ArchiveAboutContact

Category: National News

National News

འཆི་མེད་ལྷ་ཁང་མཇལ་འཐུས་ དངུལ་ཀྲམ་ས་ཡ་ ༢༡.༢༤ ལོག་སྤྱོད་ལུ་ཞིབ་དཔྱད།

འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ འཆི་མེད་ལྷ་ཁང་ མཇལ་བར་འོང་མི་ བལྟ་བཤལཔ་ཚུ་གི་ མཇལ་འཐུས་ཚུ་ ལོག་སྤྱོད་འབད་མི་ བདེ་སྲུངཔ་ཕོ་སྐྱེས་ ༢ དང་ ཨམ་སྲུ་ ༢ ལུ་ ཞིབ་དཔྱད་འབད་མི་དེ་ མཇུག་བསྡུ་ནུག།དེ་ཡང་ འཆི་མེད་ལྷ་ཁང་ མཇལ་འཐུས་ཚུ་གི་དོན་ལུ་ དངུལ་ཁང་ནང་ རྩིས་ཁྲ་མེདཔ་ལས་ བདེ་སྲུངཔ་ཚུ་གིས་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ འབྲུག་གི་དངུལ་ཁང་ནང་ རང་སོའི་དངུལ་ཕོགས་ གསོག་འཇོག་གི་དོན་ལས་ རྩིས་ཁྲ་རེ་ ཕྱེ་ཡོད་མི་ཚུ་ནང་ ལྷ་ཁང་གི་མཇལ་འཐུས་ཚུ་ཡང་ བཙུགས་ཡོདཔ་ཨིན་པས།རྒྱལ་གཞུང་འགག་སྡེ་གིས་ ཞིབ་དཔྱད་སྐབས་ལུ་ ཁོང་གི་རྩིས་ཁྲ་ཚུ་ནང་ དངུལ་ཀྲམ་ ༡༧,༦༩༨ ཡོདཔ་སྦེ་ གསལ་སྟོན་འབད་ཡོད་རུང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༩ པའི་ཚེས་ ༩ ཚུན་གྱི་བར་ན་ བདེ་སྲུངཔ་ཚུ་གི་ […]

National News

རྒྱལ་ཁབ་ཀྱི་ སློབ་གྲྭ་ཁག་གི་ནང་ གློག་རིག་ཡོངས་འབྲེལ་མཐུད་འབྲེལ།

ཚེ་རིང་རྡོ་རྗེ། རྒྱལ་ཁབ་ནང་གི་ སློབ་གྲྭ་ ༦༧ གྱི་ ས་ཁོངས་དང་ སློབ་ཁང་ཚུ་ནང་ གློག་རིག་ཡོངས་འབྲེལ་ (ཨིན་ཊར་ནེཊ་) མཐུད་འབྲེལ་འབད་ཡོདཔ་མ་ཚད་ སློབ་གྲྭ་ ༥༦༧ གྱི་ གློག་རིག་ཁང་ཚུ་གི་ནང་ཡང་ གློག་རིག་ཡོངས་འབྲེལ་ མཐུད་འབྲེལ་འབད་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༢༥ ལུ་ བློན་པོ་ལྷན་རྒྱས་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ འཚོགས་པའི་སྐབས་ལུ་ ཤེས་རིག་དང་ རིག་རྩལ་གོང་འཕེལ་བློན་པོ་ ཡིད་བཟང་ཌི་ཐ་པ་གིས་ གསལ་བཤད་གནང་ཡི།བློན་པོ་ཐ་པ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ད་རེས་ སློབ་ཕྲུག་ ༡༠ རེ་ལུ་ གློག་རིག་ (ཀམ་པུས་ཊར་) རེ་ལས་མེད་རུང་ ལོ་ལྔའི་འཆར་གཞི་ ༡༣ པའི་ ནང་འཁོད་ལུ་ སློབ་ཕྲུག་ ༥ རེ་ལུ་ གློག་རིག་རེ་ བཀྲམ་སྤེལ་འབད་ནི་ཨིན་པའི་གུ་ སློབ་གྲྭ་ག་རའི་ནང་ གློག་རིག་ཡོངས་འབྲེལ་ མཐུད་འབྲེལ་འབད་ནི་གི་ འཆར་གཞི་ཡང་ཡོད་ཟེར་ཨིན་པས།དེ་བཟུམ་སྦེ་ བརྡ་དོན་དང་ བརྒྱུད་འབྲེལ་འཕྲུལ་རིག་ཚུ་ བཟོ་བཀོད་རིག་པ་དང་ འཕྲུལ་ཆས་ལྷབ་ཐབས་ དེ་ལས་ […]

