ArchiveAboutContact

Category: National News

National News

འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ རྒྱ་གར་ཨ་ད་ནི་ གློག་མེ་ལས་སྡེའི་བར་ན་ གོ་བརྡའི་ཆིངས་ཡིག།

སྤྱི་ཟླ་ ༥ པའི་ཚེས་ ༨ ལུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ རྒྱ་གར་ཨ་ད་ནི་ གློག་མེ་ལས་སྡེ་ མཉམ་འབྲེལ་ཐོག་ལས་ ཝང་ཆུ་གློག་མེ་ལས་འགུལ་ གོང་འཕེལ་གཏང་ནིའི་དོན་ལས་ གོ་བརྡའི་ཆིངས་ཡིག་ཅིག་ལུ་ མཚན་རྟགས་བཀོད་ནུག།ཆིངས་ཡིག་དེ་ཡང་ མི་རྗེ་བློན་ཆེན་མཆོག་ དབུ་བཞུགས་ཐོག་ལུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་དང་ རྒྱ་གར་ཨ་ད་ནི་ གློག་མེ་ལས་སྡེའི་ ལག་ལེན་གཙོ་འཛིན་ ན་རེཤ་ཊིལ་གུ་ ༢ ཀྱིས་ བཀོད་ཡོདཔ་ཨིན་པས།གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ལུ་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་དང་ རྒྱ་འབྲུག་གློག་མེ་ལས་སྡེ་ ༢ ཀྱི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་མཛད་ནུག།དེ་བསྒང་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱལ་ཁབ་གོང་འཕེལ་གྱི་དོན་ལས་ རང་བཞིན་ནུས་ཤུགས་དེ་ ག་ནི་བ་ གལ་ཆེ་ཤོས་ཅིག་ཨིན་པའི་ཁར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འཆར་སྣང་འགྲུབ་ནི་ལུ་ཡང་ ཕན་ཐོགས་དང་ གལ་ཆེ་བའི་སྐོར་ལས་ གསུངས་ཡོདཔ་ཨིན་པས།འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ ཆིངས་ཡིག་དེ་ལུ་བརྟེན་ཏེ་ སྤྱི་ལོ་ ༢༠༤༠ ལུ་ འབྲུག་གིས་ གློག་ཤུགས་མེ་ག་ཝཱཊ་ ༢༠,༠༠༠ […]

National News

གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ རིགས་གཅིག་མཁས་པའི་མཆོག་འཛིན་ སློབ་དཔོན་ ༧ ལུ་ ཤེས་ཚད་ལག་ཁྱེར།

གནམ་ལོ་ཤིང་སྦྲུལ་ཟླཝ་ ༣ པའི་ཚེས་ ༡༠ སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་རིན་པོ་ཆེ་མཆོག་གི་ སྐུ་མཆོད་དང་འབྲེལ་ཏེ་ རིགས་གཅིག་མཁས་པའི་མཆོག་འཛིན་ ཐེངས་ ༢ པ་ཚང་མི་ སློབ་དཔོན་ཚུ་ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ ལག་ཁྱེར་གནང་ནུག། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་མཛད་གནང་མི་ མཛད་སྒོའི་རྟེན་འབྲེལ་དེ་ཁར་ གཞུང་གྲྭ་ཚང་གི་ སློབ་ལྷན་རྒྱས་ཚུ་དང་ བཤད་གྲྭ་ཁག་གི་ མཁན་པོ་ཚུ་གིས་ཡང་ གྲལ་བཞུགས་མཛད་ཡོདཔ་ཨིན་པས། རིགས་གཅིག་མཁས་དབང་ སློབ་དཔོན་ ༧ གྱིས་ ལོ་ངོ་ ༣ གྱི་རིང་ལུ་ ནང་པའི་རིག་གཞུང་མང་རབས་ཅིག་གུ་ ཞིབ་འཚོལ་དང་ དཔྱད་ཞིབ་ཕུལ་ཏུ་ཕྱིན་པ་ གནང་ཚར་བའི་ཤུལ་ལུ་ རིགས་གཅིག་མཁས་པའི་ མཆོག་འཛིན་པ་ཟེར་བའི་ མཚན་གནས་ཐོབ་ནུག། གཞུང་གྲྭ་ཚང་ གཙུག་ལག་ཡིག་ཚང་གིས་ འགོ་འདྲེན་ཐོག་ལུ་ གཙུག་ལག་མཐོ་རིམ་ཤེས་ཡོན་ མཇུག་བསྡུ་བའི་ཤུལ་ལས་ མཐོ་རིམ་ཤེས་ཚད་ལག་ཁྱེར་མཆོག་གྱུར་དང་ ཉུང་ཤོས་ལོ་ངོ་ ༣ གྱི་རིང་ལུ་ བཤད་གྲྭ་ཁག་ལས་ཕར་ དཔེ་ཆ་སྟོན་གནང་ཡོད་པའི་ ཉམས་མྱོང་ཡོད་མི་ཚུ་ […]

