ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

བྱང་ཀོ་རི་ཡའི་ སྲིད་འཛིན་གྱིས་ ར་ཤི་ཡ་ལུ་ ཡུ་ཀེ་རེན་ལས་ སྲུང་སྐྱོབ་ཀྱི་དབང་ཆ།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ ར་ཤི་ཡའི་ སྲུང་སྐྱོབ་བློན་པོ་ལུ་ གསུངས་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱིས་ རྒྱང་རིང་གོ་མཚོན་ཚུ་ ལག་ལེན་འཐབ་ནི་ཡོད་མི་དེ་ ཡུ་ཨེཛ་དམག་སྡེ་གིས་ ཐད་ཀར་དུ་ བར་འཛུལ་འབད་ནི་དེ་གིས་ཨིནམ་ལས་ ར་ཤི་ཡ་གིས་ རང་དབང་སྲུང་སྐྱོབ་ཀྱི་དོན་ལུ་ ཕྱད་མདའ་རྐྱབ་ནི་གི་ དབང་ཆ་ཡོད་ཟེར་ཨིན་པས།དེ་ཡང་ བྱང་ཀོ་རི་ཡའི་ སྲིད་འཛིན་ཀིམ་དང་ ར་ཤི་ཡའི་ སྲུང་སྐྱོབ་བློན་པོ་ ཨེན་དེ་རེ་བེ་ལུ་སོབ་ ༢ མཇལ་ཕྲད་སྐབས་ལུ་ སྲིད་འཛིན་ཀིམ་གིས་ ཡུ་ཨེཛ་དང་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་གྱི་ཁ་ཐུག་ལས་ རྒྱང་རིང་གོ་མཚོན་ཚུ་ ལག་ལེན་འཐབ་སྟེ་ ར་ཤི་ཡ་ལུ་ གནོད་འཚུབ་བཀལ་བཅུག་དོ་ཡོདཔ་ལས་ བྱ་ངན་འབད་མི་ཚུ་ལུ་ ར་ཤི་ཡ་གིས་ དགྲ་ལན་འཇལ་ཐབས་ཚུ་ ལག་ལེན་འཐབ་དགོ་ཟེར་གསུངས་ནུག།དེ་མ་ཚད་ སྲིད་འཛིན་ཀིམ་གྱིས་ དུས་ཅི་ སྤྱི་ཟླ་ ༦ པའི་ནང་ རང་ཤི་ཡའི་སྲིད་འཛིན་ པུ་ཊིན་དང་གཅིག་ཁར་ མཉམ་འབྲེལ་གྱི་ ཆིངས་ཡིག་བཟོ་མིའི་ ཐབས་བྱུས་ཅན་གྱི་ མཉམ་འབྲེལ་དང་འཁྲིལ་ཏེ་ ར་ཤི་ཡའི་ དྲག་པོའི་ལས་དོན་གྱིས་མ་དོ་བར་ ལས་དོན་གཞན་ག་རའི་ནང་ མཐུན་ལམ་རྒྱ་སྐྱེད་གཏང་ནི་གི་ […]

