ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཏ་ཡེ་ཝཱན་གྱི་ སྲིད་འཛིན་གསརཔ་གིས་ རྒྱ་ནག་དང་གཅིག་ཁར་ ཡུན་བརྟན་མཐུན་འབྲེལ།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༡༨ ལུ་ ཏ་ཡེ་ཝཱན་གྱི་ སྲིད་འཛིན་གསརཔ་ ལེ་ཅིང་ཏེ་གིས་ རྒྱ་ནག་དང་གཅིག་ཁར་ ཡུན་བརྟན་ཅན་གྱི་ མཐུན་འབྲེལ་བཟོ་ནི་སྦེ་ ཁས་བླངས་འབད་ཡོདཔ་ཨིན་པས།སྲིད་འཛིན་ལེ་གིས་ སྲིད་འཛིན་བགྲེསཔ་ ཨམ་ཙ་ཡེ་ཨིང་ཝེན་གྱི་འོག་ལུ་ འདས་པའི་ལོ་ངོ་ ༤ གི་རིང་ལུ་ སྲིད་འཛིན་འོགམ་སྦེ་ ཕྱག་ཞུ་ཡོདཔ་ད་ ཁས་བླངས་དེ་ཡང་ ད་རེས་ རྒྱ་ནག་གིས་ ཏ་ཡེ་ཝཱན་གྱི་ མཁའ་དབྱིངས་ནང་ ཧམ་འཛུལ་ཚུ་འབད་དེ་ རྒྱ་ནག་གི་འོག་ལུ་ འཛུལ་དགོ་པའི་ ཨེབ་ཤུགས་ཅན་གྱི་ གནས་སྟངས་ནང་ སྲིད་འཛིན་གྱི་ ཕྱག་ལཱ་གནང་ནི་ འགོ་བཙུགས་རྟེན་འབྲེལ་སྐབས་ལུ་ གསལ་བཤད་འབད་ནུག།སྐྱེས་ལོ་ ༦༤ འབད་མི་ སྲིད་འཛིན་ལེ་གིས་ རྒྱ་ནག་དང་གཅིག་ཁར་ གྲོས་བསྟུན་ཚུ་འབད་ནི་གི་ མཁོ་འདོད་ཡང་བསྐྱར་བཀོད་ཡོད་རུང་ རྒྱ་ནག་གི་ཁ་ཐུག་ལས་ ངོས་ལེན་མེདཔ་ཨིན་པས།ཨིན་རུང་ སྲིད་འཛིན་ཙ་ཡེ་གིས་ འགོ་བཙུགས་བཞག་མི་ ཡུན་བརྟན་མཐུན་འབྲེལ་གྱི་ ཐབས་ལམ་སྐོར་ལས་ གསུང་གྲོས་ཚུ་ གནང་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨཱཕ་གྷ་ནིཛ་ཏཱན་ལུ་ ཀྲོབ་མདའ་འབག་མི་ཚུ་གིས་ སི་པེན་གྱི་ བལྟ་བཤལཔ་ ༣ དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༡༧ ལུ་ ཨཱཕ་གྷ་ནིཛ་ཏཱན་གྱི་ དབུས་ཕྱོགས་མངའ་སྡེ་ བམ་ཡཱན་ལུ་ ཀྲོབ་མདའ་འབག་མི་ཚུ་གིས་ སི་པེན་གྱི་ བལྟ་བཤལ་པ་ ༣ དམར་བསད་འབད་ནུག།དེ་ཡང་ ཨཱཕ་གྷ་ནིཛ་ཏཱན་ ཏ་ལི་བཱན་གཞུང་གི་ ནང་སྲིད་ལྷན་ཁག་ལས་ མགྲིན་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཀྲོབ་མདའ་འབག་ཚུ་གིས་ གནོད་འཚུབ་བཀལ་བའི་སྐབས་ལུ་ ཕྱི་ཁའི་བལྟ་བཤལཔ་ ༣ དང་ ཨཱཕ་གྷ་ནིཛ་ཏཱན་གྱི་ མི་ཁུངས་ ༡ ལུ་ ཤི་རྐྱེན་བྱུང་པའི་ཁར་ བལྟ་བཤལཔ་ ༤ དང་ ཨཱཕ་གྷན་ གྱི་ མི་ཁུངས་ ༣ ལུ་ཡང་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།སི་པེན་གྱི་བློན་ཆེན་ པེ་ཌོ་སཱན་ཅེཛ་གིས་ མི་སྡེ་བརྡ་བརྒྱུད་ནང་ ཨཱཕ་གྷ་ནིཛ་ཏཱན་ལུ་ སི་པེན་གྱི་ བལྟ་བཤལ་པ་ཚུ་ རྐུ་གསོད་རྐྱབ་སྟེ་ དམར་བསད་འབད་མི་དེ་ རྣམ་རྟོག་ལང་སི་སི་ཅིག་ཨིན་པས་ཟེར་བཀོད་ནུག།དེ་བཟུམ་མའི་ བྱ་ངན་འབད་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ཨིན་ན་ གསལ་ཏོག་ཏོ་སྦེ་ ཧ་གོ་མ་ཚུགསཔ་ད་ དེ་བསྒང་ བྱ་ངན་འབད་མི་ ༣ ཡང་ འཛིན་བཟུང་འབད་ནུག་ཟེར་ […]

