལུ་ རྒྱལ་སྤྱི་གོང་འཕེལ་གྱི་ མཚན་ཉིད་རིག་པའི་ མཁས་དབང་གི་ ལག་ཁྱེར་ཕུལ་ཡོདཔ་ཨིན་པས། དེ་བཟུམ་སྦེ་ མི་དབང་རྒྱལ་བཙུན་མཆོག་ལུ་ མི་སྡེའི་བདེ་ཉམས་གོང་འཕེལ་དང་ མཁའ་ཁོར་གནས་སྟངས་ཉམས་སྲུང་ མི་མང་འཕྲོད་བསྟེན་དང་ སེམས་ཁམས་བདེ་ཉམས་ དབང་པོ་སྐྱོན་ཅན་གྱི་ མི་སེར་ཚུ་གི་གྲལ་གཏོགས་ གཞི་རྟེན་དཔལ་འབྱོར་གོང་འཕེལ་ཚུ་ ངོས་ལེན་ཐོག་ལུ་ སྤྱི་སྙོམས་རིག་པ་དང་ མི་བརྒྱུད་རིག་པའི་ མཁས་དབང་གི་ ལག་ཁྱེར་ཕུལ་ནུག། མཐའ་ཡས་ལེན་གྱི་ ཅུ་ལ་ལོང་ཀཱོན་ གཙུག་ལག་སློབ་སྡེ་དེ་ སྤྱི་ལོ་ ༡༩༡༧ ལུ་ […]

Special News

སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༨ པའི་ དགའ་སྟོན་རྟེན་འབྲེལ་ བརྩི་སྲུང་ཞུ་ཡོདཔ།

པདྨ་དབང་འདུས་དང་ མགོན་པོ་རྡོ་རྗེ། ལོ་བསྟར་བཞིན་དུ་ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་འདི་ རྒྱལ་ཁབ་ནང་འཁོད་ལུ་མ་ཚད་ ཕྱི་རྒྱལ་ཁག་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཡིག་ཚང་དང་ འབྲུག་པའི་མི་སྡེ་ཚུ་གིས་ཡང་ དགའ་སྤྲོ་དང་བཅས་པའི་སྒོ་ལས་ བརྩིས་སྲུང་ཞུ་དོ་ཡོདཔ་ཨིན་པས། དུས་ཅི་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༨ པའི་ དགའ་སྟོན་རྟེན་འབྲེལ་ གཙོ་བོ་འདི་ ཨྱོན་གུ་རུ་རིན་པོ་ཆེའི་ སྦས་གནས་ཁྱད་པར་ཅན་ བུམ་ཐང་ལུ་ རྒྱལ་རབས་ཅན་གྱི་ དབང་འདུས་ཆོས་གླིང་ཕོ་བྲང་གི་ ཐང་བཟོ་ནང་སྦེ་ བརྩི་སྲུང་ཞུ་གནང་ཡི།  བུམ་ཐང་ལུ་ རྒྱལ་ཡོངས་དུས་ཆེན་གྱི་ དགའ་སྟོན་རྟེན་འབྲེལ་དེ་ཁར་ མི་དབང་ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ དེ་ལས་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ དབུ་བཞུགས་མཛད་གནང་ནུག། དེ་མ་ཚད་ མི་རྗེ་བློན་ཆེན་དང་ བློན་པོ་ལྷན་རྒྱས་ དགེ་འདུན་གྲྭ་ཚང་ཁག་གི་ བླ་སློབ་ལྷན་རྒྱས་ གཞུང་གི་དཔོན་ཁག་ དེ་ལས་ རྒྱལ་སྤྱིའི་སྐུ་ཚབ་ཡིག་ཚང་ཁག་གི་ དོན་གཅོད་འགོ་དཔོན་ཚུ་དང་ མི་སེར་ཁྲི་ཕྲག་ལས་བཅད་མི་ཚུ་གིས་ཡང་ གྲལ་གཏོགས་མཛད་དེ་ རྒྱལ་ཡོངས་དུས་ཆེན་འདི་ ག་ནི་བ་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ […]

Special News

བུམ་ཐང་ལུ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༨ པའི་ དགའ་སྟོན་རྟེན་འབྲེལ་ བརྩི་སྲུང་ཞུ་ནི།