World News

ཨིཛ་རེལ་གྱིས་ ག་ཟའི་ཁྲོམ་ཁར་ གནོད་འཛུབ་བཀལ་ཏེ་་ པེ་ལིཛ་ཊིན་གྱི་ མི་ཧེར་དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༢༩ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ག་ཟའི་ཁྲོམ་ཁར་ གནོད་འཚུབ་བཀལ་ཏེ་ པེ་ལིཛ་ཊིན་གྱི་ མི་སེར་ ༤༠ དེ་ཅིག་ དམར་བསད་འབད་ནུག།ག་ཟའི་སྨན་བཅོས་ལས་བྱེདཔ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ག་ཟའི་བྱང་ཕྱོགས་ས་གནས་ ནུ་སི་རཱཏ་ཟེར་ས་ལས་ པེ་ལིཛ་ཊིན་གྱི་ མི་སེར་དམར་བསད་འབད་མིའི་ ཕུངམོ་ ༡༩ ཐོབ་ཅི་ཟེར་ཨིནམ་ད་ ས་གནས་དེ་ཁར་ པེ་ལིཛ་ཊིན་གྱི་ སྐྱབས་བཅོལ་བའི་ སྡོད་སྒར་ཚན་ ༨ ཡོདཔ་ཨིན་པས།དེ་བཟུམ་སྦེ་ དེ་ཚེ་ཕྱི་རོ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ག་ཟའི་བྱང་ཕྱོགས་ས་གནས་ བེཏ་ལ་ཧི་ཡ་ཟེར་སར་ཡང་ མི་གྲངས་ ༡༠ དམར་བསད་འབད་ཡོདཔ་སྦེ་ སྨན་བཅོས་ལས་བྱེདཔ་ཚུ་གིས་ གསལ་བཤད་འབད་ནུག།དེ་ལས་ གཞན་ཡང་ ག་ཟའི་བྱང་ཕྱོགས་དང་ ལྷོ་ཕྱོགས་ལུ་ཡོད་མི་ ཉེ་འདབས་ཀྱི་ ས་ཁོངས་ཚུ་ནང་ དམར་བསད་འབད་ཡོད་རུང་ ཨིཛ་རེལ་གྱི་ ཁ་ཐུག་ལས་ གནད་དོན་དེ་ལུ་ ག་ནི་ཡང་ བཤད་མ་བཏུབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨཱཛ་ཊེ་ལི་ཡ་གིས་ ན་གཞོན་སྐྱེས་ལོ་ ༡༦ མན་ཆད་ལུ་ མི་སྡེ་བརྡ་བརྒྱུད་བཀག་དམ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༡༡ པའི་ཚེས་ ༢༨ ལུ་ ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ནང་ལས་ ན་གཞོན་སྐྱེས་ལོ་ ༡༦ མན་ཆད་ཚུ་གིས་ མི་སྡེ་བརྡ་བརྒྱུད་ ལག་ལེན་འཐབ་ནི་མེད་པའི་ བཅའ་ཁྲིམས་ཅིག་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།དེ་ཡང་ བཅའ་ཁྲིམས་ཀྱི་འོག་ལུ་ མི་སྡེ་བརྡ་བརྒྱུད་ ཨིནཛ་ཊེ་ག་རམ་དང་ ཕེཛ་བུག་ ཊིག་ཊོག་ཚུ་གིས་ ན་གཞོན་སྐྱེས་ལོ་ ༡༦ མན་ཆད་ལུ་ བརྡ་བརྒྱུད་ཀྱི་ གྲོས་གནས་དེ་ཚུའི་ གོ་སྐབས་མེདཔ་ བཟོ་དགོཔ་སྦེ་ཡོདཔ་ཨིན་པས།གལ་སྲིད་ བཅའ་ཁྲིམས་དང་འཁྲིལ་ཏེ་ བཀག་ཆ་མ་འབད་བའི་ གནད་རེ་འཐོན་པ་ཅིན་ འཐུས་ཤོར་འབྱུང་མི་ མི་སྡེ་བརྡ་བརྒྱུད་ལུ་ ཨཱཛ་ཊེ་ལི་ཡའི་ ཌོ་ལར་ས་ཡ་ ༥༠ རེ་ ཉེས་ཆད་བཀལ་ནི་ཨིན་པས།ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ དབང་བཙོང་གི་རྒྱབ་འགལ་ལུ་ ལཱ་འབད་མི་ ཨ་ལི་ཧཱལ་ཀིག་གིས་ བཅའ་ཁྲིམས་དེ་ ལེགས་ཤོམ་ཅིག་ཨིནམ་སྦེ་ བསྟོད་པ་རྐྱབ་ཡོད་རུང་ སྡེ་ཚན་ལ་ལོ་ཅིག་གིས་ བཅའ་ཁྲིམས་དེ་ལུ་བརྟེན་ཏེ་ ཉེན་ཁ་ཡོད་མི་ ན་གཞོན་ཚུ་ལུ་ རྒྱབ་སྐྱོར་གྱི་ ཐབས་ལམ་ཚུ་ བྱང་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ གནམ་དགུན་སྡོད་ས་མེདཔ་ལས་ མི་སེར་ལེ་ཤ་ཅིག་ལུ་ ཤི་རྐྱེན་གྱི་ཉེན་ཁ།