World News

ཨཱཛ་ཊེ་ལི་ཡར་ པེ་ལིཛ་ཊིན་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ངོ་རྒོལ་འགྲེམ་སྟོན།

སི་ཨེན་ཨེན། པེ་ལིཛ་ཊིན་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ཨཱཛ་ཊེ་ལི་ཡ་ མེལ་བཱོན་གཙུག་ལག་སློབ་སྡེའི་ སྒྲིང་ཁྱིམ་ཅིག་ནང་འཛུལ་ཏེ་ ངོ་རྒོལ་འགྲེམ་སྟོན་འབདཝ་ལས་ སློབ་ཕྲུག་སྟོང་ཕྲག་ལས་བཅད་མི་ཚུ་ ཤེས་ཡོན་སྦྱང་ནི་ལུ་ བར་ཆད་བྱུང་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༡༦ ལུ་ གཙུག་ལག་སློབ་སྡེའི་ གཙོ་འཛིན་འོགམ་ མ་ཡེ་ཀེལ་ ཝེཛ་ལེ་གིས་ བརྙན་ཐུང་ཐོག་ལས་ བརྡ་དོན་ཁྱབ་སྤེལ་འབད་མིའི་ནང་ སློབ་ཕྲུག་ཚུ་ལུ་ ངོ་རྒོལ་འགྲེམ་སྟོན་འབད་ནི་གི་ རང་དབང་ཡོད་རུང་ ག་མནོཝ་འབད་ནི་ལུ་ མཚམས་ཚོད་ཡོད་ཟེར་བཤད་ནུག།དེ་བཟུམ་སྦེ་ ཁྲི་འཛིན་འོགམ་གིས་ཡང་ སྒྲིང་ཁྱིམ་ནང་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ སྒྲིང་ཁྱིམ་དེ་ནང་ལས་ འཐོན་མ་འགྱོ་བ་ཅིན་ ལཱ་ཁག་འོང་ནི་ཨིན་པའི་ ཉེན་བརྡ་ཡང་འབད་ཡོདཔ་ཨིན་པས།ག་དེ་སྦེ་ར་ཨིན་རུང་ སྤྱི་ཟླ་ ༥ པའི་ཚེས་ ༡༦ ཚུན་ལུ་ ཆོས་ཚན་དུས་ཚོད་ཁག་ ༡༥༠ དེ་ཅིག་ མཚམས་འཇོག་འབད་དགོཔ་ ཐོན་ཡོདཔ་ལས་ གཙུག་ལག་སློབ་སྡེ་དེ་གི་ སློབ་ཕྲུག་དང་ ལེགས་སྦྱར་བ་ ༦,༠༠༠ དེ་ཅིག་ལུ་ སློབ་སྟོན་གྱི་ བར་ཆད་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཕྱི་འབྲེལ་བློན་པོ་ ༡༣ གྱིས་ ས་གནས་རཱ་ཕ་ལུ་ ཨིཛ་རེལ་གྱི་ ས་ཐོག་དམག་སྡེ་གིས་ བཙན་འཛུལ་བཀག་དམ།