National News

ཡུན་བརྟན་མཐུན་ལམ་གྱི་ དུས་སྟོན་བརྩི་སྲུང་དང་འབྲེལ་ཏེ་ རྐང་འཁོར་རྒྱུགས་འགྲན་ ཐེངས་ ༡༡ པ་ འགོ་འདྲེན་འཐབ་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༥ པའི་ཚེས་ ༤ ལུ་ རྒྱ་གར་དཱན་ཏག་ལས་འགུལ་གྱིས་ འབྲུག་ཨོ་ལིམ་པིག་ཚོགས་པ་དང་ མཉམ་འབྲེལ་ཐོག་ལས་ སྤྱི་ལོ་ ༢༠༢༥ ལོའི་ ཡུན་བརྟན་མཐུན་ལམ་གྱི་ དུས་སྟོན་བརྩི་སྲུང་དང་འབྲེལ་ཏེ་ རྐང་འཁོར་རྒྱུགས་འགྲན་ ཐེངས་ ༡༡ པ་དེ་ ཐིམ་ཕུ་ཅང་གླིང་མའི་ནང་ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་ནུག།དེ་ཡང་ རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་བར་ན་ མཛའ་གྲོགས་ཀྱི་ འདུ་ཤེས་དང་ མཐུན་ལམ་དམ་ཟབ་ཡོད་པའི་ བརྡ་མཚོན་ཅན་གྱི་ དུས་སྟོན་ཅིག་སྦེ་ བརྩི་སྲུང་འབད་ཡོདཔ་ཨིན་པས།ཐིམ་ཕུ་ལས་ སྤ་རོ་དང་ སྤ་རོ་ལས་ ཐིམ་ཕུ་ལུ་ བསྐྱར་ལོག་འབད་མི་ རྐང་འཁོར་རྒྱུགས་འགྲན་དེ་ དེ་ཚེ་དྲོ་པར་ ཆུ་ཚོད་ ༧ ལུ་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ དར་གཡུག་ཐོག་ལས་ འགོ་བཙུགས་གནང་ནུག།རྐང་འཁོར་རྒྱུགས་འགྲན་དེ་ནང་ མི་གྲངས་ ༡༨༣ གྱིས་ གྲལ་གཏོགས་འབད་མིའི་གྲས་ཁར་ རྒྱ་གར་ལས་ ཆེད་དུ་དམིགས་ཏེ་ མི་གྲངས་ ༡༤ འོང་ཡོདཔ་ཨིན་པས།རྒྱུགས་འགྲན་དེ་ དབྱེ་ཁག་ ༢ སྦེ་ […]

