ArchiveAboutContact

Category: Special News

Special News

མི་དབང་མཆོག་གིས་ སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༡༠ པ་ མཇུག་བསྡུའི་རྟེན་འབྲེལ་ནང་དབུ་བཞུགས།

སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༡༠ པ་ མཇུག་བསྡུའི་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།རྟེན་འབྲེལ་དེ་ནང་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ གྲལ་གཏོགས་མཛད་ཡོདཔ་མ་ཚད་ བློན་པོ་བགྲེསཔ་ཚུ་དང་ གཞུང་གི་དཔོན་ཁག་ དེ་ལས་ སློབ་ཕྲུག་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་ཐེངས་ ༡༠ པ་དེ་ མི་རྗེ་བློན་ཆེན་དང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་ཚུ་གིས་ མི་དབང་མངའ་ཞབས་ལུ་ བཀྲིན་དགའ་ཚོར་ཚུ་ ཞུ་བའི་ཤུལ་ལས་ མི་དབང་མཆོག་ལུ་ ཞབས་བརྟན་ཕུལ་ཏེ་ བཀྲིས་སྨོན་ལམ་དང་བཅསཔ་སྦེ་ མཇུགས་བསྡུ་ཡི།རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ འགོ་བཙུགས་མི་ ཚོགས་ཐེངས་ ༡༠ པའི་ནང་ འབྲུག་གི་སྐྱེ་ལྡན་བར་ལམ་དགུ་པའི་ དཔྱད་ཡིག་ ༢༠༢༣ ཅན་མ་འདི་ […]

Special News

མི་དབང་མངའ་ཞབས་མཆོག་གིས་ ཐིམ་ཕུ་དཀར་སྦིས་ས་ལུ་ རྒྱལ་པོའི་ཞིང་ བརྡ་དོན་འཕྲུལ་རིག་ མཐོ་རིམ་སློབ་གྲྭའི་ ས་ཁོངས་གསར་པའི་ནང་གཟིགས་སྐོར།

སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ལུ་ འབཕྲུག་གི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་དཀར་སྦིས་ས་ལུ་ སྤོ་བཤུད་འབད་དེ་ཡོད་མི་ རྒྱལ་པོའི་ཞིང་ བརྡ་དོན་འཕྲུལ་རིག་ མཐོ་རིམ་སློབ་གྲྭའི་ ས་ཁོངས་ནང་ གློག་རིག་ཐོག་ལས་ ཕན་ཚུན་འབྲེལ་བ་འཐབ་ནི་གི་ རིམ་ལུགས་ཨཱན་བོག་སིང་མེ་ཊ་བརཛ་ ༢༠༢༣ ཟེར་མི་ འཕྲུལ་རིག་འགྲེམ་སྟོན་ནང་ ཆིབས་བསྐྱོད་གནང་ཡོདཔ་མ་ཚད་ སློབ་ཕྲུག་ཚུ་དང་ སློབ་ཚོགས་དང་གཅིག་ཁར་ཡང་ མཇལ་ཕྲད་མཛད་གནང་ནུག།འགྲེམ་སྟོན་དེ་ནང་ མཐོ་རིམ་སློབ་གྲྭ་དེ་གིས་ གོང་འཕེལ་བཏང་ཡོད་མི་ བརྡ་དོན་འཕྲུལ་རིག་རིམ་ལུགས་དང་ ཞབས་ཏོག་ཚུ་ འགྲེམ་སྟོན་འབད་བའི་ནང་གསལ་ རིག་རྩལ་གསར་པའི་སྒོ་ལས་ བགོ་དང་དཀྱི་རའི་ རིས་མོ་བཀོད་ནི་དང་ རྫོང་ཁ་སླབ་ནི་ལུ་ ནུས་པ་ཡོད་པའི་ འཕྲུལ་རིག་ཐོག་གི་ མི་ལ་སོགས་པ་ཚུ་ཡོདཔ་ཨིན་པས།ཁོང་གིས་ གོང་འཕེལ་བཏང་མི་ བློ་གླེང་རིམ་ལུགས་ཅིག་ རྒྱ་ཡོངས་ས་ཆ་ལྷན་ཚོགས་དང་ དངུལ་ཁང་ཅིག་གིས་ ཉོ་ཡོདཔ་ད་ དེ་བཟུམ་སྦེ་ སྣུམ་འཁོར་བདའ་བའི་སྐབས་སུ་ གཉིད་ལོག་ནི་བཟུམ་འབདཝ་ད་ དྲན་ཚོར་ཉེན་བརྡའི་ རིམ་ལུགས་ཅིག་ཡང་ གོང་འཕེལ་བཏང་ནུག།འགྲེམ་སྟོན་སྐབས་ལུ་ རྒྱལ་པོའི་ཞིང་ བརྡ་དོན་འཕྲུལ་རིག་ མཐོ་རིམ་སློབ་གྲྭའི་ བཟོ་གྲྭ་དཔེར་འོས་ ལྕོགས་གྲུབ་ཀྱི་ རྩ་གཞུང་དེ་ཡང་ ལུགས་མཐུན་འགོ་འབྱེད་འབད་སར་ མི་རྗེ་བློན་ཆེན་དང་ ཤེས་རིག་ལས་སྡེའི་ […]