ཨཱལ་ཇ་ཟི་ར། ཕྱི་འབྲེལ་བློན་པོ་ ༡༣ གྱིས་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟའི་ ས་གནས་རཱ་ཕ་ལུ་ པེ་ལིཛ་ཊིན་གྱི་ མི་ཁུངས་ཚུ་ལུ་ གྲོགས་རམ་ཚུ་ ལྷོད་ཚུགས་ནིའི་དོན་ལས་ ཨིནཛ་རེལ་གྱིས་ རཱ་ཕ་ལུ་ ས་ཐོག་དྲག་པོའི་བཙན་འཛུལ་འབད་མི་དེ་ བཀག་དམ་འབད་དགོ་པའི་ ཉེན་བརྡའི་ཡི་གུ་ཅིག་གུ་ མིང་རྟགས་བཀོད་ནུག།ཡི་གུ་དེ་ཡང་ ཨིཛ་རེལ་གྱི་ ཕྱི་འབྲེལ་བློན་པོ་ལུ་ བཏང་ཡོདཔ་ད་ ཡི་གུ་དེ་དང་འཁྲིལ་ཏེ་ ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏ་ནི་ཡ་ཧུའི་ གཞུང་གི་ཁ་ཐུག་ལས་ཡང་ ག་ཟའི་ཁྲོམ་ཚོགས་ནང་ གནས་སྟངས་ག་ནི་བ་ སྐྱོ་དྲགས་ཐལ་ཏེ་ཡོད་སར་ འགྲོ་བ་མིའི་གྲོགས་རམ་ཚུ་ སྐྱེལ་འདྲེན་གྱི་དོན་ལས་ ད་རེས་ ཨིཛ་རེལ་དམག་སྡེ་གིས་ བཙན་དབང་འབད་དེ་ཡོད་མི་ རཱ་ཕ་གིས་གཙོས་པའི་ ས་མཚམས་སྒོ་ར་ཚུ་ག་ར་ ཕྱེ་དགོཔ་སྦེ་ བཤད་ཡོདཔ་ཨིན་པས།དེ་སྦེ་ ཉེན་བརྡའི་ཡི་གུ་ལུ་ མིང་རྟགས་བཀོད་ནི་ཚུ་ཡང་ སྡེ་ཚན་ ༧ གྱི་ ཚོགས་པའི་འཐུས་མི་ ཇར་མ་ནི་དང་ ཕ་རཱནཛ་ ཡུ་ཀེ་ ཨིཊ་ལི་ རྒྱ་པཱན་ ཨཱཛ་ཊེ་ལི་ཡ་ ཌེན་མཱག་ ཕིན་ལེན་ ནེ་དར་ལེན་ ནིའུ་ཟི་ལེན་ ལྷོ་ཀོ་རི་ཡ་ སུ་ཡི་ཌེན་བཅས་ཀྱི་ […]