National News

འབྲུག་གིས་ འཛམ་གླིང་རྒྱལ་ཡོངས་ འགྲེམ་སྟོན་གྱི་ཉིནམ་བརྩི་སྲུང་།

པདྨ་དབང་འདུས། སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ རྒྱ་པཱན་གྱི་མངའ་སྡེ་ ཨོ་ས་ཀ་ལུ་སྦེ་ འབྲུག་གིས་ འཛམ་གླིང་རྒྱལ་ཡོངས་འགྲེམ་སྟོན་གྱི་ཉིནམ་ བརྩི་སྲུང་འབད་ཡོདཔ་ད་ དུས་སྟོན་དེ་ནང་ འབྲུག་གི་བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་དང་ རྒྱ་པཱན་གྱི་ དཔལ་འབྱོར་ཚོང་འབྲེལ་དང་ བཟོ་གྲྭ་ལྷན་ཁག་གི་ རྒྱལ་ཁམས་བློན་པོ་ ཨ་ཀི་ཡོ་ཤི་ཀ་ཏོ་ ༢ ཀྱིས་ གཞུང་འབྲེལ་འཐུས་མི་ཚུ་དང་ འབྲུག་གི་མཛའ་བཤེས་ཚུ་ དེ་ལས་ རྒྱ་པཱན་ལུ་ཡོད་མི་ འབྲུག་མི་ཚུ་དང་གཅིག་ཁར་ གྲལ་གཏོགས་འབད་ནུག། .འགྲེམ་སྟོན་གྱི་ཉིནམ་ཚུ་ འགྲེམ་སྟོན་ནང་ ལུགས་མཐུན་ངོ་ཚབ་འབད་མི་ གཞུང་དོན་གྲལ་གཏོགས་པ་ཚུ་ལུ་ བརྩི་མཐོང་ངོས་འཛིན་གྱི་ དུས་སྟོན་ཅིག་ཨིནམ་ད་ དེ་ཡང་ རྒྱལ་སྤྱིའི་གནས་རིམ་ནང་ མཐུན་ལམ་དང་ མཉམ་འབྲེལ་གོང་འཕེལ་དང་འབྲེལ་ཏེ་ གྲལ་གཏོགས་འབད་མི་ རེ་རེ་བཞིན་གྱི་ ལམ་སྲོལ་གྱི་ ཁྱད་ཆོས་ཚུ་ གོ་དོན་གཏིང་གཟབ་ཀྱི་སྒོ་ལས་ བརྩི་མཐོང་གོང་འཕེལ་གྱི་ ཀུན་སློང་ཐོག་ལུ་ བརྩི་སྲུང་འབད་དོ་ཡོདཔ་ཨིན་པས།དེ་བཟུམ་མའི་ དམིགས་བསལ་གྱི་ཉིནམ་ཚུ་ནང་ རྒྱལ་སྤྱིའི་ལམ་སྲོལ་མ་འདྲཝ་ཚུ་གི་ ཉམས་མྱོང་གི་དོན་ལུ་ རྒྱ་པཱན་དང་ འཛམ་གླིང་མཐའ་དབུས་མེད་པའི་ ས་ཁོངས་ཚུ་གི་ནང་ལས་ ཁྱད་ཆོས་ཅན་གྱི་མགྱོནམོ་ཚུ་དང་ སྤྱིར་བཏང་མི་མང་ལུ་ གཞུང་དོན་གྲལ་གཏོགས་པ་ཚུ་གིས་ […]

National News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ རྣམ་རྒྱལ་ཁང་བཟང་མཆོད་རྟེན་ལུ་ བཀྲ་ཤིས་རབ་གནས།

རང་ཟླ་ ༣ པའི་ཚེས་ ༢ སྤྱི་ཟླ་ ༤ པའི་ཚེས་ ༢༩ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ལྷུན་རྩེ་ྲརྫོང་ཁག་ སྨད་མཚོ་རྒེད་འོག་ནང་ བཞེངས་ཡོད་མི་ རྣམ་རྒྱལ་ཁང་བཟང་མཆོད་རྟེན་ལུ་ བཀྲ་ཤིས་རབ་གནས་ མཛད་གནང་ནུག། མཆོད་རྟེན་དེ་ཡང་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ བཀའ་དགོངས་ལྟར་དུ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ སྨད་མཚོར་ཆུ་རུད་ལུ་བརྟེན་ཏེ་ མི་གྲངས་ ༢༣ ལུ་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལས་ དགེ་རྩ་དང་ ཡུང་ཆུ་གློག་མེ་འཕྲུལ་ཁང་གི་ སྐུ་རིམ་ལུ་དམིགས་ནས་ བཞེངས་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