མགོན་པོ་རྡོ་རྗེ། དུས་ཅི་ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༨ པའི་ དགའ་སྟོན་རྟེན་འབྲེལ་ གཙོ་བོ་འདི་ བུམ་ཐང་ལུ་ བརྩི་སྲུང་ཞུ་ནི་ཨིནམ་ད་ ལོ་བསྟར་བཞིན་དུ་ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ འདི་ ང་བཅས་རའི་ རྒྱལ་རབས་ནང་ བྱིན་རླབས་ཅན་གྱི་ དུས་ཆེན་ཁྱད་པར་ཅན་ཅིག་དང་ འབྲུག་པའི་མི་སེར་ཚུ་གི་དོན་ལུ་ ག་ནི་བ་ ཁྱད་དུ་འཕགས་པའི་ དུས་སྟོན་བཟང་པོ་ཅིག་ཨིན་པས། དེ་ཡང་ སྤྱི་ལོ་ ༡༩༠༧ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ ཟིང་འཁྲུག་ཅན་གྱི་ ལྷ་མི་སྲིད་སྡེ་ཡོངས་ཀྱིས་ རྒྱལ་ཁབ་གཅིག་བསྒྲིལ་གྱི་དོན་ལུ་ དམ་ཚིག་གཙང་མའི་སྒོ་ལས་ ཀྲོང་གསར་དཔོན་སློབ་ གོང་ས་ཨྱོན་དབང་ཕྱུག་མཆོག་ལུ་ གན་རྒྱ་དང་བཅསཔ་སྦེ་ རྒྱལ་ཁབ་ཀྱི་ དབང་ཆ་ཧྲིལ་བུར་ཕུལ་ནུག། དུས་དེ་ལས་ཚུར་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ཀྱི་ ཕྱག་འགན་ཚུ་ དབང་ཕྱུག་བརྒྱུད་འཛིན་གྱི་ མི་དབང་རིམ་བྱོན་ཚུ་གིས་ བཞེས་གནངམ་བཞིན་དུ་ ད་ཚུན་གྱི་བར་ན་ རྒྱལ་ཁབ་འདི་ […]

Special News

རྒྱལ་ཁབ་ནང་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ གཞི་བཙུགས་མཛད་དེ་ མི་ལོ་ ༢༥ འཁོར་བའི་ དུས་སྟོན་བརྩི་སྲུང་།

རང་ཟླ་ ༡༠ ཚེས་ ༡༧ ལུ་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ འབྲུག་རྒྱལ་ཡོངས་ལུ་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ གཞི་བཙུགས་མཛད་དེ་ མི་ལོ་ ༢༥ འཁོར་བའི་ དུས་སྟོན་བརྩི་སྲུང་མཛད་གནང་ནུག།དེ་ཡང་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཉིན་གྲངས་ ༧ གྱི་རིང་ལུ་ ཆུ་ཁ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ ཐེངས་ ༡༠ པ་ ཕུན་ཚོགས་གླིང་ དཔལ་ལྡན་བཀྲ་ཤིས་ཆོས་གླིང་ བཤད་གྲྭའི་ཐང་བཟོ་ནང་ ཚོགས་གནང་མི་དང་བསྟུན་ཏེ་ བརྩི་སྲུང་མཛད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ལུ་ དཔལ་སྲུངཔ་ཚུ་དང་མཇལ་ཕྲད།

པདྨ་དབང་འདུས།སྤྱི་ཟླ་ ༡༢ པའི་ཚེས་ ༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགེ་ལེགས་ཕུག་ལུ་ ཆིབས་བསྐྱོད་གནང་སྟེ་ ཉིན་གྲངས་ ༢ ཀྱི་རིང་ལུ་ སྦྱོང་བརྡར་ཤོ་ཐེངས་དང་པ་དང་ ཤོ་ཐེངས་གཉིས་པའི་ དཔལ་སྲུངཔ་ཚུ་དང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ སྡེ་ཚན་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

ཕུན་ཚོགས་གླིང་ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཆུ་ཁ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ།

མགོ་པོ་རྡོ་རྗེ། ད་རིས་ ཤིང་སྦྲུལ་ཟླཝ་ ༡༠ པའིཚེས་ ༡༠ སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལས་ རང་ཟླ་ ༡༠ པའིཚེས་ ༡༧ སྤྱི་ཟླ་ ༡༢ པའི་ཚེས་ ༦ ཚུན་ ཉིན་གྲངས་ ༧ གྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཕུན་ཚོགས་གླིང་ དཔལ་ལྡན་བཀྲ་ཤིས་ཆོས་གླིང་ བཤད་གྲྭའི་ཐང་བཟོ་ནང་སྦེ་ ཆུ་ཁ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ ཐེངས་ ༡༠  པ་ འཚོགས་གནང་དོ་ཡོདཔ་ཨིན་པས། རྒྱལ་སྤྱི་གསར་ཤོག་གི་ཐོག་ལས་ རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ སྐད་ཡིག་ཤན་སྦྱར་ གསལ་བསྒྲགས་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ […]

Special News

འབྲུག་གི་སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་ཐེངས་ ༤ པ་ འགོ་འབྱེད་རྟེན་འབྲེལ།

རང་ཟླ་ ༡༠ པའི་ཚེས་ ༧ སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་ཐེངས་ ༤ པ་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

Online now: 25 Today: 3216 Total visitors: 5893