World News

རྒྱ་ནག་གིས་ ཡུ་ཀེ་རེན་གྱི་དོན་ལས་ ཞི་བདེའི་འཆར་གཞི་ཅིག་ བརྩམས་ཏེ་ཡོད་མི་ལུ་ པུ་ཊིན་གྱིས་ངོས་ལེན།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༡༥ གི་དྲོ་པ་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་དང་གཅིག་ཁར་ དྲི་བ་དྲིས་ལན་ཅིག་གི་སྐོར་ལས་ དཔེ་བསྐྲུན་འབད་མི་དང་འཁྲིལཝ་ད་ རྒྱ་ནག་གིས་ ཡུ་ཀེ་རེན་གྱི་ དཀའ་ངལ་སེལ་ཐབས་ལུ་ ཞི་བདེའི་འཆར་གཞི་ཅིག་ བརྩམས་ཏེ་ཡོད་མི་ལུ་ རྒྱབ་སྐྱོར་ཡོད་ལུགས་ བཤད་ཡོདཔ་ཨིན་པས།པུ་ཊིན་གྱིས་འབད་བ་ཅིན་ དཀའ་ངལ་དེ་གི་ རྒྱབ་ཁུངས་ཚུ་ རྒྱ་ནག་གིས་ ཁུངས་དག་སྦེ་ ཤེས་ཟེར་ཨིནམ་ད་ དེ་ཡང་ པུ་ཊིན་དེ་ རྒྱ་ནག་ལུ་ གཟིགས་སྐོར་གྱི་དོན་ལས་ མ་བྱོན་པའི་ཧེ་མར་ རྒྱ་ནག་གི་གནས་ཚུལ་ ཟི་ནུ་ཨ་ལུ་ བཤད་མིའི་ནང་ ལོ་ངོ་ ༢ ལྷགཔ་ཅིག་འགྱོ་མི་ དམག་འཛིང་གི་ དཀའ་ངལ་སེལ་ཐབས་ལུ་ ར་ཤི་ཡའི་ཁ་ཐུག་ལས་ གྲོས་བསྟུན་ཚུ་གི་དོན་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།སྲིད་འཛིན་པུ་ཊིན་གྱིས་ གཞུང་འབྲེལ་ཡོངས་འབྲེལ་འཆར་སྒོའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ དཀའ་ངལ་སེལ་ཐབས་ལུ་ རྒྱ་ནག་གིས་ ཐབས་ལམ་ཚུ་ བསྐྱར་ཞིབ་འབདཝ་ད་ འོས་འབབ་འདུག་ཟེར་ཨིན་པས།རྒྱ་ནག་གིས་ ལོ་ངོ་ ༡ གི་ཧེ་མ་ལས་ ཡུ་ཀེ་རེན་དང་ ར་ཤི་ཡའི་ ཕྱད་མདའ་མཇུག་བསྡུ་ཐབས་ལུ་ གནད་དོན་ཁག་ ༡༢ […]

World News

སི་ལོ་བ་ཀི་ཡའི་ བློན་ཆེན་གུ་ ཀྲོབ་མདའ་རྐྱབ་ཡོདཔ།

སི་ཨེན་ཨེན། སྤྱི་ཟླ་ ༥ པའི་ཚེས་ ༡༥ ལུ་ སི་ལོ་བ་ཀི་ཡ་ རྒྱལ་ཁབ་ཀྱི་ བློན་ཆེན་རོ་བཱཊ་ཕི་ཀོ་གུ་ ཀྲོབ་མདའ་ཚར་ ༥ རྐྱབ་ཡོདཔ་ལས་ སྨན་ཁང་ནང་ བསྐྱལ་དགོཔ་ཐོན་ཡོདཔ་ད་ རྒྱལ་ཁབ་ཀྱི་ མི་སེར་ག་ར་ རྣམ་རྟོག་ལང་ཡོདཔ་ཨིན་པས།དེ་ཡང་ བློན་ཆེན་དེ་ སི་ལོ་བ་ཀི་ཡའི་ཁྲོམ་ཚོགས་ ཧེན་ལོ་བ་ཟེར་སར་ གཞུང་འབྲེལ་ཞལ་འཛོམས་ཅིག་ནང་ གྲལ་གཏོགས་མཛད་པའི་ཤུལ་ལུ་ བཀྲོངས་ཐབས་འབད་ཡོདཔ་ད་ བྱ་ངན་འབད་མི་དེ་ཡང་ བློན་ཆེན་མཇལ་ནི་སྦེ་ ལམ་ཁར་སྒུགས་སྡོད་མི་ སྡེ་ཚན་ཆུང་ཀུ་ཅིག་གི་གྲས་ཁར་ སྡོད་ནུག་ཟེར་ཨིན་པས།བརྙན་ཐུང་ཅིག་ནང་ བློན་ཆེན་དེ་ལུ་ བཀྲོབ་མདའ་རྐྱབ་པའི་ཤུལ་ལས་ ཁོ་རའི་ཕྱག་ཞུ་མི་ཚུ་གིས་ དེ་འཕྲལ་ལས་ སྣུམ་འཁོར་ནང་བཙུགས་ཏེ་ བདའ་འགྱོ་ས་མཐོང་དོ་ཡོདཔ་ད་ བློན་ཆེན་དེ་ ཧེ་མ་ར་ ས་གནས་ཀྱི་ སྨན་ཁང་ཅིག་ནང་ བསྐྱལ་བའི་ཤུལ་ལས་ གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་སྦེ་ ཀི་ལོ་མི་ཊར་ ༣༠ དེ་ཅིག་གི་ ས་ཁར་ཡོད་མི་ སེམས་ཁམས་ཚབས་ཆེན་ལྟེ་བའི་ནང་ བསྐྱལ་ཡོདཔ་ཨིན་པས།སི་ལོ་བ་ཀི་ཡའི་ སྲུང་སྐྱོབ་བློན་པོ་དང་ ནང་སྲིད་བློན་པོ་ ༢ ཀྱིས་འབད་བ་ཅིན་ དེ་སྦེ་ བཀྲོངས་ཐབས་སྒྲིག་མི་དེ་ སྲིད་དོན་དང་ འབྲེལ་བ་ཡོདཔ་སྦེ་ཨིནམ་ད་ དོགས་པ་ཅན་དེ་གིས་ […]