Special News

མི་དབང་རྒྱལ་ཡུམ་ ཚེ་རིང་པདྨོ་དབང་ཕྱུག་མཆོག་ལུ་ རའི་ཟིང་ལི་ཌརཛ་ ཨེ་ཝཱཌ་ཟེར་མི་གཟེངས་རྟགས།

སྤྱི་ཟླ་ ༡༠ པའི་ཚེས་ ༡༧ ལུ་ ཊེ་ཊཱོན་ཚན་རིག་སློབ་གྲྭ་གིས་ མི་དབང་རྒྱལ་ཡུམ་ ཚེ་རིང་པདྨོ་དབང་ཕྱུག་མཆོག་ལུ་ རང་བཞིན་གནས་སྟངས་ཉམས་སྲུང་དང་ ཡུན་བརྟན་གོང་འཕེལ་གྱི་དོན་ལས་ བརྩོན་ཤུགས་བསྐྱེད་གནང་མི་དང་ མ་འོངས་པའི་ རང་བཞིན་གནས་སྟངས་ཀྱི་ འགོ་ཁྲིདཔ་ཚུ་གི་ སེམས་ཤུགས་ཀྱི་ འབྱུང་གནས་སྦེ་ ཕྱག་ལཱ་མཛད་གནང་པའི་ ངོས་འཛིན་ལུ་ རའི་ཟིང་ལི་ཌརཛ་ ཨེ་ཝཱཌ་ཟེར་མི་ གཟེངས་རྟགས་ཕུལ་ནུག།དེ་ཡང་ མི་དབང་རྒྱལ་ཡུམ་མཆོག་གི་ ཡུན་བརྟན་གོང་འཕེལ་ནང་ བརྩོན་ཤུགས་ཐོག་ལས་ ཕྱ་ལཱ་ཚུ་ འཛམ་གླིང་མཐའ་དབུས་མེད་པར་ ངོ་རྐྱང་དང་ ལས་ཚོགས་གྲངས་མེད་ཅིག་ལུ་ སེམས་ཤུགས་ཀྱི་ འབྱུང་གནས་སྦེ་ གནས་ཡོདཔ་ད་ མི་དབང་རྒྱལ་ཡུམ་མཆོག་ འབྲུག་གཞི་ཚོགས་མཉམ་འབྲེལ་ཁྲི་འཛིན་གྱི་ གནས་རིམ་ཁར་ འབྲུག་གི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ལུ་ རྒྱབ་སྐྱོར་མཛད་གནང་ནི་དེ་གིས་ འབྲུག་རྒྱལ་ཁབ་འདི་ ཡུན་བརྟན་དང་ སྤྱིར་བཏང་བདེ་ཉམས་ཀྱི་ དཔེར་འོས་ཡོངས་གྲགས་ཅན་ལུ་ འགྱུར་ནིའི་དོན་ལས་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།མི་དབང་རྒྱལ་ཡུམ་མཆོག་གིས་ འབྲུག་ལུ་ རང་བཞིན་གནས་སྟངས་ཉམས་སྲུང་གི་དོན་ལས་ བརྩོན་ཤུགས་བསྐྱེད་གནང་པའི་ཁར་ རང་བཞིན་གནས་སྟངས་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་གཅིག་སྦེ་ བརྩི་འཇོག་འབད་དེ་ཡོད་པའི་ ངོས་འཛིན་ལུ་ ཉམས་སྲུང་གི་རྟགས་མ་ མུ་རི་སི་པི་རིཊ་ཟེར་མི་ཡང་ཕུལ་ནུག།མུ་རི་སི་པི་རིཊ་ རྟགས་མ་དེ་ ཨོ་ལཱཛ་དང་ […]