National News

འབྲུག་མི་ཚུ་ རྒྱ་གར་རྒྱལ་ཁབ་ནང་ འགྲུལ་སྐྱོད་འབདཝ་ད་ ངོ་སྤྲོད་ལག་ཁྱེར་དང་ ལམ་ཡིག་ཚུ་ ལག་ལེན་འཐབ་མི་དགོ་ནི།

ཚེ་རིང་ནོར་བུ། འབྲུག་པའི་མི་སེར་ཚུ་ རྒྱ་གར་རྒྱལ་ཁབ་ནང་ འགྲུལ་སྐྱོད་འབད་བའི་སྐབས་ལུ་ རྒྱ་གར་གྱི་ འགྲུལ་འཕྲིན་སིམ་ཀཱཌ་དེ་ར་ཡོད་པ་ཅིན་ ངོ་སྤྲོད་ལག་ཁྱེར་དང་ ལམ་ཡིག་ཚུ་ ལག་ལེན་འཐབ་མི་དགོ་ནི་ཨིན་པས།དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༢༥ ལུ་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌི་ཨེན་དུང་གེལ་གྱིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ གནས་ཚུལ་ཞལ་འཛོམས་ ཐེངས་ ༩ པ་ འཚོགས་པའི་སྐབས་ལུ་གསུངས་ཡི།དེ་བཟུམ་མའི་ ངོ་སྤྲོད་ལག་ཁྱེར་དང་ ལམ་ཡིག་ཚུ་ཡང་ རྒྱ་གར་གྱི་ འགྲུལ་འཕྲིན་ཞབས་ཏོག་གི་ ལམ་ལུགས་ཚུ་ ཡར་སེང་འབད་བའི་ཤུལ་ལུ་ ལག་ལེན་འཐབ་ནི་གི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

National News

པེ་ཊཱོལ་ཕྱིར་ཚོང་འཐབ་མི་ རྒྱལ་ཁབ་ཚོགས་པའི་ མ་དངུལ་གྱིས་ འབྲུག་གི་ཆུར་བརྟེན་གློག་མེའི་དོན་ལུ་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༥༠ སྐྱིན་འགྲུལ་བྱིན་ནི།

