ArchiveAboutContact

Category: National News

National News

མི་དབང་ཞབས་ལས་ སྐུ་སྒེར་ཚོགས་སྡེའི་ ཁྲི་འཛིན་གོང་འོག་ ༢ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

སྤྱི་ཟླ་ ༥ པའི་ཚེས་ ༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐུ་སྒེར་ཚོགས་སྡེའི་ ཁྲི་འཛིན་དང་ ཁྲི་འཛིན་འོགམ་ ༢ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ཡི། དེ་ཡང་ བློན་པོ་ཌོག་ཊར་རྟ་མགྲིན་རྡོ་རྗེ་དེ་ སྐུ་སྒེར་ཚོགས་སྡེའི་ ཁྲི་འཛིན་གྱི་ གོ་གནས་ཁར་ བཀབ་ནེ་ལི་ཝང་ གནང་ཡོདཔ་ཨིན་པས། བློན་པོ་གིས་ སྤྱི་ལོ་ ༡༩༧༦ ལུ་ རྒྱ་གར་གྱི་ས་གནས་ པུ་ནེ་དམག་སྡེ་གསོ་བའི་མཐོ་རིམ་སློབ་གྲྭའི་ནང་ལས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལས་ ལོ་ངོ་ ༣༠ གི་རིང་ལུ་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ནང་ ཕྱག་ཞུ་ཡོདཔ་ད་ སྤྱི་ལོ་ ༢༠༠༩ ལུ་ མི་དབང་མངའ་ཞབས་ལས་ འབུ་རས་དམརཔོ་གནང་ནུག། དྲགོས་སྐལ་བཟང་དབང་འདུས་ལུ་ སྐུ་སྒེར་ཚོགས་སྡེའི་ ཁྲི་འཛིན་འོག་མའི་ གོ་གནས་ཁར་ ལྷན་རྒྱས་འོག་མའི་ བཀབ་ནེ་གནང་ཡོདཔ་ད་ ཁོ་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་དང་ འབྲུག་གི་སྐུ་ཚབ་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

National News

རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ སྨྱོ་རྫས་ནག་ཚོང་འཐབ་མི་འཛིན་བཟུང་།

སྤྱི་ཟླ་ ༥ པའི་ཚེས་ ༥ ལུ་ སྤུ་ན་ཁའི་ སྨྱོ་རྫས་བཅའ་ཁྲིམས་བསྟར་སྤྱོད་ལས་ཚན་གྱིས་ སྐྱེས་ལོ་ ༤༣ འབད་མི་ ཕོ་སྐྱེས་ཅིག་ ཐིམ་ཕུ་ལས་ སྤུ་ན་ཁ་ལུ་ འགྱོ་བའི་ལམ་ཁར་ ཊ་མ་ཌཱོལ་བླ་བསྲེས་ཡོད་མི་ སྨྱོ་རྫས་ཨེཛ་པི་+ སྨན་ཐུམ་ ༥,༤༧༧ དང་ ནའེ་ཊོ་སཱན་-༡༠ ཟེར་མི་ ལེབ་གྲངས་ ༢༦༩ དེ་ལས་ ཀོ་ཌིན་སྨན་ཁུ་ དམ་སྦྱིས་ ༡ དང་སྦྲགས་ཏེ་ འཛིན་བཟུང་འབད་ནུག། དྲི་དཔྱད་འབདཝ་ད་ མི་ངོམ་དེ་གིས་ སྤྱི་ཟླ་ ༤ པའི་ཚེས་ ༢༩ ལུ་ ཇའི་སྒང་ལས་ སྨྱོ་རྫས་ཚོང་འབྲེལ་འཐབ་མི་  རྒྱ་གར་གྱི་མི་ཁུངས་ ཀཱ་ལེ་ཟེར་མི་ འགྲུལ་འཕྲིན་ཨང་ +༩༡༨༥༡༤༩༥༦༢༣༥ ཅན་མ་ ལག་ལེན་འཐབ་མི་ལས་ དངུལ་ཀྲམ་ ༧༢,༠༠༠ སྤྲོད་དེ་ སྨྱོ་རྫས་ཚུ་ ཉོ་ཡི་ཟེར་ཨིན་པས། མི་ངོམ་དེ་གིས་ ཧེ་མ་ཡང་ སྨྱོ་རྫས་ཚུ་ ནག་ཚོང་འཐབ་ཡོདཔ་ལས་ ལོ་ངོ་ ༥ […]