དངུལ་ཀྲམ་ ༥༠༠ འབད་མི་ འབྲུག་པའི་དངུལ་ལོར་རྫུན་མ་བཀྲམ་སྤེལ།

སྤྱི་ཟླ་ ༤ པའི་ཚེས་ ༢༧ ལུ་ རྒྱ་གར་ཇའི་སྒང་གི་ ཁྲིམས་སྲུང་འགག་སྡེ་གིས་ ནུབ་བེང་གཱལ་གྱི་ས་གནས་ ཨ་ལི་པུར་ཌུ་ཨར་གྱི་ གཡུས་ཚན་ཀུ་མར་སྒང་ཟེར་ས་ལས་ཨིན་མི་ རྒྱ་གར་གྱི་ མི་ཁུངས་ཅིག་ འབྲུག་པའི་དངུལ་ལོར་རྫུན་མ་ ༡༢༧,༥༠༠ འབད་མི་ཅིག་ འབག་སྟེ་ཡོདཔ་ བདའ་ཟུན་ཡོདཔ་ད་ དེ་བསྒང་ ཁོ་གིས་དངུམ་ཀྲམ་ ༥༠༠ འབད་མི་ དངུལ་ལོར་རྫུན་མ་ ༢༥༥  འབག་སྟེ་ཡོདཔ་སྦེ་ བདའ་ཟུན་ནུག། ད་རེས་ དོགས་པ་ཅན་དེ་ ཇའི་སྒང་ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ཡོདཔ་ལས་ དངུལ་ལོར་རྫུན་མ་ཚུ་གི་ འབྱུང་ཁུངས་དང་ དེ་བཟུམ་མའི་ ལག་ལེན་གྱི་ ཡོངས་འབྲེལ་ཚུ་ གཏན་འཁེལ་བཟོ་ཐབས་ལུ་ ཞིབ་དཔྱད་ཅིག་ འགོ་བཙུགས་ཡོདཔ་ཨིན་པས། དེ་འབདཝ་ལས་ མི་མང་གིས་ དངུལ་ཀྲམ་ལག་ལེན་དང་ སྤྲོད་ལེན་ཚུ་གི་སྐབས་ལུ་ དྲན་པ་འཐེབ་བཏོན་དགོ་པའི་ དྲན་སྐུལ་འབད་དོ་ཡོདཔ་ད་ གལ་སྲིད་ མི་ག་གིས་འབད་རུང་ དོན་ཟོན་ཅན་གྱི་ དངུལ་ལོར་དང་ ཡང་ཅིན་ འབྲེལ་ཡོད་ལཱ་རེ་འབད་སར་ མཐོང་པ་ཅིན་ དེ་འཕྲལ་ལས་ ཉེ་འདབས་ཀྱི་ ཁྲིམས་སྲུང་དགག་སྡེ་ལུ་ སྙན་ཞུ་འབད་དགོ་ཟེར་ འབྲུག་རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ […]

National News

ཐིམ་ཕུ་རྡོར་གདན་བཀྲ་ཤིས་ཐང་ གཙུག་ལག་སློབ་གྲྭའི་ནང་ བསྟན་འགྱུར་ཆེན་མོའི་ལྗགས་ལུང་།

ད་རེས་ནངས་པར་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་སྐུ་བགྲེས་ བསམ་གཏན་རྡོ་རྗེ་མཆོག་གིས་ ཐིམ་ཕུ་རྡོར་གདན་བཀྲ་ཤིས་ཐང་ གཙུག་ལག་སློབ་གྲྭའི་ནང་སྦེ་ བསྟན་འགྱུར་ཆེན་མོའི་ ལྗགས་ལུང་གནང་དོ་ཡོདཔ་ད་ ལྗགས་ལུང་དེ་ ཤིང་སྦྲུལ་ཟླཝ་ ༢ པའི་ཚེས་ ༣ སྤྱི་ཟླ་ ༤ པའི་ཚེས་ ༡ ལས་ འགོ་བཙུགས་གནང་ནུག།དེ་ཡང་ ཉིན་བསྟར་བཞིན་དུ་ ལྗགས་ལུང་ཞུ་མི་ རྡོར་གདན་བཀྲ་ཤིས་ཐང་ གཙུག་ལག་སློབ་གྲྭའི་ མཁན་པོ་དང་ བླ་སློབ་ དགེ་མདུནམ་ཚུ་གིས་གཙོས་པའི་ རྒྱལ་ཁབ་ནང་འཁོད་ཀྱི་ གྲྭ་ཚང་དང་ སྒོམ་སྡེ་ བཤད་གྲྭ་ དགོན་སྡེ་ཁག་སོ་སོའི་ བླ་སློབ་དང་ མཁན་པོ་ དགེ་སློང་ མ་ནེམོ་ཚུ་འབདཝ་ད་ ཞལ་གྲངས་བསྡོམས་ ༦༠༠ དེ་ཅིག་དང་ དད་ལྡན་སེར་སྐྱ་ཕོ་མོ་ ༢༠༠ དེ་རེ་ཡོདཔ་ཨིན་པས།མ་གཞི་ བསྟན་འགྱུར་ཆེན་མོ་འདི་ པོད་གྲངས་ ༢༢༠ དེ་ཅིག་ཡོདཔ་ཨིན་རུང་ ད་རེས་ ལུང་རྒྱུན་བཞུགས་ཡོད་མི་ གླེགས་བམ་ ༢༠ དེ་ཅིག་གི་ ལྗགས་ལུང་གནངམ་ཨིན་ཟེར་ རྡོར་གདན་བཀྲ་ཤིས་ཐང་ གཙུག་ལག་སློབ་གྲྭའི་ སློབ་དཔོན་ཅིག་གིས་གསུངས་ཡི།དེ་སྦེ་ ལུང་རྒྱུན་བཞུགས་ཡོད་མི་ཚུ་ཡང་ […]

