ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

མ་ཡན་མར་གྱི་ མི་སེར་ས་ཡ་ ༢ ལུ་ བཀྲེས་སྐོམ་གྱི་ དཀའངལ་འཐོན་ནི།

ཨཱལ་ཇ་ཟི་ར། འཛམ་གླིང་སྤྱི་ཚོགས་ཀྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ དམག་སྡེའི་གཞུང་དང་ ངོ་རྒོལ་དམག་སྡེའི་བར་ན་ ཕྱད་མདའ་རྐྱབ་ནི་དེ་གིས་ གནོད་པ་སྦོམ་སྦེ་ར་ བྱུང་ཡོད་མི་ མ་ཡན་མར་ རྒྱལ་ཁབ་ཀྱི་ མངའ་སྡེ་ར་ཁི་ནེ་ཟེར་སར་ མི་སེར་ས་ཡ་ ༢ དེ་ཅིག་ལུ་ བཀྲེས་སྐོམ་གྱི་ དཀའ་ངལ་འཐོན་ནི་མས་ཟེར་ཨིན་པས།དེ་ཡང་ མངའ་སྡེ་ར་ཁི་ནེ་ལུ་ མི་སེར་ཚུ་གིས་ དཔལ་འབྱོར་གྱི་ལས་དོན་ ག་ནི་ཡང་ ལག་ལེན་འཐབ་མ་ཚུགས་པར་ཡོདཔ་ད་ བང་ལ་དེཤ་གི་ ས་མཚམས་ཁར་ཨིན་མི་ མངའ་སྡེ་དེ་ནང་ སྡོད་ས་མེད་མི་ རོ་ཧིང་གི་ཡ་ རིགས་བརྒྱུད་ཀྱི་ མི་སེར་ཚུ་ སྡོདཔ་ཨིན་པས།དེ་བཟུམ་སྦེ་ མངའ་སྡེ་དེ་ནང་ སོན་དང་ སྨན་ལུད་ཚུ་ མ་ཐོབ་ནི་དེ་གིས་ ལོ་ཐོག་གི་ ཐོན་ཤུགས་དེ་ བརྒྱ་ཆ་ ༢༠ དེ་ཅིག་ལུ་ མར་ཉམས་སོང་ཡོད་པའི་ཁར་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེད་མི་དང་ མི་སེར་ཚུ་ སྡོད་སར་མེདཔ་ ཐལ་ཡོདཔ་ལས་ ཞིང་ལཱ་ཚུ་ཡང་ འབད་མ་ཚུགས་པར་ཡོདཔ་ཨིན་པས།མ་ཡན་མར་ དམག་སྡེའི་གཞུང་གིས་ བཀག་དམ་ཚུ་ལུ་བརྟེན་ཏེ་ མངའ་སྡེ་དེ་ནང་ གྲོགས་རམ་ལས་སྡེ་ཚུ་གིས་ འགྲོ་བ་མིའི་དགོས་མཁོ་དང་ གནས་སྟངས་བརྟག་དཔྱད་ཚུ་ཡང་ ལག་ལེན་འཐབ་མ་ཚུགསཔ་མ་ཚད་ གྲོགས་རམ་ཚུ་ཡང་ སྐྱེལ་མ་ཚུགསཔ་ཨིན་པས་ཟེར་ […]

World News

ཕི་ལི་པིན་ རྒྱལ་ཁབ་ནང་ རླུང་འཚུབ་དྲག་པོ་གིས་ ནང་འཁོད་གནམ་ཐང་ ༢ དང་ གཡུས་ཚན་ལེ་ཤ་ཅིག་ལུ་གནོད་སྐྱོན།

