ArchiveAboutContact

Category: Special News

Special News

མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ལུ་ སྤྱི་ལོ་ ༢༠༢༥ ལོའི་ བྱམས་བརྩེ་དཔའ་བོའི་ རྟགས་མ་ཕུལ་ཡོདཔ།

སྨིན་དྲུག་རྡོ་རྗེ།སྤྱི་ཟླ་ ༢ པའི་ཚེས་ ༣ ལུ་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ལུ་ རྒྱ་གར་ཨ་སམ་མངའ་སྡེའི་ ས་གནས་ཀོག་ར་ཇཱར་ལུ་ཡོད་མི་ བོ་དོ་ལེན་ གཙུག་ལག་སློབ་སྡེའི་ནང་སྦེ་ རྟེན་འབྲེལ་བརྩི་སྲུང་ཐོག་ལུ་ སྤྱི་ལོ་ ༢༠༢༥ ལོའི་ བྱམས་བརྩེ་དཔའ་བོའི་ རྟགས་མ་ཕུལ་ཡོདཔ་ཨིན་པས།རྟགས་མ་དེ་ ཨུ་པན་ད་ར་ ནཱཐ་བྷྲ་མ་ བློ་གཏད་ལས་སྡེ་གིས་ ཕུལ་ཡོདཔ་ད་ དེ་ཡང་ བོ་དོ་མི་སྡེའི་ མ་འོངས་སྔོན་གཟིགས་ཅན་དང་ བྱམས་བརྩེ་ཅན་གྱི་དབུ་ཁྲིད་ བོ་དོ་ཕ་ ཨུ་པན་ད་ར་ ནཱཐ་བྷྲ་མའི་ མཚན་ཐོག་ལུ་ གཞི་བཙུགས་འབད་ནུག།

Special News

འབྲུག་རྒྱལ་ཁབ་ནང་ ཕུད་རྡོག་གཅིག་ལས་མེད་མི་ སྔགས་གྲྭ་རྡོ་རྗེ་ཆོས་སྒར།

མགོན་པོ་རྡོ་རྗེ།རྒྱལ་ཁབ་ནང་ བཤད་གྲྭ་དང་ སྒྲུབ་སྡེ་ལེ་ཤ་ཅིག་ཡོད་རུང་ སྔགས་གྲྭ་དེ་ ཕུད་རྡོག་གཅིག་ལས་མེདཔ་ད་ དེ་ཡང་ མོང་སྒར་ཀུ་རི་ཟམ་པའི་ ཉེ་འདབས་ལུ་ རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ སྐྱབས་རྗེ་རྒྱལ་མཚན་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་ ༢༠༠༧ སྤྱི་ཟླ་ ༤ པའི་ཚེས་ ༢༧ ལུ་ གཞི་བཙུགས་གནང་སྟེ་ དགོན་སྡེའི་མཚན་ཡང་ སྔགས་གྲྭ་རྡོ་རྗེ་ཆོས་སྒར་ཟེར་ གསོལ་གནང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

ཀུར་སྟོད་ཨའུ་མཚོ་ རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ སངས་རྒྱས་སྨན་བླའི་ ལོ་བསྟར་སྒྲུབ་ཆེན།

མགོན་པོ་རྡོ་རྗེ། རང་ཟླ་ ༡༡ པའི་ཚེས་ ༢༦ སྤྱི་ཟླ་ ༡ པའི་ཚེས་ ༡༤ ལུ་ སངས་རྒྱས་སྨན་བླའི་ ལོ་བསྟར་སྒྲུབ་ཆེན་ ཐེངས་ ༧ པ་ ཚོགས་གནང་མི་དེ་ གཏང་རག་ཚོགས་འཁོར་ ཚེ་དཔག་མེད་ཀྱི་ གསུང་ཆོག་དང་ དམ་ཅན་གསོལ་བསྡུས་ ལྷ་ཆེན་དབང་ཕྱུག་གི་སྒོ་ལས་ ཕྱྭ་ཁུག་རྒྱས་པ་གནང་ཐོག་ལས་ གྲོལ་གནངནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

ཀུར་སྟོད་ཨའུ་མཚོ་ རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ སངས་རྒྱས་སྨན་བླའི་སྒྲུབ་ཆེན།

མགོན་པོ་རྡོ་རྗེ། རང་ཟླ་ ༡༡ པའི་ཚེས་ ༡༩ སྤྱི་ཟླ་ ༡ པའི་ཚེས་ ༧ ལས་ ཉིན་གྲངས་ ༨ ཀྱི་རིང་ལུ་ ཀུར་སྟོད་ཨའུ་མཚོ་ རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ སངས་རྒྱས་སྨན་བླའི་ ལོ་བསྟར་སྒྲུབ་ཆེན་ ཐེངས་ ༧ པ་ ཚོགས་གནངམ་ཨིན་པས། དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་གི་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ གནང་དོ་ཡོདཔ་སྦེ་ བླ་མའི་གསོལ་དཔོན་ སློབ་དཔོན་པདྨ་རྡོ་རྗེ་གིས་ གསལ་བཤད་གནང་ཡི། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ […]