National News

མི་རྗེ་བློན་ཆེན་མཆོག་གིས་ སིངྒ་པོར་གྱི་ ཆེ་མཐོའི་འགོ་དཔོན་ཚུ་དང་མཇལ་ཕྲད།

སྤྱི་ཟླ་ ༥ པའི་ཚེས་ ༦ ལུ་ མི་རྗེ་བློན་ཆེན་མཆོག་གིས་ སིངྒ་པོར་ གསོ་བའི་བགཞི་ཟུང་ཚད་འཛིན་ལྷན་ཁག་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ ཆེ་མཐོའི་འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་དེ་ ཟུང་ཕྱོགས་མཉམ་འབྲེལ་དང་ འཕྲོད་བསྟེན་ལེགས་བཅོས་ཀྱི་ མཉམ་འབྲེལ་གོ་སྐབས་དང་ ཕན་ཚུན་གོ་དོན་ཚུ་གི་ཐོག་ལུ་ གསུང་གྲོས་ཚུ་ གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

གཞུང་དགེ་འདུན་གྲྭ་ཚང་ སྤུ་ན་ཁ་ལས་ ཐིམ་ཕུ་ལུ་ གསོལ་ཐབ་ཕེབས་ནི།

རང་ཟླ་ ༤ པའི་ཚེས་ ༡ སྤྱི་ཟླ་ ༥ པའི་ཚེས་ ༩ ལུ་ སྤུངས་ཐིམ་དགེ་འདུན་གྲྭ་ཚང་དམངས་ ནང་རྟེན་བྱིན་ཅན་ཚུ་དང་བཅསཔ་སྦེ་ གནམ་བྱཱར་གྱི་བཞུགས་གནས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ གསོལ་ཐབ་ཕེབས་ནི་ཨིན་པས།དེ་ཡང་ རང་ཟླ་ ༣ པའི་ཚེས་ ༣༠ ལུ་ རྡོ་རྗེ་སློབ་དཔོན་མཆོག་གིས་ དབུ་གཙོས་པའི་ སློབ་དཔོན་ལྷན་རྒྱས་ཚུ་དང་ འཕགས་པའི་དགེ་འདུནམ་ཚུ་ གནམ་དགུན་གྱི་བཞུགས་གནས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ལས་ ཐིམ་ཕུ་ལུ་ འབྱོན་ནི་ཨིན་པས།དེ་བཟུམ་མའི་ གསོལ་ཐབ་ཕེབས་ནི་གི་ སྲོལ་འཁྱུན་བཟང་པོ་དེ་ཡང་ ཧེ་མར་ དུས་རབས་ ༡༧ པའི་ནང་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ སྲོལ་གཏོད་གནང་ཡོདཔ་ཨིན་པས།སྤུངས་ཐིམ་དགེ་འདུན་གྲྭ་ཚང་དེ་ རང་ཟླ་ ༤ པའི་ཚེས་ ༡ ལས་ རང་ཟླ་ ༩ པའི་ཚེས་ ༣༠ ཚུན་ ཟླ་ངོ་ ༦ གི་རིང་ལུ་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ བཞུགས་ནི་དང་ རང་ཟླ་ ༩ པའི་ཚེས་ ༣༠ […]