World News

ཀེ་ན་ཌ་ལུ་ ནགས་མེ་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ མི་སེར་ཚུ་ སྡོད་གནས་སྤོ་དགོ་པའི་བཀོད་རྒྱ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༥ པའི་ཚེས་ ༡༥ ལུ་ ཀེ་ན་ཌའི་མངའ་སྡེ་ ཨཱལ་བར་ཊ་ཟེར་ས་ལས་ ནགས་མེ་ཤོར་ཏེ་ ས་གནས་ཕོཊ་མེག་མ་རེ་ཟེར་སར་ ལྷོད་པ་ལུ་བརྟེན་ཏེ་ ཀེ་ན་ཌའི་ དབང་འཛིན་ཚུ་གིས་ ས་གནས་དེ་དང་ ས་གནས་དེ་གི་ ཉེ་འདབས་ལུ་སྡོད་མི་ མི་སེར་ཚུ་ སྡོད་གནས་སྤོ་དགོ་པའི་ བཀོད་རྒྱ་གནང་ནུག།དེ་གི་ཧེ་མར་ སྤྱི་ཟླ་ ༥ པའི་ཚེས་ ༡༤ ལུ་འབད་བ་ཅིན་ ས་གནས་ཨ་བཱ་སཱན་དང་ བི་ཀོན་ཧིལ་ པེ་རེ་ཡ་རི་ཀི་རིག་ དེ་ལས་ གེར་ལིང་ཊེ་རེཛ་ ས་ཁོངས་ཚུནང་སྡོད་མི་ མི་སེར་ཚུ་ དུས་ཡུན་ཆུ་ཚོད་ ༢ ཀྱི་ ནང་འཁོད་ལུ་ སྤོ་བཤུད་འབད་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།དེ་ཡང་ སྤྱི་ལོ་ ༢༠༡༦ ལུ་ ནགས་ཚལ་མེ་རྐྱེན་གྱིས་ སྡོད་ཁྱིམ་དང་ ཚོང་འབྲེལ་སྒྲིང་ཁྱིམ་ དེ་ལས་ སྒྲིག་བཀོད་གཞན་གྱི་རིགས་ཚུ་ མེདཔ་བཏང་ཡོདཔ་ལས་ མི་སེར་སྟོང་ཕྲག་བཅུ་ཕྲག་ལས་བཅད་དེ་ སྡོད་གནས་སྤོ་དགོཔ་ ཐོན་ཡོདཔ་ད་ ད་རེས་ ཉམས་མྱོང་དེ་ལུ་ གཞིར་བཞག་སྟེ་ མི་སེར་ཚུ་ སྔ་གོང་ལས་ སྤོ་བཤུད་འབད་དགོ་པའི་ […]

World News

པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟའི་དོན་ལས་ གྲོགས་རམ་སྐྱེལ་འདྲེན་འབད་ནི་ལུ་གནོད་སྐྱོན།