སི་ཨེན་ཨེན། པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་ཡོདཔ་ལས་ སྡོད་གནས་ཡང་བསྐྱར་སྤོ་དགོཔ་ ཐོན་མི་ཚུ་གི་གྲས་ལས་ གནམ་དགུན་འཐོནམ་ད་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ ཤི་རྐྱེན་འབྱུང་ནི་གི་ ཉེན་ཁ་སྦོམ་སྦེ་ར་ཡོདཔ་ཨིན་པས།དེ་ཡང་ དེ་ཚེ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ གནམ་དགུན་གྱི་ རླུང་མ་ཤུགས་སྦེ་ འཕུ་ཡོད་པའི་ཁར་ ཆར་ཤུགས་ལུ་བརྟེན་ཏེ་ཡང་ གནས་སྐབས་ཀྱི་སྒར་ནང་ སྡོད་མི་ཚུ་ལུ་ དཀའ་ངལ་སྦོམ་ར་ བྱུང་སྟེ་ཡོད་ཟེར་བཀོད་ནུག།དེ་བསྒང་ གནས་སྐབས་ཀྱི་སྒར་ནང་ སྡོད་མི་ཚུ་གིས་ རླུང་འཚུབ་བཟློག་ཐབས་ལུ་ བྱེམ་ཚུ་སྤུངས་ཡོད་རུང་ རྒྱ་མཚོའི་རྦ་རླབས་ཀྱིས་ བྱེམ་སྤུངས་མི་ཚུ་ ཕྱགས་བདའ་ཡོདཔ་ཨིན་པས།ག་དེ་སྦེ་ཨིན་རུང་ གནད་དོན་དེ་གི་སྐོར་ལས་ འཛམ་གླིང་སྤྱི་ཚོགས་ རྒུད་གསོའི་ལཱ་རིགས་ལས་སྡེ་གིས་ གནམ་དགུན་འཐོནམ་ད་ ག་ཟའི་མི་སེར་ཚུ་གི་དོན་ལུ་ དགོས་མཁོ་ལེ་ཤ་ཅིག་ཡོད་རུང་ གྲོགས་རམ་ཚུ་ ཉུང་སུ་ཅིག་ལས་རྒལ་ཏེ་ མི་ཐོབ་པས་ཟེར་བཀོད་ནུག།ཁོང་གིས་འབད་བ་ཅིན་ ག་ཟ་ལུ་ གནམ་དགུན་འཐོནམ་ད་ ཨིཛ་རེལ་གྱིས་ མཁའ་ཐོག་གནོད་འཚུབ་ལུ་བརྟེན་ཏེ་ མི་ལུ་ཤི་རྐྱེན་འབྱུང་ནི་གིས་མ་དོ་བར་ གྱང་ཤུགས་དང་ ནད་ཡམས་ བཀྲེས་སྐོམ་ཚུ་ལུ་བརྟེན་ཏེ་ཡང་ རྒན་རྒས་དང་ ཨ་ལོ་ལེ་ཤ་ཅིག་ལུ་ ཤི་རྐྱེན་འབྱུང་ནི་མས་ཟེར་ཨིན་པས།སྤྱི་ཟླ་ ༡༢ པ་དང་ སྤྱི་ཟླ་ […]

World News

རྒྱལ་སྤྱི་ཉེས་ལས་ཁྲིམས་འདུན་ཀྱི་ ཁྲིམས་རྩོདཔ་གིས་ མི་ཡཱན་མར་གྱི་ དམག་སྤྱི་འཛིན་བཟུང་གི་ བཀའ་རྒྱ་ཞུ་ཐབས།