National News

མི་རྗེ་བློན་ཆེན་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ འབྲུག་བཞུགས་སྐུ་ཚབ་དང་ ཁ་བྲལ་མཇལ་ཕྲད།

སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ འབྲུག་བཞུགས་སྐུ་ཚབ་ དགོངས་ཞུ་བྱོན་མི་ ཨམ་ཀར་ལ་ ཧེར་ཤི་དེ་ ཁ་བྲལ་ལེགས་སྨོན་གྱི་དོན་ལས་ མི་རྗེ་བློན་ཆེན་མཆོག་གི་ སྐུ་མདུན་ལུ་བཅར་ནུག། དེ་བསྒང་ མི་རྗེ་བློན་ཆེན་གྱིས་ ཨམ་ཧེར་ཤི་གིས་ ཁྱད་དུ་འཕགས་པའི་ གནས་ཡུན་ནང་ འཛམ་གླིང་སྤྱི་ཚོགས་དང་ འབྲུག་གཞུང་གི་བར་ན་ མཉམ་འབྲེལ་རྩ་བརྟན་བཟོ་ནི་ལུ་ བརྩི་མཐོང་ཅན་གྱི་ ཕན་ཐོགས་བྱུང་མི་ལུ་ བསྟོད་བསྔགས་མཛད་ཡོདཔ་ཨིན་པས། དེ་མ་ཚད་ འཛམ་གླིང་སྤྱི་ཚོགས་ཀྱིས་ འབྲུག་གི་གོང་འཕེལ་གྱི་ གཙོ་རིམ་ཚུ་ལུ་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་གནང་མི་ལུ་ཡང་ ངལ་རངས་ཡོད་ལུགས་ཚུ་ གསུངས་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

མི་རྗེ་བློན་ཆེན་མཆོག་གིས་ ཡུ་རོ་པིན་ ཕྱི་འབྲེལ་ལས་དོན་ཞབས་ཏོག་ནང་ ཨེ་ཤི་ཡ་དང་ པེ་སི་ཕིག་གི་ འཛིན་སྐྱོང་མདོ་ཆེན་འོགམ་དང་མཇལ་ཕྲད།

སྤྱི་ཟླ་ ༤ པའི་ཚེས་ ༢༡ ལུ་ མི་རྗེ་བློན་ཆེན་མཆོག་གིས་ ཡུ་རོ་པིན་ ཕྱི་འབྲེལ་ལས་དོན་ཞབས་ཏོག་ནང་ ཨེ་ཤི་ཡ་དང་ པེ་སི་ཕིག་གི་ འཛིན་སྐྱོང་མདོ་ཆེན་འོགམ་ ཨམ་པཱའོ་ལ་ པམ་པ་ལོ་ནི་དང་ འབྲུག་དང་ རྒྱ་གར་ལུ་ ཡུ་རོ་པིན་ ཡུ་ནི་ཡན་གྱི་གཞུང་ཚབ་ ཧར་ཝེ་ཊེལ་ཕིན་དང་གཅིག་ཁར་ མཇལ་ཕྲད་མཛད་ནུག། དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་ ལོ་ངོ་མང་རབས་ཅིག་གི་རིང་ལུ་ ཡུ་རོ་པིན་ ཡུ་ནི་ཡན་གྱིས་ རྒྱབ་སྐྱོར་དང་ མཐུན་ལམ་ཚུ་ འཕྲོ་མཐུད་དེ་ར་ བཞག་གནང་མི་ལུ་ འབྲུག་གི་ཁ་ཐུག་ལས་ ངལ་རངས་སྦོམ་ཡོད་ལུགས་ཚུ་ གསུངས་ཡོདཔ་ཨིན་པས། དེ་མ་ཚད་ དུས་ཡུན་རིངམོ་སྦེ་ གནས་ཏེ་ཡོད་མི་ མཉམ་འབྲེལ་འདི་ཡང་ ཧེང་སྐལ་ར་ སྒྲིང་སྒྲིང་སོང་སྟེ་ མཉམ་འབྲེལ་ཡར་དྲག་གཏང་ནི་གི་ ཐབས་ལམ་ཚུ་གི་སྐོར་ལས་ཡང་ གསུང་གྲོས་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