ཨེ་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༨ ལུ་ ཕི་ལི་པིན་ རྒྱལ་ཁབ་ནང་ རླུང་འཚུབ་དྲག་པོ་ ཡིན་ཇིང་ཟེར་མི་ འཕུ་ཡོདཔ་ལས་ བྱང་ཕྱོགས་ས་ཁོངས་ནང་ ས་རུད་དང་ ཆུ་རུད་ཚུ་ཐོན་ཏེ་ གནམ་གྲུ་ཐང་ ༢ ལུ་ གནོད་སྐྱོན་བྱུང་ནུག།ཨིན་རུང་ མི་ལུ་ཤི་རྐྱེན་བྱུང་ཡོད་པའི་ ལོ་རྒྱུས་མེདཔ་ད་ དུས་ཅི་གི་ལོ་ནངར་་ ད་རེས་ཀྱི་ རླུང་འཚུབ་བརྩིས་ཏེ་ ཕི་ལི་པིན་ རྒྱལ་ཁབ་ནང་ རླུང་འཚུབ་དྲག་པོ་ ལན་ཐེངས་ ༡༣ འཕུ་ཡོདཔ་ཨིན་པས།རླུང་འཚུབ་དེ་ལུ་བརྟེན་ཏེ་ གཡུས་ཚན་ཚུ་ནང་ ས་རུད་དང་ ཆུ་རུད་ཚུ་ ཐོན་ཡོདཔ་དང་ ཤིང་དང་ སྡོད་ཁྱིམ་ སྒྲིང་ཁྱིམ་ གློག་མེའི་ཀཝ་ཚུ་ མེདཔ་བཏང་ཡོདཔ་ལས་ གཡུས་ཚན་ཚུ་གི་ནང་ལས་ མི་གྲངས་ ༤༠,༠༠༠ ལྷགཔ་ཅིག་ ཉེན་སྲུང་དང་ལྡན་པའི་ ས་ཁོངས་ཚུ་ནང་ བསྐྱལ་ཡི་ཟེར་ཨིན་པས།བྱང་ཕྱོགས་མཐའ་ཟུར་གྱི་མངའ་སྡེ་ བེ་ཏ་ནེཛ་ལུ་འབད་བ་ཅིན་ རླུང་འཚུབ་དེ་གིས་ ཁྱིམ་ཐོག་ཚུ་ སྤོགས་བདའ་ཡོདཔ་མ་ཚད་ མཚོ་འགྲམ་གྱི་ འབབ་ཚུགས་ཚུ་ཡང་ མེདཔ་བཏང་ཡོདཔ་སྦེ་ མངའ་སྡེའི་སྤྱི་ཁྱབ་ མ་རི་ལུ་ཀེ་ཀོ་གིས་ བཤད་ཡོདཔ་ཨིན་པས།ད་རེས་ […]

World News

སིཌ་ནི་གནམ་ཐང་ནང་ གནམ་གྲུ་གློ་བུར་དུ་ ཆགས་པའི་ཤུལ་ལས་ རྒྱུགས་ཐང་ལུ་མེ་རྐྱེན།

ཨེ་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༨ ལུ་ ཀཱན་ཊཱཛ་མཁའ་འགྲུལ་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འགྲུལ་པ་སྐྱེལ་འདྲེན་གནམ་གྲུ་ཅིག་ ཨཱཛ་ཊེ་ལི་ཡའི་ སིཌ་ནི་གནམ་ཐང་ལས་ འཕུར་འགྲུལ་འབད་བའི་ཤུལ་ལས་ འཕྲུལ་ཆས་ལུ་ གནོད་སྐྱོན་བྱུང་ནི་དེ་གིས་ གནམ་ཁར་ལྡིང་སྐོར་རྐྱབ་སྟེ་ གློ་བུར་དུ་ ལོག་སྟེ་ར་ གནམ་ཐང་ནང་ ཉེན་སྲུང་ཅན་སྦེ་ཆགས་པའི་ཤུལ་ལས་ རྒྱུགས་ཐང་གི་ ལོགས་གཅིག་ཁ་ལས་ སྤང་མེ་ཤོར་ནུག།འཕྲུལ་འཁོར་གཉིས་ལྡན་གྱི་ གནམ་གྲུ་བོ་ཨིང་ ༧༣༧-༨༠༠ ཅན་མའི་ འཕྲུལ་ཆས་ལུ་ གནོད་སྐྱོན་བྱུང་ནི་དང་ སྤང་མེ་འབར་ནི་ ༢ འབྲེལ་བ་ཡོད་མེད་ ཏན་ཏན་ཅིག་ ག་ནི་ཡང་མེདཔ་ད་ སྤང་མེ་དེ་ བསད་ཚུགས་ཡོད་རུང་ གནམ་གྲུ་འཕུར་འགྲུལ་གྱི་ དུས་ཚོད་ཚུ་ ཕར་འཕུལ་འབད་དགོཔ་ ཐོན་ཡོདཔ་ཨིན་པས།ཀཱན་ཊཱཛ་མཁའ་འགྲུལ་ལས་སྡེའི་ གནམ་གྲུའི་དེད་དཔོན་གཙོ་འཛིན་ རི་ཅཱཌ་ ཏོ་བི་ཡ་ནོ་གིས་ གནམ་གྲུ་དེ་ནང་གི་ འགྲུལ་པ་ཚུ་ལུ་ སེམས་ཀྱི་ཚ་གྱང་ཚུ་ ཕོག་ཡོདཔ་ལས་ ཁོང་དང་འབྲེལ་བ་འཐབ་ནི་དང་ དེ་སྦེ་ འཕྲུལ་ཆས་ལུ་ གནོད་སྐྱོན་བྱུང་མིའི་སྐོར་ལས་ ཞིབ་དཔྱད་འབད་ནི་ཨིན་པའི་ གསལ་བཤད་འབད་ནུག།སིཌ་ནི་གནམ་གྲུ་ཐང་ལས་ རྒྱུགས་ཐང་གཙོ་བོ་དེ་ ལག་ལེན་འཐབ་བཞིན་དུ་ཡོད་ལུགས་དང་ རྒྱུགས་ཐང་གཞན་མི་དེ་ སྤང་མེ་ཤོར་བའི་ […]