National News

སློབ་གྲྭ་ཚུ་གེ་ར་ རེས་གཟའ་ཉི་མར་ ངལ་གསོའི་གསལ་བསྒྲགས།

སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་ དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་དྲན་ བརྩི་སྲུང་དང་འབྲེལ་ཏེ་ ལོ་བསྟར་བཞིན་དུ་ རྒྱལ་ཁབ་ནང་ སློབ་དཔོན་གྱི་ཉིནམ་སྦེ་ཡང་ བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན་པས།དེ་ཡང་ དུས་ཅི་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་གི་ འགོ་འདྲེན་ཐོག་ལུ་ ཅང་གླིང་མའི་ཐང་ནང་སྦེ་ རྒྱལ་ཡོངས་སློབ་དཔོན་གྱི་ཉིནམ་ བརྩི་སྲུང་ཞུ་བའི་ དམིགས་བསལ་གྱི་ དུས་སྟོན་དེ་ཁར་ མི་རྗེ་བློན་ཆེན་མཆོག་གིས་གཙོས་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ ཆེ་མཐོའི་སྐུ་མགྲོན་ཚུ་ དེ་ལས་ ཐིམ་ཕུ་ནང་འཁོད་ཀྱི་ སློབ་གྲྭ་ཁག་ལས་ སློབ་དཔོན་དང་ སློབ་ཕྲུག་སྟོང་ཕྲག་ ༡༠ དེ་ཅིག་ སྤུངས་འཛོམས་འབད་ནུག།དེ་བསྒང་ མི་རྗེ་བློན་ཆེན་གྱིས་ རྒྱལ་ཁབ་ནང་ སློབ་དཔོན་ཚུ་གིས་ གལ་གནད་ཆེ་བའི་ འགན་ཁུར་དང་ ཤེས་རིག་གི་ ལམ་ལུགས་ཡར་དྲག་གཏང་དགོ་པའི་སྐོར་ལས་ གསུང་བཤད་གནང་པའི་ ནང་གསེས་ལས་ སྤྲོ་འཕེལ་ཅན་གྱི་ གནད་དོན་དེ་ཡང་ ད་ལས་ཕར་ སློབ་གྲྭ་ཚུ་ རེས་གཟའ་ཉི་མར་ ངལ་གསོ་སྦེ་ བཞག་ནི་ཨིན་པའི་ གསལ་བསྒྲགས་གནང་མི་དེ་ཨིན་པས།མི་རྗེ་བློན་ཆེན་གྱིས་ གནད་དོན་དེ་གི་སྐོར་ལས་ གྲོས་བསྡུར་མཐིལ་ཕྱིན་འབད་བའི་སྐབས་ ཁེ་གྱོང་འབག་མི་ཚུ་གིས་ ཤེས་རིག་གི་གནས་ཚད་ […]

National News

ལྡོག་ཕྱོགས་ཚོགས་པའི་ ཁ་ཐུག་ལས་ གཞུང་སྐྱོང་ཚོགས་པ་ལུ་ ཁས་བླངས་དམ་བཅའ་ཚུ་དང་འཁྲིལ་ཏེ་ མཛད་དགོ་པའི་དྲན་བསྐུལ།

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པའི་ཚེས་ ༢༩ ལུ་ གཞུང་གསརཔ་དབུ་བརྙེས་པའི་ཉིན་མར་ གཞུང་གི་ཁ་ཐུག་ལས་ འབྲེལ་ཡོད་ལྷན་ཁག་ཚུ་ལུ་ བཀོད་ཁྱབ་བཀའ་རྒྱ་ ༤ དང་ བཀོད་རྒྱ་ ༡༠ གནང་མི་ལུ་ བཀྲིན་ཆེ་ཟེར་ ལྡོག་ཕྱོགས་ཚོགས་པ་གིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།དེ་ཡང་ གཞུང་གི་བསྐུལ་བསྒྲགས་སྐབས་ཀྱི་ དམ་བཅའ་ཚུ་དང་འཁྲིལ་ཏེ་ ལྷན་རྒྱས་གཞུང་ཚོགས་ལས་ ཕུན་ཚོགས་གླིང་གི་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ཀྱི་ འཐུས་དགོངས་ཡངས་དང་ མི་རྗེ་བློན་ཆེན་མཆོག་གི་ ཁྲི་འཛིན་འོག་ལུ་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ གཞི་བཙུགས་གནང་པའི་ཁར་ ཅང་ཇི་ཇིའི་ སྡོད་ཁྱིམ་ཚུ་ནང་ གཞུང་གཡོགཔ་ཚུ་ དགོངས་ཞུ་མ་རན་ཚུན་ སྡོད་ཆོགཔ་བཟོ་མི་དང་ དངུལ་ཀྲམ་ཐེར་འབུམ་ ༡༥ འབད་མི་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ ལག་ལེན་འཆར་གཞི་ཚུ་བཟུམ་མའི་ ཁས་ལེན་ཚུ་ གྲུབ་མི་ལུ་ ངོས་ལེན་ཡོད་ཟེར་ཨིན་པས།ཨིན་རུང་ ཁས་ལེན་གཞན་ཚུ་གི་ཐེད་ཁར་ ལག་ལེན་ཚུ་ ཡུན་འགྱངས་སྦེ་ ལུས་དོ་ཡོད་པའི་ ཚོར་སྣང་བྱུང་ཡོད་མི་དེ་ཡང་ གཞུང་གསརཔ་དབུ་བརྙེས་ཏེ་ ཉིན་གྲངས་ ༩༠ ལྷག་སོང་རུང་ ཁས་བླངས་ལྷག་ལུས་ ༩ མཐོང་གསལ་ཅན་གྱི་ […]