སྤྱི་ཟླ་ ༡༠ པའི་ཚེས་ ༢༣ ལུ་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ པེ་ཊཱོལ་ཕྱིར་ཚོང་འཐབ་མི་ རྒྱལ་ཁབ་ཚོགས་པའི་ མ་དངུལ་གྱིས་ འབྲུག་རྒྱལ་ཁབ་དང་གཅིག་ཁར་ འགོ་དང་པ་ འབྲུག་ལུ་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༥༠ སྐྱིན་འགྲུལ་བྱིན་ནི་གི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ སྐྱིན་འགྲུལ་དེ་ཡང་ འབྲུག་གིས་ ཆུར་བརྟེན་གློག་མེ་འཕྲུལ་ཁང་ཆུང་ཀུ་ ༢ བཟོ་བསྐྲུན་ཐོག་ལས་ ནུས་ཤུགས་ཉེན་སྲུང་ བཙན་ཐབས་ལུ་ཨིན་པས།པེ་ཊཱོལ་ཕྱིར་ཚོང་འཐབ་མི་ རྒྱལ་ཁབ་ཚོགས་པའི་ མ་དངུལ་གྱི་གཙོ་འཛིན་ ཨབ་དཱུལ་ཧ་མིད་ ཨཱལ་ཁ་ལི་ཕ་གིས་ ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ལུ་ ཁོང་གི་ཁ་ཐུག་ལས་ འབྲུག་ལུ་ སྐྱིན་འགྲུལ་འགོ་དང་པ་ བྱིན་མི་དེ་གིས་ ཁོང་གི་མ་དངུལ་གྱི་ཁ་ཐུག་ལས་ འབྲུག་གི་གོང་འཕེལ་གྱི་ གཙོ་རིམ་ཚུ་ནང་ རྒྱབ་སྐྱོར་འབད་ནི་གི་ ཁས་ལེན་དང་ མཉམ་འབྲེལ་གྱི་ བརྡ་མཚོན་སྟོནམ་ཨིན་ཟེར་བཤད་ནུག།ཆིངས་ཡིག་དེ་ཡང་ ཝ་ཤིང་ཊཱོན་ཌི་སི་ལུ་ འཛམ་གླིང་དངུལ་ཁང་དང་ རྒྱལ་སྤྱི་དངུལ་འབྲེལ་མ་དངུལ་གྱི་ ཞལ་འཛོམས་སྐབས་ལུ་ བཟོ་ཡོདཔ་ད་ སྐྱིན་འགྲུལ་དེ་ སྒམ་རི་ཆུ་དང་ བོད་སྒར་ནང་གི་ གློག་མེའི་འཕྲུལ་ཁང་གི་དོན་ལུ་ཨིནམ་ལས་ དེ་བཟུམ་མའི་ སླར་བྱུང་ནུས་ཤུགས་གསརཔ་ལུ་བརྟེན་ཏེ་ རྒྱལ་ཡོངས་གློག་མེའི་ཁྱབ་ཚད་ […]

National News

འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ གནམ་གྲུ་ཧེ་ལི་ཀོབ་ཊར་གསརཔ་ ཨེཆ་༡༣༠ཊི་༢ ཟེར་མི་མཁོ་སྒྲུབ།

འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ ཨེ་༥བི་ཨེཆ་ཝི་ཟེར་ ཐོ་བཀོད་གྲུབ་སྟེ་ ད་ལྟོ་ཡོད་མི་ ཧེ་ལི་ཀོབ་ཊར་སྡེ་ཚན་གུ་ དེང་དུས་དང་བསྟུན་པའི་ གནམ་གྲུ་ཧེ་ལི་ཀོབ་ཊར་གསརཔ་ ཨེཆ་༡༣༠ཊི་༢ ཟེར་མི་ཅིག་ལྷོད་ནུག།དེ་ཡང་ མདང་ཞག་ སྤྱི་ཟླ་ ༧ པའི་ཚེས་ ༡ ལུ་ ད་རེས་ལྷོད་མི་ ཧེ་ལི་ཀོབ་ཊར་དང་ ཅོག་འཐདཔ་འབད་མི་ཅིག་ ནང་འདྲེན་འབད་ཡོདཔ་ལས་ ད་རེས་ ནངས་པར་ རྒྱལ་ཁབ་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་ ༣ ཡོདཔ་ལས་ ཞབས་ཏོག་མ་འདྲཝ་ཚུ་ བྱིན་ནི་གི་ ལྕོགས་གྲུབ་ཚུ་ ཡར་སེང་སོང་ཡོདཔ་ཨིན་པས།གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ འགོ་འབྱེད་དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༢༣ ལུ་ ལྷ་བསངས་ཁྲུས་གསོལ་གྱི་ཐོག་ལས་ འབྲུག་མཁའ་འགྲུལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ འཛིན་སྐྱོང་སྡེ་ཚན་གྱིས་འབད་ནུག།གནང་གྲུ་ཧེ་ལི་ཀོབ་ཊར་ ཨེཆ་༡༣༠ཊི་༢ཟེར་མི་དེ་ནང་ བྱ་སྟབས་བདེ་བའི་ བསྒྱུར་བཅོས་ཚུ་ཡོད་པའི་གྲས་ལས་ དེད་དཔོན་གྱི་ ལཱ་ཉུང་སུ་བཟོ་ཚུགས་པའི་ ཨང་གནས་འཕྲུལ་ཆས་དང་ དེང་དུས་དང་བསྟུན་པའི་ ཁྱད་ཆོས་ཚུ་ཡོདཔ་མ་ཚད་ ལག་ལེན་གྱི་ འཇོན་ཚད་ཡང་ ལེགས་ཤོམ་ཡོདཔ་ཨིན་པས།གནམ་གྲུ་དེ་ འགྲུལ་པ་སྐྱེལ་འདྲེན་དང་ གློ་བུར་སྨན་བཅོས་ཀྱི་དོན་ལུ་ ནདཔ་སྐྱེལ་འདྲེན་ དེ་ལས་ ས་ཆ་གླིང་སྐོར་དང་ […]