World News

ཨཱཛ་ཊེ་ལི་ཡའི་ མངའ་སྡེ་ཚུ་གིས་ སྐྱེས་ལོ་ ༡༦ འོག་རྒྱུ་འབད་མི་ ན་ཆུང་ཚུ་གིས་ མི་སྡེ་བརྡ་བརྒྱུད་ ལག་ལེན་འཐབ་ནི་མེདཔ་ བཟོ་ནི་ལུ་རྒྱབ་སྐྱོར།

བི་བི་སི།ཨཱཛ་ཊེ་ལི་ཡ་ལུ་ སྐྱེས་ལོ་ ༡༦ འོག་རྒྱུ་འབད་མི་ ན་ཆུང་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཀྱི་ གྲོས་གནས་མང་ཤོས་ཅིག་ ལག་ལེན་འཐབ་ནི་མེདཔ་ བཟོ་ནི་གི་ འཆར་གཞི་བརྩམས་མི་ལུ་ མངའ་སྡེ་དང་ མངའ་ཁོངས་ཚུ་གིས་ཡང་ མགྲིན་དབྱངས་གཅིག་གི་སྒོ་ལས་ རྒྱབ་སྐྱོར་འབད་ནུག།དེ་ཡང་ མངའ་ཁོངས་ ༨ ཀྱི་ འགོ་ཁྲིདཔ་ཚུ་དང་ བློན་ཆེན་ཨེན་ཐོ་ནི་ ཨཱལ་བ་ནིཛ་གི་བར་ན་ ཡོངས་འབྲེལ་ཐོག་ལུ་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ འཛམ་གླིང་ནང་ རྒྱལ་ཡོངས་ཀྱི་ ཐབས་ལམ་དང་པའི་གྲངས་སུ་ཚུད་མི་ མི་སྡེ་བརྡ་བརྒྱུད་ ཨེགཛ་དང་ ཊིག་ཊོག་ ཨིནཛ་ཊི་ག་རམ་ ཕེཛ་བུག་ཚུ་ ལག་ལེན་འཐབ་ནི་མེདཔ་ བཟོ་དགོ་པའི་ གྲོས་བསྟུན་འབད་ཡོདཔ་ཨིན་པས།འཆར་གཞི་དེ་དང་འབྲེལ་བའི་ དཔྱད་ཡིག་དེ་ བདུན་ཕྲག་ ༢ ཀྱི་ ནང་འཁོད་ལུ་ སྤྱི་ཚོགས་ནང་ བཙུགས་ནི་ཨིན་རུང་ བཅའ་ཁྲིམསསྦེ་ ལོ་ངོ་ ༡ གི་ཤུལ་ལས་ ཁྱབ་སྤེལ་འབད་ནི་ཨིནམ་ལས་ མི་སྡེ་བརྡ་བརྒྱུད་ཀྱི་ གྲོས་གནས་ཚུ་གིས་ ལག་ལེན་ག་དེ་སྦེ་ འཐབ་ནི་ཨིན་ནའི་སྐོར་ལས་ ཐབས་ཤེས་ཚུ་ གཏོན་དགོ་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་་ཌེན་གྱིས་ ཡུ་ཀེ་རེན་ལུ་ ཌོ་ལར་ཐེར་འབུམ་ལས་བཅད་མི་ གྲོགས་རམ་ཚུ་ གང་མགྱོགས་གཏང་ནི།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༡ པའི་ནང་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱི་ ཡིག་ཚང་གི་ གནས་ཡུན་ཚང་ནི་ཨིན་པའི་ སྔ་གོང་ལས་ ཡུ་ཀེ་རེན་ལུ་ སྲུང་སྐྱོབ་གྲོགས་རམ་ ཌོ་ལར་ཐེར་འབུམ་ལས་བཅད་དེ་ གང་མགྱོགས་གཏང་ནི་སྦེ་ཨིནམ་ད་ དེ་ཡང་ ད་རེས་ ཡུ་ཨེཛ་གི་ སྲིད་འཛིན་བཙག་འཐུའི་ནང་ལས་ ཌོ་ནཱལ་ཊཱམ་གྱིས་ རྒྱལ་ཁ་ཐོབ་པ་ལུ་བརྟེན་ཏེ་ཨིན་པས།ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ དམག་གི་གྲོགས་རམ་ བྱིན་མི་ལུ་ ཁ་བཏང་ཡོད་པའི་ཁར་ གལ་སྲིད་ ཁོ་གིས་ སྲིད་འཛིན་བཙག་འཐུའི་ནང་ལས་ རྒྱལ་ཁ་འཐོབ་པ་ཅིན་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ ཕྱད་མདའ་དེ་ མཇུག་བསྡུ་གཏང་ནི་གི་ ཁས་བླངས་འབད་ཡོད་རུང་ ག་དེ་སྦེ་ མཇུག་བསྡུ་གཏང་ནི་ཨིན་ནའི་སྐོ་ལས་ ཁ་གསལ་ཅིག་ མ་བཀོདཔ་ཨིན་པས།དེའབདཝ་ལས་ རེ་པབ་ལི་ཀཱན་ སྲིད་ཚོགས་ཀྱིས་ ཡུ་ཀེ་རེན་ལུ་ མ་འོངས་པའི་ རྒྱབ་སྐྱོར་དེ་ ག་བཟུམ་ཅིག་ལུ་ འགྱུར་ནི་གི་ ངེས་པ་མེད་པའི་ ཚ་གྱང་ཡོདཔ་ལས་ བ་ཡེ་ཌེན་གཞུང་གི་ ཆེ་མཐོའི་འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ བ་ཡེ་ཌེན་གཞུང་གི་ཁ་ཐུག་ལས་ ཡུ་ཀེ་རེན་ལུ་ གྲོགས་རམ་ཚུ་ཡང་ ག་དེ་དྲག་དྲག་དང་ ག་དེ་མགྱོགས་མགྱོགས་ བྱིན་ནི་གི་ […]

World News

ཨིཛ་རེལ་གྱིས་ ལེ་བ་ནཱོན་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༤༠ དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༦ ལུ་ ལེ་བ་ནཱོན་གྱི་ ཤར་ཕྱོགས་ལུང་གཤོང་ བེ་ཀའི་ཁྲོམ་ བཱལ་བེག་ཟེར་སར་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༤༠ དམར་བསད་འབད་བའི་ཁར་ བེ་རུཊ་གི་ ལྷོག་ཕྱོགས་ལུ་ཡང་ གནོད་འཚུབ་ཚུ་བཀལ་ཡོདཔ་ལས་ ལེ་བ་ནཱོན་གྱི་ གསོ་བའི་དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཱལ་བེག་གི་ གནོད་འཚུབ་ནང་ མི་གྲངས་ ༥༣ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།ཨིཛ་རེལ་དང་ ཨི་རཱན་གྱི་ རྒྱབ་སྐྱོར་ཐོག་གི་ དམག་སྡེ་ཨེཛ་བོ་ལ་ ༢ ཀྱི་བར་ན་ ཕྱད་མདའ་ལང་སྟེ་ ལོ་ལྷགཔ་ཅིག་སོང་ཡོདཔ་ད་ སྤྱི་ཟླ་ ༩ པ་ལས་ཚུར་ ལེ་བ་ནཱོན་གྱི་ ཤར་ཕྱོགས་དང་ ལྷོ་ཕྱོགས་ལུ་ ཨིཛ་རེལ་གྱིས་ རྫས་བམ་ཚུ་ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་ནི་ ཡར་སེང་ཐོག་ལས་ གཡུས་སྒོ་ཚུ་ནང་ བཙན་འཛུལ་འབད་ནུག།ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ལེ་བ་ནཱོན་གྱི་ ས་ཁོངས་མ་འདྲཝ་ཚུ་ལས་ མི་སེར་ཚུ་ ཐོན་འགྱོཔ་སྦེ་ བཀོད་རྒྱ་བཏངམ་དང་འབྲེལ་ སྤྱི་ཟླ་ ༡༠ […]