National News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་ནང་སྦེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ ལྷན་འཛིན་ ༤ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་

སྤྱི་ཟླ་ ༤ པའི་ཚེས་ ༢༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་ནང་སྦེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ ལྷན་འཛིན་ ༤ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ཡི། དེ་ཡང་ མཐའ་འཁོར་དང་ གནམ་གཤིས་འགྱུར་བགྲོད་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བཀྲིས་དཔལམོ་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་སྦེ་ བསྐོ་བཞག་གནང་ཡོདཔ་ད་ དེ་ལས་ བཀྲིས་གཡང་རྩེ་རྫོང་བདག་ བ་བུ་རམ་ཤེར་པ་དང་ སོ་ནམ་ཚོང་ལས་དང་ མཉམ་ལས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀུན་ལེགས་ཚེ་རིང་ གསར་སྤང་རྫོང་བདག་ བློ་བཟང་རྡོ་རྗེ་ འབྲུག་སེ་ལིཛ་སྒེར་སྡེ་ཚད་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འོགམ་ མཁས་དབང་ཚེ་རིང་སྲི་རྒྱལ་རྡོ་རྗེ་ཚུ་ ལྷན་འཛིན་སྦེ་ བསྐོ་བཞག་གནང་ནུག། ལོ་ངོ་ ༥ གི་རིང་ལུ་ དྲགོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ ཁྲི་འཛིན་ཐོག་ལས་ ཕྱག་ཞུ་མི་ ལྷན་ཚོགས་ ༣ པའི་ གནས་ཡུན་དེ་ སྤྱི་ཟླ་ ༤ པའི་ཚེས་ ༡༦ ལུ་ ཚང་ཡོདཔ་ཨིན་པས། རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ ལྷན་འཛིན་ཚུ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ […]

National News

ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་ཁར་ ཏག་ཏི་ཟམ་སྒོ་འབྱེད།

སྤྱི་ཟླ་ ༤ པའི་ཚེས་ ༢༤ ལུ་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་ཁར་ རིང་ཚད་མི་ཊར་ ༡༠༠ འབད་མི་ ཏག་ཏི་ཟམ་དེ་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་བློན་པོ་ ཅཱན་ད་ར་བྷ་དུར་ གུ་རུང་དང་ འབྲུག་ལུ་ རྒྱ་གར་གཞུང་སྐུ་ཚབ་ སུ་ད་ཀར་ ད་ལེ་ལ་ ༢ ཀྱིས་ སྒོ་འབྱེད་མཛད་ནུག།དེ་ཡང་ དཱན་ཏག་ལས་འགུལ་གྱིས་ བཟོ་བསྐྲུན་འབད་མི་ ཟམ་གསརཔ་དེ་ལུ་ དངུལ་ཀྲམ་ས་ཡ་ ༢༠༠ དེ་ཅིག་ ཟད་འགྲོ་གནས་ཡོདཔ་ད་ ཟམ་དེ་གི་ཐེག་ཚད་ མེ་ཊིག་ཊཱོན་ ༧༠ ཨིན་པས།ཏག་ཏི་ས་གནས་དེ་ཁར་ ལོ་བསྟར་བཞིན་དུ་ ཆུ་རུད་དང་ ས་རུད་ཐོན་པའི་ཁར་ ཟམ་འོག་གི་ཆུ་དེ་ཡང་ གནམ་བྱཱར་གྱི་ དུས་ཚོད་ཁར་ ཟམ་གུ་ལས་ ཞལ་འགྱོ་བའི་ དཀའ་ངལ་ཡོད་མི་དེ་ ཟམ་གསརཔ་དེ་གིས་ བསལ་ཚུགས་ནི་དང་ ཟམ་དེ་གི་ བཟོ་བསྐྲུན་གྱི་ལཱ་ཚུ་ཡང་ སྤུས་ཚད་དང་ལྡན་ཏོག་ཏོ་སྦེ་ བཟོ་རིག་གི་ གནས་ཚད་ཚུ་གུ་ ཆ་འཇོག་གི་སྒོ་ལས་ བཟོ་བསྐྲུན་འབད་ནུག།གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་གིས་ ཟམ་དེ་ གཞི་རྟེན་མཁོ་ཆས་ གོང་འཕེལ་ནང་ […]

