ArchiveAboutContact

Category: Special News

Special News

མི་དབང་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་འོགམ་དང་མཇལ་ཕྲད།

སྤྱི་ཟླ་ ༨ པའི་ཚེས་ ༡༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གོང་འཕེལ་ཆུང་ཀུའི་ རྒྱལ་ཁབ་ཚུ་གི་དོན་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་འོགམ་དང་ ཆེ་མཐོའི་ངོ་ཚབ་ ཨམ་ར་བབ་ཕ་ཏི་མ་དང་ མཇལ་འཕྲད་མཛད་གནང་ནུག། དེ་ཡང་ དུས་ཅི་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་ཆུང་ཀུའི་ནང་ལས་ གནས་ཚད་ཡར་སེང་གི་ཧེ་མར་ ཨམ་ར་བབ་ཕ་ཏི་མ་དེ་ འབྲུག་ལུ་ གཟིགས་སྐོར་གནང་པར་ བྱོན་ཡོད་པའི་ གནས་ཚུལ་མདོར་བསྡུས།

Special News

ཀུར་སྟོད་ཨུང་སྒར་ལུ་ ཆུ་རུད་དང་ ས་རུད་ཀྱི་ རྐྱེན་ངན་ནང་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལས་ བསྔོ་སྨོན་གནང་ཡོདཔ།

པདྨ་དབང་འདུས། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནངམ་བཞིན་དུ་ ཟླཝ་ཧེ་མའི་ནང་ ལྷུན་རྩེ་ཨུང་སྒར་ལུ་ ཆུ་རུད་དང་ ས་རུད་ཀྱི་ རྐྱེན་ངན་བྱུང་མི་ལུ་བརྟེན་ཏེ་ མི་གྲངས་ ༢༣ ལུ་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལས་ ཀུར་སྟོད་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་སྦེ་ བསྔོ་སྨོན་ཚུ་གནང་ནུག།དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་གི་ བླ་སློབ་དང་ དགེ་སློང་ཚུ་གིས་ སྤྱི་ཟླ་ ༨ པའི་ཚེས་ ༩ ལས་ ༡༡ ཚུན་འབདཝ་ད་ ཉིན་གྲངས་ ༣ གྱི་རིང་ལུ་ ཚེ་འདས་ཚུ་གི་ བདུན་ཕྲག་ ༣ པ་ ཉི་ཤུ་རྩ་གཅིག་དང་འབྲེལ་ཏེ་ བླ་མ་དགོངས་པ་འདུས་པའི་ སྐོང་བཤགས་ཀྱི་སྒོ་ལས་ གནང་ཡོདཔ་ཨིན་པས།དེ་མ་ཚད་ སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ བསྔོ་སྨོན་མཇུག་བསྡུའི་ཉིན་མར་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཆུ་རུད་དང་ ས་རུད་ཀྱི་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་ཡང་ སྦྱིན་བསྲེག་གནང་ཡོདཔ་ད་ དེ་བཟུམ་མའི་ ལས་རིམ་ནང་ ཚེ་འདས་ཚུ་གི་ ནང་མི་བཟའ་ཚང་ཚུ་གིས་ཡང་ […]

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཀུར་སྟོད་ཨུང་སྒར་ལུ་ ཆུ་རུད་ཐོན་སའི་ ས་ཁོངས་ནང་ཆིབས་བསྐྱོད།