World News

ཨ་མེ་རི་ཀའམ་ ཡུ་ཨེཛ་ཨེའི་ སྲིད་འཛིན་བཙག་འཐུའི་ནང་ལས་ ཌོ་ནཱལ་ཊཱམ་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༡༡ པའི་ཚེས་ ༦ ལུ་ ཨ་མེ་རི་ཀའམ་ ཡུ་ཨེཛ་ཨེའི་ སྲིད་འཛིན་བཙག་འཐུའི་ནང་ལས་ རེ་པབ་ལི་ཀཱན་ སྲིད་ཚོགས་ཀྱི་འདེམས་ངོ་ ཌོ་ནཱལ་ཊཱམ་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ད་ བཙག་འཐུ་དེ་གི་དོན་ལས་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ཀྱི་འདེམས་ངོ་ ཀ་མ་ལ་ ཧར་རིཛ་དང་ ཌོ་ནཱལ་ཊཱམ་ ༢ ཀྱི་བར་ན་ དོ་འགྲན་འབད་ཡོདཔ་ཨིན་པས།སྐྱེས་ལོ་ ༧༨ འབད་མི་ ཌོ་ནཱལ་ཊཱམ་གྱིས་ ལོ་ངོ་ ༤ གི་ ཧེ་མ་ཡང་ ཡུ་ཨེཛ་གི་ སྲིད་འཛིན་འབད་ཡོདཔ་ད་ ད་རེས་ ལོ་ངོ་ ༤ གི་རྒྱབ་ལས་ ལོག་སྟེ་ར་ སྲིད་འཛིན་སྦེ་ བཙག་འཐུ་གྲུབ་ནུག།དེ་སྦེ་ བཙག་འཐུ་གྲུབ་པའི་ཉིན་མར་ རྒྱབ་སྐྱོར་འབད་མི་ཚུ་ སྤུངས་འཛོམས་འབད་སར་ ཨ་མེ་རི་ཀ་གིས་ ཁོ་ལུ་ སྔོནཆད་མ་བྱུང་པའི་ དབང་ཚད་ཅན་གྱི་ འགན་ཁུར་བཀལ་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།ཌོ་ནཱལ་ཊཱམ་གྱིས་ སྤྱི་ལོ་ ༢༠༢༠ གི་ བཙག་འཐུའི་སྐབས་ལུ་ ཚོགས་རྒྱན་ཚུ་ གཡོ་སྒྱུའི་སྒོ་ལས་ སྒྱུར་བཅོས་འབད་དེ་ ཁོ་བཙག་འཐུ་མ་གྲུབ་སྦེ་ […]