National News

མི་སྡེ་ལྟེ་བ་ ལག་ལེན་པ་ཚུ་གི་དོན་ལུ་ ལྕོགས་གྲུབ་གོང་འཕེལ་ལས་རིམ།

དཔལ་འབྱོར་ལྷན་ཐབས་ འཆར་གཞི་ཡིག་ཚང་གིས་ དངུལ་འབྲེལ་གཙུག་སྡེ་ཚུ་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ མཉམ་འབྲེལ་ཐོག་ལས་ མི་སྡེ་ལྟེ་བ་ ལག་ལེན་པ་ཚུ་གི་དོན་ལུ་ ཉིན་གྲངས་ ༣ གྱི་ ལྕོགས་གྲུབ་གོང་འཕེལ་གྱི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ནུག།དེ་ཡང་ མི་སྡེ་ལྟེ་བ་ ལག་ལེན་པ་ཚུ་གིས་ ས་གནས་ཁག་ལས་ སྐྱིན་འགྲུལ་ཞུ་མི་ཚུ་ལུ་ ཞུ་ཡིག་བཀོད་ཤོག་ཚུ་ བཀང་ནི་ལུ་ ཆ་རོགས་འབད་ནི་གི་དོན་ལུ་ཨིནམ་ད་ མི་སྡེའི་གནས་རིམ་ནང་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་འོག་ལས་ སྐྱིན་འགྲུལ་ཞུ་མི་ཚུ་གིས་ འགོ་ཐོག་བརྡ་དོན་དང་ གྲོགས་རམ་གྱི་དོན་ལུ་ མི་སྡེ་ལྟེ་བ་ ལག་ལེན་པ་ཚུ་དང་ འབྲེལ་བ་འཐབ་དགོཔ་ཨིན་པས།སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ལས་ ༢༣ ཚུན་ རྒྱལ་འཛིན་བལྟ་བཤལ་དང་ མགྲོན་སྐྱོང་སྤེལ་ཁང་ནང་སྦེ་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་ལས་རིམ་དེ་གིས་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་འོག་ལས་ སྐྱིན་འགྲུལ་ཞུ་ནི་གི་ དང་འདོད་ཡོད་མི་ཚུ་ལུ་ ཁེ་ཕན་འབྱུང་ནི་ཨིན་པའི་གནས་ཚུལ།

National News

མི་རྗེ་བློན་ཆེན་གྱིས་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་དང་མཇལ་ཕྲད།

སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེཛ་ ཇ་ཡེ་ཤང་ཀར་དང་གཅིག་ཁར་ མཇལ་ཕྲད་མཛད་དེ་ ཟུང་ཕྱོགས་མཉམ་འབྲེལ་གྱི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡོདཔ་མ་ཚད་ ལུང་ཕྱོགས་མཉམ་འབྲེལ་གྱི་དོན་ལུ་ ས་གོ་ཚུ་ཡང་ གསར་འཚོལ་མཛད་ཡོདཔ་ད་ དེ་ཡང་ བརྗེ་སོར་འབད་མི་ གཙོ་རིམ་ཚུ་དང་ མ་འོངས་གོང་འཕེལ་གྱི་ དམིགས་གཏད་བསྐྱེད་དེ་ཨིན་པའི་ གནས་ཚུལ་མདོར་བསྡུས།

National News

མི་རྗེ་བློན་ཆེན་དང་ རྒྱ་གར་གྱི་ བློན་ཆེན་ ༢ ཀྱི་བར་ན་མཇལ་ཕྲད།

སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ ནིའུ་དིལླི་ལུ་སྦེ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་དང་གཅིག་ཁར་ མཇལ་ཕྲད་མཛད་ཡོདཔ་ད་ དེ་བསྒང་ མི་རྗེ་བློན་ཆེན་གྱིས་ རྒྱ་གར་གཞུང་དང་ མི་སེར་ལུ་ ལེགས་སྨོན་དང་ མཐུན་ལམ་ཡུན་རིངམོ་སྦེ་ གནས་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ གསུངས་ཡོདཔ་མ་ཚད་ ཕན་ཚུན་གུས་ཞབས་དང་ མཉམ་འབྲེལ་གྱི་ དམིགས་བསལ་མཐུན་ལམ་དེ་ ལྷག་པར་དུ་ རྩ་བརྟན་བཟོ་ཐབས་ལུ་ འབྲུག་གི་ཧོངས་ལས་ ཁས་བླངས་ནན་བསྐྱར་འབད་ཡོད་ལུགས་ཡང་ གསུངས་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

གྲོང་གཡུས་སྨན་གཡོགཔ་ཚུ་གི་དོན་ལུ་ རྒྱབ་སྐྱོར་གྱི་ཐབས་ལམ།

རྒྱལ་ཁབ་ཀྱི་ མཐའ་ཟུར་གཡུས་ཚན་ཚུ་ནང་ གྲོང་གཡུས་སྨན་གཡོགཔ་ཚུ་གིས་ སྨན་དེ་ཚུ་ དུས་ཚོད་ཁར་ སྐྱེལ་ནི་ལུ་ དཀའ་ངལ་སྦོམ་སྦེ་ར་ཐོནམ་ལས་ གསོ་བའི་ལྷན་ཁག་གིས་ ཁོང་གི་དོན་ལུ་ རྒྱབ་སྐྱོར་གྱི་ ཐབས་ལམ་ཚུ་ གཏོནམ་ཨིན་པས།དེ་ཡང་ དེ་བཟུམ་མའི་ ཚ་གྱང་ཅན་གྱི་ གནས་སྟངས་ལུ་ ངོས་ལེན་ཐོག་ལས་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ གསོ་བའངི་ལྷན་ཁག་ལས་ མཐའ་ཟུར་གཡུས་ཚན་གྱི་ སྨན་གཡོགཔ་ཚུ་གི་ ལཱ་གི་གནས་སྟངས་ཚུ་ ལེགས་སྒྱུར་དང་ སེམས་ཤུགས་ཀྱི་དོན་ལུ་ ཐབས་ལམ་གསརཔ་ དག་པ་ཅིག་ར་ འགོ་བཙུགས་ནི་ཨིན་ཟེར་གསུངས་ཡི།དེ་བཟུམ་སྦེ་ གཞུང་གི་ཁ་ཐུག་ལས་ སྨན་གཡོགཔ་གསརཔ་ཚུ་ལུ་ གདོང་ལན་བྱུང་མི་ཚུ་ ངོས་ལེན་འབད་བའི་གུ་ དམིགས་བསལ་གྱིས་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ སྨན་གཡོག་གི་ ལཱ་འབད་མི་ཚུ་གི་ དཀའ་ངལ་ཚུ་ ཡོངས་རྫོགས་སྦེ་ར་ མཁྱེན་གསལ་ཆེ་ཟེར་ཨིན་པས།དེ་གི་ནང་ལས་ཡང་ དྲང་བདེན་ཐོག་གི་ སྐྱོང་བཞག་དང་ དཀའ་ངལ་ཚུ་ དུས་ཚོད་ཁར་ བསལ་ནི་དང་ ལཱ་ཚུ་འདྲ་མཉམ་བཟོ་སྟེ་ འགྲུལ་འཐུས་སྤྲོད་དང་ ཉིན་བསྟར་འཚོ་འཐུས་ཚུ་ སྤྲོད་དགོཔ་ཚུ་ཡང་ གལ་ཆེ་ཟེར་གསུངས་ནུག།གྲོང་གཡུས་ཚུ་གི་ནང་ སྨན་གཡོགཔ་ཚུ་གིས་ མི་མང་དང་ གཞུང་གི་ངལ་གསོའི་སྐབས་ལུ་ཡང་ ལཱ་འབད་དོ་ཡོདཔ་ལས་ འུ་སྡུག་ཐང་ཆད་ནི་གི་ གཞི་ཅིག་ཨིན་པའི་སྐོར་ལས་ཡང་ […]