National News

གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ བླམ་གནས་བརྟན་དང་ དབུ་འཛིན་འོགམ་ སྲུང་འཁོརཔ་ཚུ་ལུ་ བཀྲ་ཤིས་ལེགས་དར།

ཤིང་འབྲུག་ཟླཝ་ ༣ པའི་ཚེས་ ༡༤ སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ བླམ་གནས་བརྟན་དང་ དབུ་འཛིན་འོགམ་ དེ་ལས་ སྲུང་འཁོརཔ་ ༢ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར་གནང་ནུག། བཀྲིས་གཡང་རྩེའི་ བླམ་གནས་བརྟན། དབང་འདུས་རྫོང་ཁག་ ཉི་ཤོག་རྒེད་འོག་ གཡུས་དགེ་ལེགས་ཁ་ལས་ བླམ་ཚེ་རིང་རྡོ་རྗེ་དེ་ བཀྲིས་གཡང་རྩེ་རབ་སྡེའི་ བླམ་གནས་བརྟན་སྦེ་ བསྐོ་བཞག་ནང་ཡོདཔ་ཨིན་པས། བླམ་ཚེ་རིང་རྡོ་རྗེ་གིས་ དགུང་ལོ་ ༡༢ ལས་ སྤུངས་ཐིམ་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ གར་ཐིག་དབྱངས་གསུམ་ལུ་ སྦྱངས་པ་མཐར་ཕྱིན་མཛད་པའི་ཤུལ་ལས་ མདོ་སྡེ་བྲག་བཤད་གྲྭ་དང་ རྟ་མགོ་ནང་པའི་གཙུག་ལག་སློབ་གྲྭ་ལས་ ཐོས་བསམ་གྱི་རིམ་པ་ཚུ་ མཐར་ཕྱིན་མཛད་ནུག། དེ་ལས་ སྐྱབས་རྗེ་ཞིང་གཤེགས་དམ་པ་ རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་དང་ སྐྱབས་རྗེ་རིན་པོ་ཆེ་ རྡོར་སློབ་ངག་དབང་བསོད་ནམས་རྒྱ་མཚོ་ཚུ་ལས་ དབང་ལུང་ཁྲིད་གསུམ་གྱི་ གདམས་ངག་ཡོངས་རྫོགས་ཞུ་སྟེ་ དཔལ་གྱི་རི་སྒྲུབ་སྡེའི་ནང་ ལོ་གསུམ་ཕྱོགས་གསུམ་ གནང་ཡོདཔ་ཨིན་པས། དེ་གི་ཤུལ་ལས་ སྤ་རོ་གདོང་དཀར་ལའི་བླམ་དང་ གཞུང་གྲྭ་ཚང་གི་ ཆོས་རྒྱུགས་དྲུང་ཆེན་འོག་མ་ སྤུངས་ཐིམ་གྲྭ་ཚང་ནང་ […]

Online now: 30 Today: 2763 Total visitors: 12793