Special News

གྲུབ་དབང་ནམ་སྙིང་རིན་པོ་ཆེ་མཆོག་གིས་ མི་དམངས་ལུ་ རྡོར་སེམས་བཀའ་དབང།

སྤྱི་ཟླ་ ༡༠ པའི་ཚེས་ ༡༡ ལུ་ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ སྟོན་པ་རྡོར་གདན་མའི་ ས་ཁོངས་ནང་ མི་སེར་ཁྲི་ཕྲག་སྦེ་ འཛོམས་མི་ཚུ་ལུ་ རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ རྡོར་སེམས་མངོན་དགའི་ བཀའ་དབང་ཟབ་མོ་གནང་ནུག།དེ་ཡང་ གྲུབ་དབང་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བུམ་ཐང་མཁར་ཆུ་གྲྭ་ཚང་གི་ བླ་སློབ་ཚུ་དང་ དགེ་སློང་ཚུ་གིས་མ་དོ་བར་ གཞན་ཡང་ དད་ལྡན་མི་སེར་ མང་རབས་ཅིག་གིས་ བདུན་ཕྲག་ ༡ གི་རིང་ལུ་ ཚིག་བདུན་བླ་སྒྲུབ་དང་འབྲེལ་བའི་ ཚོགས་མཆོད་ཐོག་ལས་ ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོ་ གྲོལ་གནང་མི་དང་འབྲེལ་ཏེ་ གནང་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

Special News

སྤ་རོ་སྤང་སྦིས་ས་ལུ་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་ཀྱི་སློབ་སྡེའི་ བཀྲ་ཤིས་རབ་གནས།

རང་ཟླ་ ༨ པའི་ཚེས་ ༢༡ སྤྱི་ཟླ་ ༡༠ པའི་ཚེས་ ༥ ལུ་ སྤ་རོ་སྤང་སྦིས་སར་ཡོད་མི་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་ཀྱི་སློབ་སྡེའི་ སྒྲིང་ཁྱིམ་གསར་བསྒྲུབས་ལུ་ བཀྲ་ཤིས་རབ་གནས་གནང་ཡི།བཀྲ་ཤིས་རབ་གནས་གྱི་ མཛད་སྒོའི་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་ མི་དབང་རྒྱལ་སྲས་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་བཞུགས་མཛད་ཡོདཔ་མ་ཚད་ གྲོགས་རམ་འབད་མི་ཚུ་དང་ གོང་འཕེལ་མཉམ་རོགས་ དེ་ལས་ སློབ་ཕྲུག་བགྲེསཔ་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།དེ་སྦེ་ བཀྲིས་རབ་གནས་ གནངམ་དང་གཅིག་ཁར་ ཁྲིམས་ཀྱི་སློབ་སྡེ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ འབྱུང་ནི་ལུ་དམིགས་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱ་བཞི་པ་མཆོག་ལས་ དངོས་གྲུབ་ཞུ་ཐབས་ལུ་ བཀྲིས་མངའ་གསོལ་གྱི་ རྟེན་འབྲེལ་ཡང་ བརྩི་སྲུང་ཞུ་ཡོདཔ་ཨིན་པས།དེ་བསྒང་ ཁྲིམས་ཀྱི་སློབ་སྡེའི་གཙོ་འཛིན་ མི་དབང་རྒྱལ་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་དང་ ཁྲིམས་ཀྱི་སློབ་སྡེའི་ འཐུས་མི་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ འབུལ་བ་ཚུ་ཡང་ཕུལ་ནུག།རྒྱལ་ཁབ་ནང་ ཁྲིམས་ཀྱི་སྐོར་ལས་ སྦྱང་བརྩོན་འབད་སའི་ སློབ་གྲྭ་དེ་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་ཀྱི་སློབ་སྡེ་ ཉག་ཅིག་ར་ཨིནམ་ད་ དེ་ཡང་ སྤྱི་ལོ་ ༢༠༡༥ […]