National News

ཤྲཱི་ལངྐ་ལུ་ འབྲུག་པའི་གསོ་རིག་སློབ་ཕྲུག་ཅིག་གིས་ གཟེངས་ཐོན་གནས་རིམ།

ཤྲཱི་ལངྐ་ལུ་ ཇ་ན་རཱལ་ སཱར་ཇཱོན་ཀོ་ཊེ་ལ་ཝ་ལ་ སྲུང་སྐྱོབ་གཙུག་ལག་སློབ་སྡེའི་ནང་ སློབ་སྦྱོང་མཐར་འཁྱོལ་གྱི་ རྟེན་འབྲེལ་བརྩི་སྲུང་སྐབས་ལུ་ གསོ་རིག་མཐོ་རིམ་སློབ་ཕྲུག་ ཌོག་ཊར་བདེ་ཆེན་དབང་མོ་གིས་ གསེར་གྱི་རྟགས་མ་ ༩ ཐོབ་ནུག།དེ་ཡང་ སྐྱེ་ལྡན་རྫས་སྦྱོར་དང་ གཟུགས་ཁམས་རིག་པ་ གཟུགས་ཀྱི་རིག་པ་ སྨན་རྫས་རིག་པ་ ཨ་ལོའི་སྨན་བཅོས་རིག་པ་ སེམས་ཁམས་རིག་པ་ དེ་ལས་ གསོ་རིག་མཐོ་རིམ་ཆོས་རྒྱུགས་ ༢ པ་དང་ མཐའ་དཔྱད་ཆོས་རྒྱུགས་ནང་ གྲུབ་འབྲས་དྲག་ཤོས་ ཐོན་པའི་ཁར་ གསོ་རིག་མཐོ་རིམ་ལས་རིམ་ནང་ཡང་ གྲུབ་འབྲས་དྲག་ཤོས་ ཐོན་ཡོདཔ་ཨིན་པས།དེ་སྦེ་ གཙུག་ལག་སློབ་སྡེའི་ ཁ་ཐུག་ལས་ ཤེས་ཡོན་གཟེངས་ཐོན་གྱི་ རྟགས་མ་བྱིན་མི་དེ་ཚུ་ རྟགས་མཐོ་ཤོས་ཨིནམ་ད་ ཌོག་ཊར་བདེ་ཆེན་དབང་མོ་དེ་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ ༡,༧༣༢ ཀྱི་ནང་ལས་ ངོས་འཛིན་གྲུབ་ཡོད་པའི་གནས་ཚུལ།

Online now: 1 Today: 736 Total visitors: 14099