སི་ཨེན་ཨེན། རྒྱལ་སྤྱི་ཉེས་ལས་ཁྲིམས་འདུན་གྱི་ ཁྲིམས་རྩོདཔ་གཙོ་འཛིན་གྱིས་ མ་ཡཱན་མར་གྱི་ དམག་སྤྱི་དེ་ འཛིན་བཟུང་གི་ བཀའ་རྒྱ་ཞུ་ཐབས་འབད་ཡོདཔ་ད་ དེ་ཡང་ རོ་ཧིང་གི་ཡ་ མི་རིགས་ཚུ་ སྡུག་སྦྱོང་བཏང་སྟེ་ ཉེས་ལས་འཐབ་པའི་ ཉེས་པ་ཚུ་ལུ་བརྟེན་ཏེ་ཨིན་པས།རྒྱལ་སྤྱི་ཉེས་ལས་ཁྲིམས་འདུན་གྱི་ ཁྲིམས་རྩོདཔ་གཙོ་འཛིན་ ཀ་རིམ་ཁཱན་གྱིས་ འཛིན་བཟུང་བཀའ་རྒྱའི་དོན་ལུ་ ཞུ་ཡིག་ཕུལ་མིའི་ནང་ དམག་སྤྱི་ཨཱང་མིན་ལ་ཡིང་གིས་ སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༨ པའི་ཚེས་ ༨ ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༣༡ ཚུན་ལུ་ རོ་ཧིང་གི་ཡའི་ མི་རིགས་ཚུ་ རྒྱལ་ཁབ་ནང་ལས་ བཏོན་བཏང་ནི་དང་ མ་ཡཱན་མར་དང་ བང་ལ་དེཤ་ རྒྱལ་ཁབ་ ༢ ཀྱི་ནང་ འགྲོ་བ་མི་ལུ་ སྡུག་སྦྱོང་བཏང་ཡོད་པའི་ ཉེས་པ་འཁྲིཝ་ཨིན་པས་ཟེར་བཀོད་ནུག།མིན་ཨཱང་ལ་ཡིང་དེ་ མི་ཡཱན་མར་ལུ་ སྟོབས་ཤུགས་ཆེ་བའི་ དམག་སྡེའི་འགོ་ཁྲིདཔ་ཨིནམ་ད་ ཁོ་གིས་ སྤྱི་ལོ་ ༢༠༢༡ ལུ་ གཞུང་སྐྱོང་གི་དབང་ཚད་ བཙན་འཕྲོག་འབད་དེ་ རྒྱལ་ཁབ་ཀྱི་ གཞུང་སྐྱོང་འགོ་ཁྲིདཔ་འབད་དེ་ཡོདཔ་ལས་ ཞིབ་དཔྱད་ཚུ་ སྤྱི་ལོ་ […]

World News