Special News

ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ ཨྱོན་གུ་རུ་རིན་པོ་ཆེའི་ གསོལ་འདེབས་ཚིག་བདུན་མ་ འབུམ་ཕྲག་ཆེན་མོ།

རང་ཟླ་ ༨ པའི་ཚེས་ ༢༡ སྤྱི་ཟླ་ ༡༠ པའི་ཚེས་ ༥ ལས་ འགོ་བཙུགས་ཏེ་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་ འཇིགས་མེད་པདྨ་འཕྲིན་ལས་རྣམ་རྒྱལ་མཆོག་ དབུ་བཞུགས་ཐོག་ལུ་ མཁར་ཆུ་གྲྭ་ཚང་གི་ དགེ་འདུནམ་ཞལ་གྲངས་ ༧༠ ལྷགཔ་ཅིག་གིས་ ལོ་བསྟར་གྱི་ ཨྱོན་གུ་རུ་རིན་པོ་ཆེའི་ གསོལ་འདེབས་ཚིག་བདུན་མ་ འབུམ་ཕྲག་ཆེན་མོ་ བསགས་གནངམ་ཨིན་པས།དེ་ཡང་ རང་ཟླ་ ༨ པའི་ཚེས་ ༢༧ སྤྱི་ཟླ་ ༡༠ པའི་ཚེས་ ༡༡ ཚུན་ ཉིན་གྲངས་ ༧ གྱི་རིང་ལུ་ སྤྱིར་བསྟན་སྤྱིའི་སྐུ་རིམ་དང་ ལྷག་པར་དུ་ དཔལ་ལྡན་འབྲུག་པའི་ རྒྱལ་བློན་འབངས་ ༣ ག་ར་ ཞི་བདེའི་ངང་ལུ་ གནས་ཐབས་ལུ་ མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱིས་ འགོ་འདྲེན་འཐབ་སྟེ་ གནངམ་ཨིན་པའི་ གནས་ཚུལ་མདོར་བསྡུས།

Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ གསར་སྤང་ལུ་ཡོད་མི་ ངལ་སངས་གླིང་གའི་ ས་ཁྲམ་དེ་ དགེ་ལེགས་ཕུག་ ཁྲོམ་སྡེ་ལུ་རྩིས་སྤྲོད།

སྤྱི་ཟླ་ ༩ པའི་ཚེས་ ༢༦ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ གསར་སྤང་ལུ་ཡོད་མི་ ཕུཊ་བཱོལ་མེ་ཌི་སི་ནཱལ་ ངལ་སངས་གླིང་གའི་ ས་ཁྲམ་དེ་ དགེ་ལེགས་ཕུག་ཁྲོམ་སྡེ་ལུ་ རྩིས་སྤྲོད་གནང་ནུག།དེ་ཡང་ ཐིམ་ཕུ་ལུང་བསྟན་ཕུག་ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ གཟིམ་ཅུང་ནང་སྦེ་ ས་ཁྲམ་རྩིས་སྤྲོད་གནང་པའི་སྐབས་ལུ་ དགེལེགས་ཕུག་ ཁྲོམ་དཔོན་གྱིས་གཙོས་པའི་ འགོ་དཔོན་ཚུ་ སྐྱབས་རྗེ་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་ད་ ས་ཁྲམ་རྩིས་སྤྲོད་དང་སྦྲགས་ཏེ་ བཀའ་ཤོག་གནང་མིའི་ནང་ ས་ཆ་དེ་ཁར་ཡོད་མི་ མཁོ་བྱད་ཚུ་གི་ ཁ་གསལ་ཚུ་ཡང་ བཀོད་གནང་སྟེ་ཡོདཔ་ཨིན་པས།མ་གཞི་ སྐྱབས་རྗེ་མཆོག་གིས་ བཀའ་ཤོག་དེ་ སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ མི་དབང་རྒྱལ་པོའི་སྲསམོ་མཆོག་ སྐུ་འཁྲུངས་པའི་ཤུལ་ལས་ གནང་ཡོདཔ་ད་ གསར་སྤང་རྫོང་ཁག་ བསམ་གཏན་གླིང་རྒེད་འོག་ནང་ ངལ་སངས་གླིང་ག་ཡོད་མི་ ས་ཆ་ཨེ་ཀར་ ༥ པོ་དེ་ བཟའ་ཚང་རྒན་རྒས་ ༢ ཀྱིས་ སྐྱབས་རྗེ་རིན་པོ་ཆེ་ལུ་ཕུལ་ནུག།ངལ་སངས་གླིང་ག་དེ་ གོང་འཕེལ་གཏང་ནིའི་དོན་ལུ་ གཞུང་གི་ཁ་ཐུག་ལས་ དངུལ་ཀྲམ་ས་ཡ་ ༡༦ དེ་ཅིག་ ཟད་འགྲོ་བཏང་ཡོད་པའི་གནས་ཚུལ།

Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དགེ་མདུནམ་རྒན་ཤོས་ཚུ་གི་དོན་ལས་ དགོངས་ཞུའི་ཟུར་ཕོགས་ཀྱི་ ལས་འཆར་འགོ་འབྱེད།

གནམ་ལོ་ཆུ་ཡོས་ཟླཝ་ ༨ པའི་ཚེས་ ༡ སྤྱི་ཟླ་ ༩ པའི་ ཚེས་ ༡༥ ལུ་ སྐྱབས་རྗེ་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ གཞུང་གྲྭ་ཚང་གི་ མངའ་འོག་ལུ་ཡོད་མི་ དགེ་སློང་དང་ ཨ་ཎེམོ་ཚུ་གི་དོན་ལས་ དགོངས་ཞུའི་ཟུར་ཕོགས་ཀྱི་ ལས་འཆར་གཞི་བཙུགས་ཀྱི་ འགོ་འབྱེད་རྟེན་འབྲེལ་ མཛད་གནང་ནུག།ལས་འཆར་དེ་ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ གཏན་རྩའི་མ་དངུལ་སྦེ་ ས་ཡ་ ༡༠ གནང་ཡོདཔ་མ་ཚད་ ལམ་ལུགས་འདི་ཡང་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་གྱི་ ཡིག་ཚང་ལས་ རྒྱབ་སྐྱོར་ཐོག་ལུ་ གཞུང་གྲྭ་ཚང་དང་ གྲྭ་ཚང་ལྷན་ཚོགས་ ༢ ཀྱིས་ གཞི་བཙུགས་འབད་ཡོདཔ་ཨིན་པས།དེ་བཟུམ་མའི་ ལས་འཆལ་གཞི་བཙུགས་འབད་མི་དེ་གིས་ དགེ་སློང་དང་ ཨ་ཎེམོ་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲགས་གཏང་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིན་པས་ཟེར་ གཞུང་གྲྭ་ཚང་གི་ ཕེཛ་བུ་ནང་ བཀོད་འདུག་པའི་གནས་ཚུལ།

Special News

མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ འགོ་དཔོན་ཚུ་ལུ་ གོ་གནས་ཡར་སེང་གི་ བཀྲ་ཤིས་ལེགས་དར།

སྤྱི་ཟླ་ ༩ པའི་ཚེས་ ༡༢ ལུ་ མི་དབང་མང་བདག་རིན་པོ་ཆེའི་ཞབས་ལས་ བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་སྦེ་ ཀརྨ་ཡོན་ཏན་ལུ་ འབུ་རས་དམརཔོ་དང་ རྒྱལ་གཞུང་འབྲུག་གི་དམག་སྡེ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ རྒྱལ་པོའི་སྐུ་སྲུང་དམག་སྡེའི་ འགོ་དཔོན་ ༡༧ ལུ་ གོ་གནས་ཡར་སེང་དང་ ན་ཧིང་རྒཔོ་ལུ་ བཀྲིས་ལེགས་དར་ དེ་ལས་ གཟིམ་དཔོན་འོགམ་ཅིག་ གསར་བསྐོས་ཐོག་ལས་ བཀྲིས་ཁ་དར་གནང་ཡི།དྲག་ཤོས་ཀརྨ་ཡོན་ཏན་དེ་ རྒྱལ་པོའི་ཡིག་ཚང་ནང་ ལས་དོན་འཛིན་སྐྱོང་ཡིག་ཚང་གི་ འགོ་འཛིན་སྦེ་ ཕྱག་ཞུ་དོ་ཡོདཔ་ད་ དེ་གི་ཧེ་མར་ ཁོ་གིས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་སྦེ་ ཕྱག་ཞུ་ནུག།མི་དབང་མཆོག་ དམག་སྡེ་ཁག་གི་ མངོན་མཐོའི་བཀོད་དཔོན་སྤྱི་ཁྱབ་ཨིནམ་ལས་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ནང་ལས་ འགོ་དཔོན་ ༡༠ དང་ རྒྱལ་པོའི་སྐུ་སྲུང་ནང་ལས་ འགོ་དཔོན་ ༡ རྒྱལ་གཞུང་འབྲུག་གི་འགག་སྡེའི་ནང་ལས་ འགོ་དཔོན་ ༦ འབདཝ་ད་ འགོ་དཔོན་ ༡༧ ལུ་ དམག་སྲིད་འོགམ་ལས་ དམག་སྲིད་ཀྱི་ གོ་གནས་གནང་ཡོདཔ་ཨིན་པས།རྒྱལ་པོའི་ཡིག་ཚང་ནང་ བདག་སྐྱོང་གཙོ་འཛིན་འགོ་དཔོན་སྦེ་ ཕྱག་ཞུ་མི་ ཀ་ཀ་དེ་ གཟིམ་དཔོན་འོགམ་སྦེ་ […]