World News

སར་བི་ཡ་ལུ་ རེལ་ལིའི་ཐོག་གཡབ་ རམ་སོང་སྟེ་ མི་གྲངས་ ༡༤ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༢ ལུ་ སར་བི་ཡའི་ བྱང་ཕྱོགས་ལུ་ཡོད་མི་ རེལ་ལིའི་ཐོག་གཡབ་ རམ་འགྱོ་བའི་ རྐྱེན་ངན་ནང་ མི་གྲངས་ ༡༤ ལུ་ ཤི་རྐྱེན་བྱུང་པའི་ཁར་ མི་གྲངས་ ༣ ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ལས་ སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།སར་བི་ཡའི་སྲིད་འཛིན་ ཨ་ལེག་ཇཱན་ཌར་ ཝུ་ཅིག་གིས་ ཤི་རྐྱེན་བྱུང་མི་དེ་ ཡར་སེང་མི་འཐོན་འོང་མནོ་བའི་ རེ་བ་ཡོདཔ་མ་ཚད་ ཐོག་གཡབ་དེ་དང་འབྲེལ་བའི་ འགན་ཁུར་འབག་མི་ཚུ་ལུ་ཡང་ ཉེས་བྱ་བཀལ་ནི་ཨིནམ་སྦེ་གསུངས་ནུག།རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་མི་ཚུ་གི་གྲས་ལས་ ཕུངམོ་ ༥ དེ་ཅིག་ ངོས་འཛིན་འབད་མ་ཚུགས་པར་ཡོདཔ་ད་ སྲིད་འཛིན་གྱིས་འབད་བ་ཅིན་ ཐོག་གཡབ་རམ་མིའི་འོག་ལས་ ཕུངམོ་དེ་ཚུ་ འཚོལ་ནིའི་དོན་ལུ་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ ༨༠ དེ་ཅིག་ བཙུགས་ཏེ་ཡོད་ཟེར་ཨིན་པས།དེ་ལས་ བློན་ཆེན་མི་ལོཛ་ ཝུ་ཅེ་བིག་གིས་ཡང་ ཐོག་གཡབ་རམ་འགྱོ་མི་དེ་ དཀའ་ངལ་ཅན་ཅིག་ཨིནམ་མ་ཚད་ རེས་གཟའ་ཉིམ་དེ་ གཞུང་འབྲེལ་དུ་ མྱ་ངན་ངལ་གསོ་ཨིན་པའི་ གསལ་བསྒྲགས་ཡང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ནེ་ཊི་ལཱཛ་ལས་སྡེ་གིས་ ཧོ་རི་ཛཱོན་ཟེར་མི་ སྐྱེལ་འདྲེན་གནམ་གྲུའི་ བཟོ་དབྱིབས་གསར་བཏོད།

སི་ཨེན་ཨེན།སཱན་ཌི་ཡ་གོ་ལུ་ཡོད་མི་ ནེ་ཊི་ལཱཛ་ལས་སྡེ་གིས་ དེང་སང་ བཙོག་རླུང་ཀཱར་བཱོན་གྱི་ དཀའ་ངལ་ཐོན་པའི་ གནས་སྐབས་ནང་ འགྲུལ་པ་ ༢༠༠ ཤོང་མི་ ཧོ་རི་ཛཱོན་ཟེར་མི་ གནམ་གྲུའི་བཟོ་དབྱིབས་ གསར་བཀོད་འབད་མི་དེ་གིས་ བཙོག་རླུང་ཀཱར་བཱོན་ཕྱེད་ཀ་དེ་ཅིག་ མར་ཕབ་འབད་ཚུགས་ནི་ཨིན་པས།འཛམ་གླིང་ནང་ མཁའ་འགྲུལ་གྱི་ དགོས་མཁོ་དེ་ ས་ཐོག་དང་ མཚོ་ཐོག་གི་ འགྲོ་འགྲུལ་ལས་ལྷག་སྟེ་ ཡར་སེང་འགྱོ་དོ་ཡོདཔ་ལས་ གནམ་གྲུ་ཚུ་གི་ནང་ལས་ བཙོག་རླུང་ཕྱིར་ཐོན་གྱི་ ཚད་གཞི་དེ་ སྤྱི་ལོ་ ༢༠༥༠ འཐོནམ་ད་ ཀླད་ཀོར་གུ་ བཀལ་ནི་གི་ དམིགས་གཏད་ཡོདཔ་ཨིན་པས།ད་རེས་ མཁའ་འགྲུལ་ལས་སྡེ་དང་ མཁའ་འགྲུལ་སྒྲིག་འཛིན་འབད་མི་ཚུ་གིས་ གནམ་གྲུའི་བཟོ་གྲྭ་དེ་ བཙོག་རླུང་ཀཱར་བཱོན་མེད་པའི་ བཟོ་གྲྭ་ཅིག་ལུ་ བསྒྱུར་ནིའི་དོན་ལས་ ཐབས་ཤེས་དང་ གནས་སྐབས་ཚུ་ འཚོལ་ཞིབ་འབདཝ་ཨིན་པས།སྤྱི་ལོ་ ༢༠༢༠ ལུ་ ཨེ་ཡར་བཱཛ་གིས་ཡང་ དེ་བཟུམ་མའི་ གནམ་གྲུའི་དཔེ་ཚད་ཚུ་ བཟོ་བཀོད་འབད་ཡོདཔ་ད་ ཇེཊ་ཟི་རོ་ལས་སྡེ་གིས་ཡང་ སྤྱི་ལོ་ ༢༠༢༣ ལུ་ འགྲུལ་པ་ ༢༠༠ ལྷགཔ་ཅིག་ཤོང་པའི་ གནམ་གྲུ་ཚུ་གི་ དཔེ་ཚད་བཟོ་ཡོད་མི་ཚུ་ སྤྱི་ལོ་ ༢༠༣༠ […]