པདྨ་དབང་འདུས། སྤྱི་ཟླ་ ༧ པའི་ཚེས་ ༢༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ འཕྲལ་ཁམས་ཅིག་ཁར་ ལྷུན་རྩེ་ཨུང་སྒར་ལུ་ ཆུ་རུད་ཐོན་ཏེ་ མི་གྲངས་ ༢༣ ཕྱགས་བདའ་བའི་ ས་ཁོངས་ནང་ ད་རེས་ཡང་ ཕུངམོ་ཚུ་ འཚོལ་ཞིབ་འབད་བའི་བསྒང་ཡོད་སར་ ཆིབས་བསྐྱོད་གནང་ཡོདཔ་ཨིན་པས།དེ་ཡང་ མི་དབང་མངའ་ཞབས་མཆོག་ ཕྱི་རྒྱལ་ལས་ སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ རྒྱལ་ཁབ་ནང་ ལོག་ཕེབས་པའི་ཤུལ་ལས་ རྒྱལ་ཁབ་ཀྱི་ ཤར་ཕྱོགས་ཁ་ཐུག་ལུ་ ཆིབས་བསྐྱོད་གནང་ནུག།ཆུ་རུད་ཀྱིས་ རྐྱེན་ངན་བྱུང་མི་ ཉམས་རྒུདཔ་ཚུ་ཡང་ ཡུང་གི་ཆུ་ གློག་མེ་ལས་འགུལ་ བཟོ་བསྐྲུན་གྱི་ ལས་བྱེདཔ་ཚུ་ཨིནམ་ད་ ལ་ལོ་ཅིག་ ཁོང་ཕྱད་པར་འོང་མི་ ནང་ཚན་ཚུ་ཨིན་པས།རྐྱེན་ངན་དེ་ སྤྱི་ཟླ་ ༧ པའི་ཚེས་ ༢༠ གི་ཕྱི་རོ་ ཧང་སྟོང་མར་ ཆུ་རུད་དང་ ས་རུད་ཐོན་མི་ལུ་བརྟེན་ཏེ་ བྱུང་ཡོདཔ་ད་ མི་གྲངས་ ༢༣ ལུ་ ཤི་རྐྱེན་བྱུང་མིའི་གྲས་ལས་ ད་ཚུན་གྱི་བར་ན་ ཕུངམོ་ ༨ […]

gyalchi
Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་དང་ སྨད་ཚོ་རྒཔོ་ལུ་ བཀྲིས་ལེགས་དར།

སྤྱི་ཟླ་ ༧ པའི་ཚེས་ ༢༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྷུན་རྩེ་རྫོང་ཁག་ སྨད་ཚོ་རྒཔོ་དང་ རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་ལུ་ བཀྲིས་ལེགས་དར་ གནང་ཡོདཔ་ཨིན་པས།ས་གནས་ཀྱི་ འགོ་ཁྲིདཔ་ཚུ་གིས་ རང་སོའི་མི་སྡེ་ནང་ ཞབས་ཏོག་ཚུ་ བྱིན་ནི་ལུ་ གལ་གནད་ཆེཝ་སྦེ་གཟིགས་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་ ༢༠༡༡ ལོར་ ས་གནས་གཞུང་གི་ བཙག་འཐུ་ལས་ཚུར་ རྒཔོ་ཚུ་ལུ་ བཀྲིས་ལེགས་དར་ཚུ་ སྐུ་དངོས་སྦེ་གནང་ནི་ འགོ་བཙུགས་གནང་ནུག།དེ་ཡང་ བཙན་མཁར་རྒཔོ་ བཀྲིས་དཔལ་འབྱོར་དེ་ (གཡོན་) རྫོང་ཁག་ཚོགས་འདུའི་ འཐུས་མི་ཚུ་གིས་ དུས་ཅི་ སྤྱི་ཟླ་ ༣ པའི་ནང་ ཚོགས་འདུའི་ཁྲི་འཛིན་སྦེ་ (རྫོང་ཁག་གི་ གྲོས་ཆོད་འདུས་ཚོགས་ མཐོ་ཤོས་ཀྱི་ཁྲི་འཛིན་) བཙག་འཐུ་འབད་ཡོདཔ་ཨིན་པས།དེ་ལས་ ཆོས་གྲུབ་བསོད་ནམས་ལྷུན་གྲུབ་དེ་ (གཡས་) སྨད་འཚོ་རྒེད་འོག་གི་རྒཔོ་ དགོངས་ཞུ་འབད་བའི་ཤུལ་ལུ་ དུས་མིན་བཙག་འཐུའི་ནང་ལས་ རྒཔོ་སྦེ་ བཙག་འཐུ་གྲུབ་ཡོད་པའི་གནས་ཚུལ།

gyalchi
Special News

སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༩ པ་ མཇུག་བསྡུའི་རྟེན་འབྲེལ།