Special News

སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ ས་ཁོངས་ནང་སྦེ་ པད་གླིང་ཆོས་འཁོར་གྱི་བཀའ་དབང་།

མགོན་པོ་རྡོ་རྗེ། རང་ཟླ་ ༡༡ པའི་ཚེས་ ༥ སྤྱི་ཟླ་ ༡༢ པའི་ཚེས་ ༢༥ ལས་ འགོ་བཙུགས་ཏེ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ ས་ཁོངས་ནང་སྦེ་ པད་གླིང་ཆོས་འཁོར་ ༡༣ གྱི་ བཀའ་དབང་དང་ ལྗགས་ལུང་ཚུ་ གནང་དོ་ཡོདཔ་ཨིན་པས། ད་རེས་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ བསམ་རྩེའི་ས་ཁོངས་དེ་ནང་ དེ་བཟུམ་མའི་ པད་གླིང་ཆོས་འཁོར་གྱི་ བཀའ་དབང་གནང་དགོ་པའི་ རྒྱུ་མཚན་དེ་ཡང་ ཧེ་མ་ དགུང་ལོ་ ༨ སྦེ་བཞུགསཔ་ད་ སྤྱི་ལོ་ ༡༩༧༣ ལོར་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ དཔལ་འཇིགས་བྲལ་རྡོ་རྗེ་མཆོག་གིས་ པད་གླིང་ཆོས་འཁོར་གྱི་ བཀའ་དབང་གནང་སའི་ གནས་ཁྱད་པར་ཅན་འབད་ནི་དེ་གིས་ཨིན་ཟེར་ བཀྲིས་གཡང་རྩེ་ ཁྲུས་ཆུ་དགོན་པའི་སློབ་དཔོན་ པད་གླིང་དབང་ལུང་གི་གཉེར་པ་ སློབ་དཔོན་བསྟན་འཛིན་རྡོ་རྗེ་གིས་ གསལ་བཤད་གནང་ཡི། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ […]

Special News

སྐྱབས་རྗེ་རྒྱལ་མཚན་སྤྲུལ་སྐུ་མཆོག་གིས་ རྒྱས་ཕུག་སྒྲུབ་སྡེའི་ སྒྲུབ་དཔོན་གསར་བསྐོས།

མགོན་པོ་རྡོ་རྗེ། རང་ཟླ་ ༡༡ པའི་ཚེས་ ༡༩ སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ མོང་སྒར་ཀུ་རི་ཟམ་པ་ སྔགས་གྲྭ་རྡོ་རྗེ་ཆོས་སྒར་གྱི་ དབུ་ཁྲིད་དམ་པ་ འབྲུག་ཤར་ཕྱོགས་ཀྱི་ སྒྲུབ་སྡེའི་དབུ་བླ་ རྣལ་འབྱོར་གྱི་དབང་ཕྱུག་ སྐྱབས་རྗེ་རྒྱལ་མཚན་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་ རི་ཁྲོདཔ་མཚམས་པ་ སློབ་དཔོན་ངག་དབང་ཆོས་འཕེལ་མཆོག་ རྒྱས་ཕུག་སྒྲུབ་སྡེའི་ སྒྲུབ་དཔོན་སྦེ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

རྒྱ་གར་ལུ་ ཨ་ད་ནི་ ལས་སྡེའི་ཁྲི་འཛིན་ ངོ་མིང་གའུ་ཏམ་ ཨ་ད་ནི་གིས་ དགེ་ལེགས་ཕུག་ལུ་བལྟ་སྐོར།

སྤྱི་ཟླ་ ༡ པའི་ཚེས་ ༤ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ གཞི་བཙུགས་འཐུས་མི་ རྒྱ་གར་ལུ་ ཨ་ད་ནི་ ལས་སྡེའི་ཁྲི་འཛིན་ ངོ་མིང་གའུ་ཏམ་ ཨ་ད་ནི་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཕྱག་ཞུ་སྟེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ དགེ་ལེགས་ཕུག་ གནམ་གྲུ་ཐང་ དགེ་ལེགས་ཕུག་ཁྲོམ་ དེ་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ རྒྱལ་སྤྱིའི་ཚོང་སྡེ་ཚུ་གིས་ རང་སོའི་ཡིག་ཚང་ཚུ་ གཞི་བཙུགས་འབད་ནི་གི་དོན་ལས་ སྒྲིང་ཁྱིམ་ཉམས་གསོ་འབད་མི་ཚུ་ནང་ བལྟ་སྐོར་འབད་ཡོད་པའི་ གནས་ཚུལ་མདོར་བསྡུས།