World News

རྒྱལ་སྤྱི་དངུལ་འབྲེལ་མ་དངུལ་གྱིས་ ཨེ་ཤི་ཡའི་དཔལ་འབྱོར་ལུ་ ཉེན་ཁ་ཡོད་ལུགས་ཀྱི་ཉེན་བརྡ།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ རྒྱལ་སྤྱི་དངུལ་འབྲེལ་མ་དངུལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོང་འབྲེལ་ནང་ བྱ་སྟབས་མ་བདེ་བའི་ གནད་ལུ་བརྟེན་ཏེ་ རྒྱ་ནག་གི་ བདོག་གཏད་ལས་སྡེ་ནང་གི་ དཀའ་ངལ་དང་ ད་རུང་ཡང་ འབྱུང་ཉེན་ཡོད་པའི་ ཚོང་ལམ་གྱི་ འཚུབ་འགྱུར་ཚུ་གིས་ ཨེ་ཤི་ཡའི་ དཔལ་འབྱོར་ལུ་ ཉེན་ཁ་ཡོདཔ་སྦེ་ཨིན་པས།དེ་ཡང་ རྒྱ་ནག་གི་ ཚོང་ཆས་ཀྱི་གོང་ཚད་ མར་ཕབ་འབད་མི་དེ་གིས་ ཕྱིར་ཚོང་གི་ སྒྲིག་བཀོད་ཅོག་འཐདཔ་ཡོད་མི་ ཁྱིམ་མཚེས་རྒྱལ་ཁབ་ཚུ་གི་ ལས་སྡེ་ཚུ་ལུ་ གནོད་ཉེན་ཡོདཔ་ལས་ རྒྱ་ནག་གིས་ དཔལ་འབྱོར་བསྐྱར་གསོའི་དོན་ལུ་ མཁོ་འདོད་དང་བསྟུན་པའི་ ཐབས་ལམ་ཚུ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ ནན་སྐུལ་འབད་ནུག།ཨེ་ཤི་ཡའི་དོན་ལུ་ ལུང་ཕྱོགས་དཔལ་འབྱོར་གྱི་ མཐོང་སྣང་དང་འཁྲིལཝ་ད་ རྒྱ་ནག་ལུ་ དཔལ་འབྱོར་བསྐྱར་གསོའི་ དུས་ཡུན་ཕར་འགྱངས་དང་ རེ་འདུན་ལྟར་དུ་ དཔལ་འབྱོར་ཡར་འཕར་གྱི་ ཚད་གཞི་འགྲུབ་མ་ཚུགས་པ་ཅིན་ ལུང་ཕྱོགས་ནང་རྐྱངམ་གཅིག་མིན་པར་ རྒྱལ་སྤྱིའི་གནས་རིམ་ནང་ར་ གནོད་པ་འབྱུང་འོང་ཟེར་ཨིན་པས།འཕྲལ་ཁམས་ཅིག་གི་ བརྡ་སྟོན་ཚོད་རྩིས་ནང་ ཨེ་ཤི་ཡའི་ དཔལ་འབྱོར་དེ་ སྤྱི་ལོ་ ༢༠༢༤ ལུ་ ཡར་འཕར་བརྒྱ་ཆ་ ༤.༦ དང་ […]

Online now: 2 Today: 2 Total visitors: 15438