སྤྱི་ཟླ་ ༧ པའི་ཚེས་ ༨ ལུ་ སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་ཐེངས་ ༩ པ་ མཇུག་བསྡུའི་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་མཛད་གནང་ཡི།དེ་བསྒང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ འབྲུག་མི་ཡོངས་ཀྱི་ སྐྱིད་སྡུག་གི་ཕམ་ མགུ་གཏད་ཀྱི་གོངམ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ གཟིགས་ནི་ལས་ལྷག་སྟེ་ སྤྱི་ཚོགས་ལུ་ ཐུགས་བརྩེས་གཟིགས་ཏེ་ ཚོགས་ཐེངས་མཇུག་བསྡུའི་ རྟེན་འབྲེལ་ནང་ བྱོན་གནང་མི་ལུ་ སྤྱི་ཚོགས་ཀྱི་ འཐུས་མི་ཡོངས་དང་ ཚོགས་དཔོན་གྱི་ཧོངས་ལས་ སྒོ་ ༣ གུས་ཞབས་དང་བཅས་པའི་ བྱོན་པ་ལེགས་སོ་དང་ བཀྲིན་དགའ་ཚོར་ཞུ་ཡི།དེ་བཟུམ་སྦེ་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ ཞི་དྲག་ལས་སྡེ་ཁག་གི་ དཔོན་ཁག་དང་ འགོ་དཔོན་ དེ་ལས་ དཔོན་ཁག་རྒས་ཤོས་ཚུ་དང་ ཕྱི་འབྲེལ་སྐུ་ཚབ་དང་ དོན་གཅོདཔ་ཚུ་གིས་ཡང་ གྲལ་གཏོགས་མཛད་མི་ལུ་ བྱོན་པ་ལེགས་སོ་ཡོད་ཟེར་ཨིན་པས།རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་ཀྱི་ཚ་གྱང་ ག་དེམ་ཅིག་ བཞེས་དོ་ཡོདཔ་ཨིན་ན་འདི་ འབྲུག་མི་ཡོངས་ཀྱིས་ མཁྱེན་གསལ་ཆེ་ཟེར་ཞུ་ཡི།དེ་ཡང་ […]

gyalchi
Special News

མི་དབང་མངའ་ཞབས་མཆོག་གིས་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་དང་མཇལ་ཕྲད།

སྤྱི་ཟླ་ ༧ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ལུ་སྦེ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ བི་ནེ་མོ་ཧཱན་ ཀོཝ་ཏ་ར་དང་ མཇལ་ཕྲད་མཛད་གནང་ནུག། དེ་ཡང་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་དེ་ མདང་ཞག་ སྤྱི་ཟླ་ ༤ པའི་ནང་ མི་དབང་མངའ་ཞབས་མཆོག་གིས་ རྒྱ་གར་ནིའུ་དིལླི་ལུ་ གཟིགས་སྐོར་གནང་པའི་བསྒང་ གཞུང་ ༢ ཀྱི་བར་ན་ གསུང་གྲོས་བྱུང་མི་ རྒྱ་འབྲུག་གཉིས་ཀྱི་ ཟུང་ཕྱོགས་མཉམ་འབྲེལ་ རྒྱ་སྐྱེད་གྱི་སྐོར་ལས་ གསུང་གྲོས་འཕྲོ་མཐུད་ གནང་ནིའི་དོན་ལས་ འབྲུག་ལུ་ ལྷོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

gyalchi
Special News

མི་དབང་རྒྱལ་བཙུན་མཆོག་ རྒྱལ་ཡོངས་བསྐྱར་གསོའི་ མཁས་འཛོམས་ཀྱི་ འགོ་འབྱེད་རྟེན་འབྲེལ་ནང་དབུ་བཞུགས།