རོའི་ཊརཛ། ཨིཛ་རེལ་གྱིས་ རཱ་ཕ་འཐོན་འཛུལ་སྒོ་ར་དེ་ ཧ་མཱཛ་དང་ ཕྱད་མདའ་རྐྱབ་མི་དང་འབྲེལ་ཏེ་ བཀག་དམ་འབད་ཡོད་རུང་ ཁྲོམ་ཚོགས་ག་ཟ་ལུ་ཡོད་མི་ སྐྱབས་བཅོལ་བ་ཚུ་ལུ་ གྲོགས་རམ་སྐྱེལ་འདྲེན་གྱི་དོན་ལས་ སྒོ་ར་སྒོ་ཕྱེ་ནི་དེ་ ཨི་ཇིབ་ཀྱི་ ལག་པར་ཨིན་ཟེར་ བཤདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ ཨིཛ་རེལ་གྱིས་ ས་གནས་རཱ་ཕའི་མཐའ་སྐོར་ལུ་ དྲག་དམག་གི་ལཱ་ཚུ་ ཡར་སེང་ཅན་སྦེ་ ལག་ལེན་འགོ་བཙུགསཔ་ལས་ཚུར་ གྲོགས་རམ་ཚུ་ ཨི་ཇིབ་ཁ་ཐུག་གི་ ས་མཚམས་ཁར་ སྤུངས་ཡོད་ནི་དེ་གིས་ཨིན་པས།.ཨིཛ་རེལ་གྱི་ ཕྱི་འབྲེལ་བློན་པོ་གིས་ ས་གནས་ག་ཟའི་དོན་ལུ་ འགྲོ་བ་མིའི་དཀའ་ངལ་ བཀག་ཆ་འབད་ནི་གི་ ལྡེ་མིག་དེ་ ད་རེས་ ང་བཅས་རའི་ ཆ་རོགས་རྒྱལ་ཁབ་ ཨི་ཇིབ་ཀྱི་ ལག་པར་ཨིན་ཟེར་བཤད་ནུག།དེ་གི་ལན་ལུ་ ཨི་ཇིབ་ཀྱི་ ཕྱི་འབྲེལ་བློན་པོ་གིས་ ཨིཛ་རེལ་གྱིས་ རཱ་ཕ་ལུ་ དམག་རྐྱབ་པ་ལུ་བརྟེན་ཏེ་ ག་ཟ་ལུ་ འགྲོ་བ་མིའི་གྲོགས་རམ་ཚུ་ བཀག་ཆ་འབད་དེ་ཡོདཔ་ལས་ ཨིཛ་རེལ་གྱིས་ར་ འགན་ཁུར་འབག་དགོཔ་སྦེ་ བཤད་པའི་ཁར་ ག་ཟ་ཁྲོམ་ཚོགས་ལུ་ སྔོན་ཆད་མ་བྱུང་པའི་ འགྲོ་བ་མིའི་དཀའ་ངལ་ཐོན་མིའི་སྐོར་ལས་ ཨིཛ་རེལ་གྱིས་ འགན་འཁྲི་སྤོ་བཤུད་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོད་པའི་ ཁ་ཉེས་ཡང་ […]

World News

རྒྱ་གར་ལུ་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ཨའི་དང་ ཨམ་སྲུ་ ཨ་ལོ་ ༣ དམར་བསད།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༥ པའི་ཚེས་ ༡༡ ལུ་ རྒྱ་གར་གྱི་མངའ་སྡེ་ ཨུ་ཏར་པར་དེཤ་གི་ གཡུས་ཚན་པ་ལྷ་པུར་ཟེར་སར་ སྐྱེས་ལོ་ ༤༢ འབད་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ཨའི་དང་ གནས་ཚང་ ཨ་ལོ་ ༣ དམར་བསད་འབད་ནུག།དེ་ཡང་ དང་པ་ར་ ཁོ་རའི་ཨའི་གུ་ ཀྲོབ་མདའ་རྐྱབ་སྟེ་ དམར་བསད་འབད་བའི་ཤུལ་ལུ་ སྐྱེས་ལོ་ ༤༠ འབད་མི་ གནས་ཚང་དེ་ ཐོཝ་གིས་དྲངས་ཏེ་ བསད་ཡོདཔ་ ད་ སྐྱེས་ལོ་ ༦ ལས་ ༡༢ ཀྱི་བར་ན་འབད་མི་ ཨ་ལོ་ ༣ དེ་ ཁྱིམ་ཐོག་གུ་ལས་ བཀོག་བཏང་པའི་ཤུལ་ལུ་ ཁོ་ར་ཡང་ སྒྲིང་ཁྱིམ་གུ་ལས་མཆོངས་ཏེ་ ཤི་སོངཔ་ཨིན་པས།ས་གནས་ཀྱི་ ཀུན་སྤྱོད་བསྐྱར་གསོ་ལྟེ་བ་ལས་ ཨ་ནུ་རཱག་ཟེར་མི་དེ་ སེམས་ཁམས་ཀྱི་ ནད་གཞི་ཡོད་མི་ཅིག་ཨིནམ་ལས་ བཟའ་ཚང་ཚུ་གིས་ ཀུན་སྤྱོད་བསྐྱར་གསོ་ལྟེ་བའི་ནང་ གཏང་ནིའི་སྐོར་ལས་ ལོ་རྒྱུས་ཚུ་ ལོག་ཅི་ར་ སླབ་པའི་སྐབས་ལུ་ བྱ་ངན་དེ་ བྱུང་བྱུངམ་འོང་ནི་མས་ཟེར་ བཤད་པའི་སྐོར་ལས་ […]