Special News

སྐྱབས་རྗེ་མཆོག་གིས་ དགེ་སློང་ཚུ་གི་ ཟུར་ཕོགས་མ་དངུལ་ལུ་ ཞབ་འདེབས་སྦེ་ དངུལ་ཀྲམ་ས་ཡ་ ༡༠ གནང་ཡོདཔ།

རང་ཟླ་ ༧ པའི་ཚེས་ ༢༧ སྤྱི་ཟླ་ ༩ པའི་ཚེས་ ༡༡ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ མི་དབང་རྒྱལ་སྲསམོ་མཆོག་ སྐུ་འཁྲུངས་པའི་ དགའ་སྟོན་རྟེན་འབྲེལ་ བརྩི་སྲུང་དང་འབྲེལ་ཏེ་ སངས་རྒྱས་བསྟན་པའི་གཞི་མ་ དགེ་འདུན་འདུས་པའི་སྡེ་ མི་ཉམས་གོང་འཕེལ་དང་ ཡུན་བརྟན་གནས་ཐབས་ལུ་ དངུལ་ཀྲམ་ས་ཡ་ ༡༠ གནང་ནུག།དེ་ཡང་ འཕགས་པའི་དགེ་འདུནམ་ཚུ་ དགུང་ལོ་ ༦༥ བཞེས་ཏེ་ ཟུར་བཞུགས་མཛད་མི་ཚུ་གི་ མཐུན་རྐྱེན་གྱི་ དཀའ་ངལ་སེལ་ཐབས་ལུ་ ཟུར་ཕོགས་ཀྱི་ མ་དངུལ་རྒྱ་སྦོམ་སྦེ་ གཞི་བཙུགས་མཛད་གནང་མི་ལུ་ ཞལ་འདེབས་སྦེ་ གནང་ཡོདཔ་ཨིན་པས།དེ་མ་ཚད་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ཁྲོམ་གྱི་ ཉེ་འདབས་ལུ་ ཀུར་སྟོད་རྣམ་གྲོལ་གླིང་གྲྭ་ཚང་གི་ མཚན་ཐོར་ཡོད་མི་ སྨན་ཤིང་སྐྱེད་ཚལ་དེ་ཡང་ ས་ཁྲམ་དང་བཅསཔ་སྦེ་ གཞུང་དང་ མི་སེར་ལུ་ ཕན་ཐོགས་ཆེ་བར་དགོངས་ཏེ་ དགེ་ལེགས་ཕུག་ཁྲོམ་སྡེ་ལུ་ བཀའ་ཤོག་གནང་ཐོག་ལས་ རྩིས་སྤྲོད་གནང་ནུག།ས་ཆ་དེ་ཁར་ སྐྱབས་རྗེ་རིན་པོ་མཆོག་གིས་ སྨན་ཤིང་སྐྱེད་ཚལ་ བཟོ་གནང་ནི་གི་ ཐུགས་འདོད་ཡོདཔ་བཞིན་དུ་ གཞུང་གི་ཁ་ཐུག་ལས་ ཁྲི་ལོ་ཉེར་ལྔ་འཁོར་བའི་ དུས་སྟོན་གྱི་ དྲན་རྟེན་ལུ་དམིགས་ཏེ་ དངུལ་ཀྲམ་ས་ཡ་ […]

Online now: 3 Today: 4074 Total visitors: 6751