ཡུ་ཨེཛ་གིས་ ཨིཛ་རེལ་ལུ་ ཌོ་ལར་ས་ཡ་ ༦༨༠ གནས་མི་ གོ་མཚོན་ཚོང་སྒྱུར་གྱི་གནང་བ།

ཨཱལ་ཇ་ཟི་ར། འཛམ་གླིང་དབུས་ཕྱོགས་ལུ་ ཞི་བདེའི་དོན་ལས་ བརྩོན་ཤུགས་བསྐྱེད་དོ་ཡོད་རུང་ ཡུ་ཨེཛ་གིས་ ཨིཛ་རེལ་ལུ་ ཌོ་ལར་ས་ཡ་ ༦༨༠ གནས་མི་ གོ་མཚོན་ཚུ་ ཚོང་སྒྱུར་འཐབ་ཆོག་པའི་ གནང་བ་གྲོལ་ནུག།.སྙན་ཞུ་དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ལུ་ ཨིཛ་རེལ་དང་ ཧེཛ་བོ་ལའི་བར་ན་ ཕྱད་མདའ་མཚམས་འཇོག་འབད་བའི་ གསལ་བསྒྲགས་དང་ ཨིཛ་རེལ་དང་ཧ་མཱཛ་གི་ ཕྱད་མདའ་དང་འབྲེལ་ཏེ་ འགྲིག་ཆ་ཤོ་མཚུངས་ བཟོ་ནི་ཨིནམ་སྦེ་ ཁས་ལེན་འབད་བའི་ཤུལ་ལུ་ ཐོན་ཡོདཔ་ཨིན་པས།གོ་མཚོན་ཚོང་སྒྱུར་གྱི་ གནད་དོན་དེ་ སྤྱི་ཟླ་ ༩ པའི་ནང་ ཡུ་ཨེཛ་གི་ སྤྱི་ཚོགས་ནང་ལས་ ཚོགས་ཆུང་ཚུ་གིས་ བསྐྱར་ཞིབ་འབད་དེ་ སྤྱི་ཟླ་ ༡༠ པའི་ནང་ སྤྱི་ཚོགས་ལུ་ ཕུལ་ཡོདཔ་ད་ ཚོང་སྒྱུར་དེ་ནང་ རྫས་བམ་ཆུང་ཀུ་དང་ གནོད་འཚུབ་ཐད་ཀར་དུ་ བཀལ་ཚུགས་མི་ གོ་མཚོན་ཚུ་ ཚུད་དེ་ཡོདཔ་སྦེ་བཀོད་ནུག།ཨིན་རུང་ ཡུ་ཨེཛ་གཞུང་གི་ཁ་ཐུག་ལས་ སྙན་ཞུ་དེ་ ངོ་མ་ཨིནམ་སྦེ་ གཏན་འཁེལ་མ་འབད་བར་ཡོདཔ་ད་ གནས་ཚུལ་དང་འཁྲིལ་བ་ཅིན་ ཡུ་ཨེཛ་གིས་ ལོགས་གཅིག་ལས་ འཛམ་གླིང་དབུས་ཕྱོགས་ལུ་ ཞི་བདེའི་དོན་ལས་ […]