World News

འཛམ་གླིང་སྤྱི་ཚོགས་ནང་ པེ་ལིཛ་ཊིན་དེ་ འཐུས་མིར་འཛུལ་ཞུགས་ལུ་རྒྱབ་སྐྱོར།

སི་ཨེན་ཨེན། སྤྱི་ཟླ་ ༥ པའི་ཚེས་ ༡༠ ལུ་ པེ་ལིཛ་ཊིན་ རྒྱལ་ཁབ་དེ་ འཛམ་གླིང་སྤྱི་ཚོགས་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་རུང་བའི་ རྒྱབ་སྐྱོར་འབད་མི་ འཐུས་མི་རྒྱལ་ཁབ་ ༡༤༣ ཐོན་ཡོདཔ་ཨིན་པས།དེ་ཡང་ ཚོགས་རྒྱན་བསྐྱུར་བའི་སྐབས་ལུ་ རྒྱལ་ཁབ་ ༢༥ གིས་ ཚོགས་རྒྱན་མ་བསྐྱུར་བར་ སྡོད་ཡོདཔ་ད་ ཟེ་ཀི་ཡ་དང་ ཧང་ག་རི་ ཨར་ཇེན་ཊི་ན་ མའི་ཀོར་ནེ་ཤི་ཡ་ ནའུ་རུ་ པ་ལའོ་ པ་པུ་ཨ་ནིའུ་གི་ནི་ ཨིཛ་རེལ་ ཡུ་ཨེཛ་ཚུ་འབདཝ་ད་ རྒྱལ་ཁབ་ ༩ གིས་ གྲོས་ཆོད་ཀྱི་ རྒྱབ་འགལ་ལུ་ ཚོགས་རྒྱན་བསྐྱུར་ནུག།འཛམ་གླིང་སྤྱི་ཚོགས་ནང་ གྲོས་ཆོད་ཀྱི་ གཞི་ཤོག་དེ་ཡང་ ཡུ་ནའི་ཊེཌ་ ཨ་རབ་ ཨེ་མི་རེཊཛ་གིས་ བཙུགས་ཡོདཔ་ད་ དེ་ཡང་ མདང་ཞག་ ངོས་ལེན་མ་གྲུབ་མི་དེ་ བསམ་ཞིབ་བསྐྱར་ལོག་དང་ པེ་ལིཛ་ཊིན་དེ་ འཐུས་མིར་འཛུལ་ཞུགས་ཀྱི་ ཁྱད་ཚད་ཚུ་ གྲུབ་ཡོདཔ་སྦེ་ཨིན་པས།གནད་དོན་དེ་གི་སྐོར་ལས་ འཐུས་མི་རྒྱལ་ཁབ་ ༡༠༠ ལྷགཔ་ཅིག་གི་ སྐུ་ཚབ་ཚུ་གིས་ པེ་ལིཛ་ཊིན་ལུ་ […]

Online now: 2 Today: 1308 Total visitors: 18775