སྤྱི་ཟླ་ ༦ པའི་ཚེས་ ༢༨ ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ སྨྱོ་རྫས་ལག་ལེན་དང་ སྨྱོ་རྫས་ཀྱི་ དབང་ལུ་ཐལ་མིའི་ དཀའ་ངལ་ཚུ་ བསལ་ཐབས་ལུ་ པདྨ་ཡིག་ཚང་གིས་ འགོ་འདྲེན་འཐབ་མི་ ཉིན༌གྲངས༌ ༣ གྱི་ རྒྱལ་ཡོངས་བསྐྱར་གསོའི་ མཁས་འཛོམསཀྱི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛདགནང་ཡི།རྒྱལ་ཡོངས་བསྐྱར་གསོའི་ མཁས་འཛོམས་དེ༌ནང་ བསྐྱར་གསོ་དང་འབྲེལ་བའི་ ཁྱད་རིག་ཅན་གྱི་ མི་ངོམ་དང་ སྲིད་བྱུས་བརྩམ་མི་ མི་སྡེའི་འགོ་ཁྲིདཔ་ དེ་ལས་ བཟའ་ཚང་དང་ ངོ་རྐྱང་ཚུ་ སྨྱོ་རྫས་ཀྱི༌ དབང་ལུ་ཐལ་མི་ཚུ་གི་དོན་ལས་ མི་སྡེའི་ནང་ གཅེས་སྐྱོང་དང་ བསྐྱར་གསོའི་ཤུལ་ལས་ ཞབས་ཏོག་ཚུ་ བཙན་ཐབས་བཟོནིའི་དོན་ལས་ འཛོམས་ཡོདཔ་ཨིན་པས།རྟེན་འབྲེལ་དེ་ནང་ མི་རྗེ་བློན་ཆེན་གྱིས་གཙོས་པའི་ གཞུང་གི་དཔོན་ཁག་ཚུ་དང་ གོང་འཕེལ་མཉམ་རོགས་ཀྱི་ ངོ་ཚབ་ཚུ་ བྱོན་ཡོདཔ་ད་ མཁས་མཆོག་དང་ གྲལ་གཏོགས་འབད་མི་ཚུ་གིས་ སྨྱོ་རྫས་ལག་ལེན་གྱི་ དབང་ལུ་ཐལ་མི་ཚུ་ བསྐྱར་གསོའི་དོན་ལས་ ཁས་བླངས་ལས་བྱེད་པ་ཚུ་གིས་ ཕན་ཐོགས་བྱུང་སྟེ་ཡོད་མི་ལུ་ ངོས་ལེན་མཛད་ནུག།རྟེན་འབྲེལ་དེ་ སྨྱོ་རྫས་ཀྱི་ དབང་ལུ་ཐལ་མི་ཚུ་ བསྐྱར་གསོ་འབད་དེ་ འཕྲོད་བསྟེན་ཅན་དང་ འཐོན་སྐྱེད་ཅན་སྦེ་ […]

gyalchi
Special News

ཐིམ་ཕུ་ལྕགས་རི་རྡོ་རྗེ་གདན་ལྷ་ཁང་གི་ དབུ་རྩེ་གུ་ གསེར་ཏོག་བཀལ་བའི་ མཛད་སྒོའི་རྟེན་འབྲེལ།

སྤྱི་ཟླ་ ༦ པའི་ཚེས་ ༢༣ ལུ་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་མཆོག་གིས་ ལྕགས་རི་ལྷ་ཁང་གི་ དབུ་རྩེ་གུ་ གསེར་ཏོག་བཀལ་བའི་ རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།གསེར་ཏོག་གི་ མཛད་སྒོའི་རྟེན་འབྲེལ་དེ་ཡང་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ མཛད་གནང་ཡོདཔ་ད་ དེ་ཡང་ དྲོ་པ་ཧ་སག་ ལྕགས་རིའི་རིང་བསྲེལ་ འགངས་ཅན་ཚུ་ མགོན་ཁང་གསར་པའི་ནང་ གདན་འདྲེན་ཞུ་ནུག།ལྕགས་རི་ལྷ་ཁང་དེ་ སྤྱི་ལོ་ ༡༦༢༠ ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ བཞེངས་གནང་ཡོདཔ་ད་ འབྲུག་གི་ཆོས་སྲིད་གཉིས་ཀྱི་ འབྱུང་རབས་ནང་ གལ་གནད་ཆེ་ཤོས་ཅིག་ཨིན་པས།ལྕགས་རི་ལྷ་ཁང་དེ་ ཉམས་གསོ་སྦོམ་སྦེ་ར་ ཞུ་དོ་ཡོད་མི་དེ་ཡང་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ བལྟ་རྟོག་འོག་ལུ་ སྤྱི་ལོ་ ༢༠༡༦ ལས་ འགོ་བཙུགས་ནུག།མི་ལོ་ ༤༠༠ འཁོར་མི་ ལྷ་ཁང་དེ་གི་ ཉམས་གསོའི་ལས་སྣའི་གྲས་ཁར་ ལྷ་ཁང་ནང་འཁོད་ལུ་ རྒྱ་ཆེ་བའི་ སྒྲིག་བཀོད་བསྐྱར་བསྐྲུན་གུ་ ཕྱིའི་ཉེན་སྲུང་ལེགས་སྒྱུར་དང་ བཙན་ཐབས་ཚུ་དང་བཅསཔ་སྦེ་ སྤྱི་ལོ་ ༢༠༢༤ ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

gyalchi
Special News

ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་ ཚེ་ཁུག་དང་ གཡང་ཁུག་གནང་མི་དེ་ གྲོལ་གནང་ཡོདཔ།

དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་སྦེ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ ཉིན་གྲངས་ ༣ གྱི་རིང་ལུ་ ཚེ་ཁུག་དང་ གཡང་ཁུག་གནང་མི་དེ་ སྤྱི་ཟླ་ ༦ པའི་ཚེས་ ༢༢ ལུ་ བཀྲིས་སྨོན་ལམ་དང་བཅསཔ་སྦེ་ གྲོལ་གནང་ཡི།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢༠ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༣ གྱི་རིང་ལུ་ དྲོ་པར་ཚེ་ཁུག་དང་ ཕྱི་རོའི་རིགས་ལུ་ ནོར་ལྷ་དབང་ཕྱུག་ཆེན་པོའི་ གཡང་ཁུག་གནང་ཡོདཔ་ད་ དེ་གི་ཧེ་མར་ སྤྱི་ཟླ་ ༦ པའི་ཚེས་ ༡༧ ལས་ ༡༩ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ མགོན་པོ་ལྕམ་དྲལ་གསུམ་གྱི་ མདོས་ཆོག་གནང་ནུག།གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ ཚེ་ཁུག་གནང་མི་དེ་གིས་ མ་པ་ལས་ར་ ཚེ་ཟད་མི་ཚུ་ སྲོག་སྐྱབས་འབད་ཐབས་མེད་རུང་ […]

gyalchi
Special News

གཞི་རྟེན་དམག་སྦྱོང་ མོ་བཏབ་ཐོག་གི་ བདེ་སྲུང་སྦྱོང་བརྡར་ ཐེངས་ ༥༦ པ་ མཇུག་བསྡུའི་རྟེན་འབྲེལ།

པདྨ་དབང་འདུས། སྤྱི་ཟླ་ ༦ པའི་ཚེས་ ༡༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགེ་ལེགས་ཕུག་ བདེ་ཆེན་དཔལ་རི་ཐང་ལུ་ གཞི་རྟེན་དམག་སྦྱོང་ མོ་བཏབ་ཐོག་གི་ བདེ་སྲུང་སྦྱོང་བརྡར་ ཐེངས་ ༥༦ པ་ མཇུག་བསྡུའི་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།སྦྱོང་བརྡར་དེ་ དུས་ཅི་ སྤྱི་ཟླ་ ༣ པའི་ནང་ལས་ འགོ་བཙུགས་ཡོདཔ་ད་ དེ་བཟུམ་མའི་ སྦྱོང་བརྡར་འགོ་འདྲེན་འཐབ་མི་དེ་ ཤུལ་མའི་ལོ་ལས་ འབྲུག་པའི་ན་གཞོན་ཡོངས་ཀྱི་དོན་ལུ་ འགོ་བཙུགས་ནི་སྦེ་ཡོད་མི་ རྒྱལ་སྲུང་སྦྱོང་བརྡར་གྱི་ ཆ་ཤས་སྦེ་ དམིགས་བསལ་ལས་རིམ་ཚུ་གི་སྒོ་ལས་ མོ་བཏབ་བཟུམ་ཅིག་སྦེ་ གོང་འཕེལ་བཏང་ཡོདཔ་ཨིན་པས།སྦྱོང་བརྡར་དེ་ཡང་ སང་ཕོད་ འགོ་བཙུགས་ནི་སྦེ་ཡོད་མི་ རྒྱལ་སྲུང་སྦྱོང་བརྡར་ལས་རིམ་དང་ འབྲེལ་བ་དམ་ཟབ་ཀྱི་སྒོ་ལས་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་གི་ ཉེ་འདབས་ལུ་ རྒྱལ་སྲུང་སྦྱོང་བརྡར་གྱི་དོན་ལས་ བཀོད་དེ་ཡོད་མི་ དུས་ཚོད་དང་ དུས་མཉམ་སྦེ་ འགོ་འདྲེན་འཐབ་ནུག།ཟླ་ངོ་ཕྱེད་དང་ ༤ གི་རིང་ལུ་ འགོ་འདྲེན་འཐབ་མི་ བདེ་སྲུང་སྦྱོང་བརྡར་དེ་ནང་ ན་གཞོན་ཕོ་མོ་བསྡོམས་ ༥༠༠ གིས་ བཅའ་མར་གཏོགས་ཡོདཔ་ད་ སྦྱོང་བརྡར་དེ་གི་ ལས་རིམ་གྲངས་སུ་ གཞི་རྟེན་དམག་སྦྱོང་དང་ རྒྱལ་ཡོངས་ཤེས་ཡོན་ […]

gyalchi
Online now: 24 Today: 1502 Total visitors: 4179