World News

པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ལུ་ རྒྱབ་སྐྱོར་འབད་མི་ཚུ་འཛིན་བཟུང་།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ལུ་ ད་རེས་ བཙོན་ཁྲིམས་ནང་ཡོད་མི་ པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ཨིམ་རཱན་ཁཱན་དེ་ བཙོན་ཁྲིམས་ལས་ གློད་གྲོལ་གཏང་དགོཔ་སྦེ་ རྒྱལ་ས་ལུ་ སྤུངས་འཛོམས་འབད་དེ་ ངོ་རྒོལ་འགྲེམ་སྟོན་འབད་ཡོདཔ་ལས་ ངོ་རྒོལ་འགྲེམ་སྟོན་འབད་མི་ ༡,༠༠༠ དེ་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།དེ་ཡང་ ཨིམ་རཱན་ཁཱན་གྱི་ ཨམ་སྲུ་གིས་ འགོ་ཁྲིད་ཐོག་ལུ་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་གིས་ རྒྱལ་ས་ཨིཛ་ལ་མ་བཱད་ལུ་ ཉེན་སྲུང་བཀག་ར་ཚུ་ མེདཔ་བཏང་སྟེ་ སྒྲིག་མེད་པའི་ སྤྱོད་ངན་ཚུ་ བཏོན་པའི་སྐབས་ལུ་ ཁྲིམས་སྲུང་འགག་པ་ཚུ་གིས་ ངོ་རྒོལ་འབད་མི་ཚུ་ ཁ་གཏོར་གཏང་ཐབས་ཚུ་ འགོ་འདྲེན་འཐབ་ནུག།ཨིམ་རཱན་ཁཱན་གྱི་ རྒྱབ་སྐྱོར་པ་ཚུ་གིས་འབད་བ་ཅིན་ ངོ་རྒོལ་འགྲེམ་སྟོན་འབད་མི་ བརྒྱ་ལས་བཅད་མི་ཚུ་ལུ་ ཀྲོབ་མདའ་ཚུ་ ཕོག་སྟེ་ཡོད་པའི་ སྒྲུབ་བྱེད་ཡོད་ལུགས་ཚུ་ བཤད་པའི་ཁར་ མི་སེར་སྟོང་ཕྲག་ལས་བཅད་དེ་ འཛིན་བཟུང་ཡང་འབད་ཡི་ཟེར་ཨིན་པས།ཨིན་རུང་ ཨིཛ་ལ་མ་བཱད་ཀྱི་ ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ ཨ་ལི་རིཛ་བི་གིས་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ ཁ་གཏོར་བཏང་པའི་སྐབས་ལུ་ ཀྲོབ་མདའི་ལྡེའུ་ངོ་མ་ཚུ་ ལག་ལེན་མ་འཐབ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨིཛ་རེལ་དང་ ཧེཛ་བོ་ལའི་ ཕྱད་མདའ་མཚམས་འཇོག།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་དང་ ཕ་རཱནཛ་གི་ཁ་ཐུག་ལས་ བར་འཛུལ་འབད་དེ་ ཨིཛ་རེལ་དང་ ཨི་རཱན་གྱིས་ རྒྱབ་སྐྱོར་འབད་མི་ དྲག་དམག་སྡེ་ཚན་ ཧེཛ་བོ་ལའི་བར་ན་ ཕྱད་མདའ་ལང་སྟེ་ཡོད་མི་དེ་ མཚམས་འཇོག་འབད་ནུག།དེ་བསྒང་ བེ་རུཊ་གི་ས་ཁོངས་ནང་ ཀྲོབ་མདའི་སྐད་ཚུ་ གོ་མི་དེ་ ཕྱད་མདའ་མཚམས་འཇོག་གི་ དགའ་སྟོན་ལུ་ཨིན་ན་དང་ ཡང་ཅིན་ མི་སེར་ཚུ་ ས་ཁོངས་དེ་ནང་ལས་ འཐོན་འགྱོ་དགོ་པའི་ ཉེན་བརྡ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།ཨིན་རུང་ ཕྱད་མདའ་མཚམས་འཇོག་གི་ཤུལ་ལས་ ཨིཛ་རེལ་གྱི་ ས་མཚམས་ཁར་ཡོད་མི་ ལྷོ་ལེ་བ་ནཱོན་ལུ་ སྣུམ་འཁོར་ལེ་ཤ་ཅིག་ འགྲུལ་བསྐྱོད་འབད་ནི་འགོ་བཙུགས་ནུག།ཕྱད་མདའ་མཚམས་འཇོག་གི་ གནས་ཚིག་ལྟར་དུ་འབད་བ་ཅིན་ ག་ཟ་ལུ་ ཕྱད་མདའ་རྐྱབ་མིའི་ནང་ མི་གྲངས་སྟོང་ཕྲག་ལས་བཅད་དེ་ དམར་བསད་འབད་ཡོད་མི་ ཨིཛ་རེལ་དང་ ལེ་བ་ནཱོན་གྱི་ ས་མཚམས་བདའ་སྟེ་ འཛིང་འཁྲུག་ཚུ་ རྩ་ལས་ར་ ལང་ནི་མེདཔ་སྦེ་ བཞག་ནི་ཨིན་པའི་ ཁས་ལེན་འབད་ཡི་ཟེར་ཨིན་པས།སྤྱི་ཟླ་ ༡༡ པའི་ཚེས་ ༢༦ ལུ་ ཨིཛ་རེལ་གྱི་ ལྷན་རྒྱས་གཞུང་ཚོགས་ནང་ལས་ མཚམས་འཇོག་གི་ ཆིངས་ཡིག་ལུ་ […]