Special News

རྒྱ་གར་རྒྱལ་ཁབ་ནང་གི་ ཨ་ད་ནི་ ཚོང་སྡེའི་གཙོ་འཛིན་ གའུ་ཏམ་ཨ་ད་ནི་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ གཞི་བཙུགས་འཐུས་མི་སྦེ་ འཛུལ་ཞུགས་འབད་ཡོདཔ།

པདྨ་དབང་འདུས།སྤྱི་ཟླ་ ༡ པའི་ཚེས་ ༣ ལུ་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ངོ་མིང་ཨ་ད་ནི་ལུ་ ནུས་ཤུགས་དང་ འབབ་ཚུགས་ འགོ་འདྲེན་དང་ སྐྱེལ་འདྲེན་ལ་སོགས་པའི་ ལས་སྡེ་ལེ་ཤ་ཅིག་ནང་ གཞི་རྟེན་མཁོ་ཆས་ བཟོ་བསྐྲུན་དང་ ལག་ལེན་ མ་དངུལ་བཙུགས་ནི་ཚུ་ནང་ མི་ལོ་བཅུ་ཕྲག་ ༣ ལས་ལྷག་པའི་ ཉམས་མྱོང་ཚུ་ཡོད་ཟེར་ཨིན་པས།དེ་ཁ་ལུ་ རྒྱལ་སྤྱིའི་ཚོང་ལམ་ཚུ་ནང་ཡང་ གཞི་རྟེན་མཁོ་ཆས་དང་ སླར་བྱུང་ནུས་ཤུགས་ཚུ་ནང་ མཉམ་རོགས་ཐོག་ལས་ མ་རྩ་གཞི་བཙུགས་ རྒྱ་ཆེཝ་སྦེ་ར་འབད་ཡོདཔ་ལས་ ཨ་ད་ནི་གིས་ སླར་བྱུང་ནུས་ཤུགས་དང་ ཡུན་བརྟན་ཅན་གྱི་ གཞི་རྟེན་མཁོ་ཆས་ གོང་འཕེལ་ཚུ་ འགོ་ཁྲིད་འབད་ཡོད་མི་དེ་ འབྲུག་གི་མཐའ་འཁོར་གནས་སྟངས་དང་ གནམ་གཤིས་གནས་སྟངས་ཀྱི་ འགན་ཁུར་གྱི་ ཁས་ལེན་དང་ མཐུན་དོ་ཡོདཔ་སྦེ་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ […]

Special News

ཉི་ལོག་གི་སྐབས་ལུ་ ཨ་ལོ་ཚུ་གིས་ ལོ་ལེགས་འཐེན་ཐོག་ལས་ ཁྱིམ་སྒོ་བཤལ་ཏེ་ བཀྲིས་སྨོན་འདུན།

པདྨ་དབང་འདུས།རང་ཟླ་ ༡༡ པའི་ཚེས་ ༡༤ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡ པའི་ཚེས་ ༢ ཀྱི་དྲོ་པ་ ཉི་ལོག་དང་འབྲེལ་ཏེ་ ཐིམ་ཕུ་ལུང་གཤོང་ནང་གི་ ཨ་ལོ་ཚུ་གིས་ ལམ་སྲོལ་དང་མཐུན་པའི་ ལོ་ལེགས་འཐེན་ཏེ་ ལོ་གསར་གྱི་ བཀྲིས་ལེགས་སྨོན་ཞུ་བར་ གླིང་ཀ་ན་ཕོ་བྲང་ལུ་ བཅར་ཡོདཔ་ཨིན་པས།ཉི་ལོག་ཟེར་མི་དེ་ཡང་ གནམ་དགུན་ཉིམ་ལོག་པའི་ ཉིན་མ་ལས་འགོ་བཟུང་སྟེ་ ཉིནམ་རིངམོ་ཐལ་བའི་ རྟགས་མཚན་ཨིནམ་ད་ དམིགས་བསལ་གྱིས་ འབྲུག་ནུབ་ཕྱོགས་དང་ གཞན་ཡང་རྒྱལ་ཁབ་ཀྱི་ ས་ཁོངས་ལ་ལོ་ཅིག་ནང་ ལོ་གསར་སྦེ་ཡང་ བརྩི་སྲོལ་ཡོདཔ་སྦེ་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ དུས་འཁོར་གྱི་ཚོགས་འབུམ།

རང་ཟླ་ ༡༡ པའི་ཚེས་ ༩ སྤྱི་ཟླ་ ༡༢ པའི་ཚེས་ ༢༨ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ ཀུར་སྟོད་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ དཔལ་དུས་ཀྱི་འཁོར་ལོའི་ ཚོགས་འབུམ་གནང་མི་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༣༠ ལུ་ གྲོལ་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

Online now: 24 Today: 1502 Total visitors: 4179