སྒེར་སྡེའི་གསར་ཤོག་ཚུ་ལུ་ གཞུང་གི་རྒྱབ་སྐྱོར་གལ་ཅན།

དབང་གཙོའི་རིང་ལུགས་ནང་ སྒེར་སྡེའི་བརྡ་བརྒྱུད་ཚུ་ ག་ནི་བ་ གལ་ཅན་ཅིག་ཨིནམ་བཞིན་དུ་ གཞུང་གི་ཁ་ཐུག་ལས་ སྒེར་སྡེའི་གསར་ཤོག་ཚུ་ ཡུན་བརྟན་སྦེ་ གནས་ཐབས་ལུ་ ལོ་ངོ་དག་པ་ཅིག་ལས་ཚུར་ མ་དངུལ་གྱི་ རྒྱབ་སྐྱོར་གནང་པ་ལུ་བརྟེན་ཏེ་ ད་རེས་ནངས་པར་ ཆུ་མ་སྐམ་ཅིག་དང་ ཉ་མ་ཤིཝ་ཙམ་ཅིག་སྦེ་ གནས་ཏེ་ཡོདཔ་ཨིན་པས།དེ་འབདཝ་ད་ འཕྲལ་ཁམས་ཅིག་ཁར་ བདེན་ཁུངས་ག་ཏེ་ཡང་མེད་པའི་ གནས་ཚུལ་ཚུ་ ཁྱབ་སྤེལ་འབད་ཡོདཔ་ལས་ སྒེར་གྱི་གསར་ཤོག་ལས་སྡེ་ ལ་ལོ་ཅིག་གིས་ འབྲེལ་ཡོད་གཞུང་གི་ལས་ཁུངས་དང་གཅིག་ཁར་ བདེན་དཔྱད་འབད་བའི་སྐབས་ལུ་ གནས་ཚུལ་དེ་ཚུ་ ཧམ་བཤད་ཅན་ཅིག་ཨིན་པའི་ མངོན་གསལ་བྱུང་ནུག།དེ་ཡང་ གསར་ཤོག་དེ་ནང་ འདས་པའི་ལོ་ངོ་བཅུ་ཕྲག་ ༡ གི་ ནང་འཁོད་ལུ་ གཞུང་ཞབས་ལས་ སྒེར་སྡེའི་གསར་ཤོག་ཚུ་ལུ་ ལྷན་ཐབས་མ་དངུལ་ དངུལ་ཀྲམ་ས་ཡ་ ༤༠ དེ་ཅིག་ ཐོབ་ཡོདཔ་སྦེ་ བཀོད་ཡོད་མིའི་སྐོར་ལས་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་ བརྡ་བརྒྱུད་གསར་བཏོད་བཟོ་གྲྭ་དང་ རིག་རྩལ་རྒྱུ་དངོས་ལས་ཁུངས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ མ་དངུལ་དེ་ཚུ་ག་ར་ སྒེར་སྡེའི་གསར་ཤོག་ ཉག་གཅིག་ལུ་མིན་པར་ ལས་དོན་གཞན་ཁར་ཡང་ བཏང་ཡོདཔ་སྦེ་ཨིན་པས།དཔྱེ་འབད་བ་ཅིན་ གོ་བསྡུར་ཞལ་འཛོམས་དང་ གྲོས་བསྟུན་ཞལ་འཛོམས་ དེ་ལས་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་ སྦྱོང་བརྡར་ཚུ་དང་ གཞུང་དབང་བརྡ་བརྒྱུད་ཚུ་ཡང་ཡོད་མི་ […]

Online now: 28 Today: 1421 Total visitors: 11451