World News

པཱ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་གྱི་ རྒྱབ་སྐྱོར་པ་ཚུ་གིས་ ཨིཛ་ལ་མ་བཱད་ལུ་ ངོ་རྒོལ་འགྲེམ་སྟོན།

ཨེ་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༢༦ ལུ་ པཱ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་གྱི་ རྒྱབ་སྐྱོར་པ་ཚུ་གིས་ བཙོན་ཁང་ནང་ བཙུགས་ཏེ་ཡོད་མི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་དེ་ གློད་བཀྲོལ་གཏང་དགོཔ་སྦེ་ རྒྱལ་ས་ཨིཛ་ལ་མ་བཱད་ལུ་ ངོ་རྒོལ་འབདཝ་ལས་ མི་གྲངས་ ༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག། ངོ་རྒོལ་འབད་མི་ཚུ་གིས་ སྲུང་སྐྱོབ་དམག་མི་ཚུ་དང་ འཛིང་འཁྲུག་ལང་ཡོདཔ་མ་ཚད་ གཞུང་གིས་ ཀྲོབ་མདའ་རྐྱབ་སྟེ་ ཉེན་བརྡ་འབད་མི་ལུ་ཡང་ སྣང་མེད་བསྐྱུར་ཏེ་ ངོས་ལེན་འབད་མ་བཏུབ་ཨིན་པས། དེ་བསྒང་ ཤི་རྐྱེན་བྱུང་མིའི་གྲས་ཁར་ ཉེན་སྲུང་ལས་བྱེདཔ་ ༤ དང་ ཞི་བའི་མི་སེར་ ༡ ཡོདཔ་ད་ དེ་ཡང་ སྣུམ་འཁོར་ཅིག་གིས་ ཁྲོམ་ལམ་ཁར་ བརྡུངས་པའི་ཤུལ་ལུ་ ཤི་རྐྱེན་བྱུང་ནུག། པཱ་ཀིཛ་ཏཱན་གྱི་བློན་ཆེན་ ཤེ་བྷཛ་ཤ་རིཕ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྲིམས་སྲུང་འགག་པ་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ གཞུང་མེད་རིང་ལུགས་སྡེ་ཚན་ཅིག་གིས་ གནོདཔ་བཀལ་ནུག་ཟེར་ཨིན་པས། གནོད་འཚུབ་དེ་གི་སྐོར་ལས་ སྡེ་ཚན་ག་གིས་ཡང་ ངོས་ལེན་མ་འབད་མ་བཏུབ་པར་ཡོདཔ་ད་ རྐྱེན་ངན་དེ་ནང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་ལུ་ཡང་ […]

World News

པ་ཀིཛ་ཏཱན་ལུ་ རེལ་ལི་འཐོན་འཛུལ་འབད་སར་ རྫས་བམ་གས་ཏེ་ མི་གྲངས་ ༢༡ དམར་བསད།

སི་ཨེན་ཨེན། སྤྱི་ཟླ་ ༡༡ པའི་ཚེས་ ༨ ལུ་ དྲོ་པའི་ཆུ་ཚོད་ ༩ དེ་ཅིག་ཁར་ པ་ཀིཛ་ཏཱན་ རྒྱལ་ཁབ་ཀྱི་ ལྷོ་ནུབ་ལུ་ རེལ་ལི་འཐོན་འཛུལ་གྱི་ ས་གོ་ནང་ རྫས་བམ་ཅིག་གས་ཏེ་་ མི་གྲངས་ ༢༡ ལུ་ ཤི་རྐྱེན་དང་ ༣༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།རྫས་བམ་དེ་ བ་ལོག་ལི་བ་རེ་ཤཱན་ ཨར་མི་ཟེར་མི་ ངོ་རྒོལ་དམག་སྡེ་གིས་ བཀལ་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ད་ ལུང་ཕྱོགས་དེ་ནང་ གནོད་འཚུབ་ཚུ་ ལག་ལེན་འཐབ་མི་ ངོ་རྒོལ་དམག་སྡེ་དེ་གིས་ རྫས་བམ་དེ་ཡང་ འགྲུལ་པ་ལེ་ཤ་ཅིག་ སྤུངས་འཛོམས་འབད་བའི་ དུས་ཚོད་ཁར་ རང་སྲོག་བཅད་ཐོག་ལས་ གས་བཅུག་ནུག་ཟེར་་ཨིན་པས།མངའ་སྡེའི་གཙོ་འཛིན་བློན་པོ་ སར་ཕ་རཱཛ་བུག་ཏི་གིས་ རྐྱེན་ངན་དེ་གི་སྐོར་ལས་ དབྱེ་ཞིབ་འབད་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ད་ བློན་ཆེན་ཤེ་བྷཛ་ ཤ་རིཕ་གིས་ཡང་ ཁ་ཉེས་ཚུ་ བཀལ་ཡོདཔ་ཨིན་པས།ངོ་རྒོལ་དམག་སྡེ་དེ་གིས་ གནོད་འཚུབ་སྦོམ་ར་ དུས་ཅི་གི་ལོ་ནང་ བཀལ་ཡོད་པའི་ནང་ལས་ སྤྱི་ཟླ་ ༡༠ པའི་ནང་ རྒྱལ་ས་ཀ་ར་ཅི་ལུ་འོང་མི་ རྒྱ་ནག་གི་ བཟོ་རིག་པའི་ སྣུམ་འཁོར་ཚུ་ལུ་ […]

Online now: 12 Today: 2049 Total visitors: 15412