ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཡུ་ཨེཛ་དམག་སྡེའི་ གནམ་གྲུ་ཅིག་ནང་སྦེ་ རྒྱ་གར་གྱི་ མི་ཁུངས་ ༡༠༤ ལོག་བསྐྱལ་ཡོདཔ།

ཨེ་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༥ ལུ་ ཡུ་ཨེཛ་དམག་སྡེའི་ གནམ་གྲུ་ཅིག་ནང་སྦེ་ ཡུ་ཨེཛ་ལུ་ ཁྲིམས་འགལ་ཐོག་ལས་ འཛུལ་ཞུགས་འབད་དེ་ ལོ་ངོ་ལེ་ཤ་ཅིག་འགྱོ་མི་ རྒྱ་གར་གྱི་ མི་ཁུངས་ ༡༠༤ ལོག་སྟེ་ར་ བསྐྱལ་ཡོདཔ་ཨིན་པས།དེ་ཡང་ འདས་པའི་བདུན་ཕྲག་ནང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་དང་ རྒྱ་གར་གྱི་བློན་ཆེན་ མོ་དི་ ༢ ཀྱི་བར་ན་ ཕྱི་མི་ནང་སྐྱོད་ཀྱི་སྐོར་ལས་ བརྒྱུད་འཕྲིན་ཐོག་ལུ་ གསུང་གྲོས་གནངམ་ད་ རྒྱ་གར་གྱིས་ ཡུ་ཨེཛ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ བདེན་དཔྱད་འབད་བའི་ཤུལ་ལུ་ རྒྱ་གར་གྱི་ མི་སེར་ཚུ་ ལོག་ལེན་ནི་ལུ་ གྲ་སྒྲིད་ཡོདཔ་སྦེ་གསུངས་ནུག།དེ་མ་ཚད་ སྲིད་འཛིན་ཊཱམ་གྱིས་ ཡུ་ཨེཛ་ལུ་ བཟོ་བསྐྲུན་འབད་མི་ ཉེན་སྲུང་ཅ་ཆས་ཚུ་ མང་སུ་ཉོ་དགོ་པའི་སྐོར་ལས་ཡང་ གསུང་གྲོས་གནང་ཡོདཔ་ད་ ཤུལ་མའི་བདུན་ཕྲག་ནང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་མཆོག་ ཝ་ཤིང་ཊཱོན་ལུ་ གཟིགས་སྐོར་གནང་ནི་གི་ ལས་རིམ་ཡོདཔ་ཨིན་པས།ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ མར་ཀོ་ རུ་བི་ཨོ་གིས་ གནམ་གྲུ་ཚུ་ནང་སྦེ་ ཕྱིར་བཏོན་འབད་མི་དེ་ ཁྲིམས་འགལ་ཐོག་ལས་ ཕྱི་མི་ནང་སྐྱོད་འབད་མི་ཚུ་ […]

World News

སྲིད་འཛིན་ཊཱམ་གྱིས་ རྒྱལ་སྤྱི་གོང་འཕེལ་ལས་སྡེ་མཚམས་འཇོག།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༢ པའི་ཚེས་ ༥ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱི་ གཞུང་གི་ཁ་ཐུག་ལས་ ཡུ་ཨེཛ་རྒྱལ་སྤྱི་གོང་འཕེལ་ལས་སྡེའི་ནང་ ཐད་ཀར་དུ་ ལཱ་གཡོག་ནང་ བསྐོ་བཞག་གྲུབ་མི་ཚུ་ ངལ་གསོ་བཞག་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།དེ་ཡང་ གནད་འགག་ཅན་གྱི་ ལཱ་འགན་འབག་མི་དང་ དམིགས་བསལ་གྱིས་ འགོ་ཁྲིད་གཙོ་བོ་དང་ ངོས་འཛིན་གྲུབ་མི་ ལས་རིམ་ཚུ་གི་དོན་ལུ་མ་གཏོགས་ ལས་གཡོགཔ་གཞན་ཚུ་ ངལ་གསོ་སྦེ་ བཞག་ནི་ཨིན་པའི་ཁར་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡོད་མི་ ལས་གཡོགཔ་ཚུ་ཡང་ ཉིན་གྲངས་ ༣༠ གི་ ནང་འཁོད་ལུ་ ལོག་འབོ་ནི་ཨིནམ་སྦེ་ གསལ་བསྒྲགས་འབད་ནུག།རྒྱལ་སྤྱི་གོང་འཕེལ་ལས་སྡེའི་འོག་ལུ་ ལས་གཡོགཔ་ ༡༠,༠༠༠ ལྷགཔ་ཅིག་ལས་ གསུམ་དཔྱ་ ༢ དེ་ཅིག་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡོདཔ་ད་ ད་རེས་ ལས་གཡོགཔ་ཚུ་ ངལ་གསོ་བཞག་ནི་ཨིན་པའི་ གསལ་བསྒྲགས་དེ་ཡང་ ལས་སྡེ་དེ་ ཆ་མེད་བཏང་སྟེ་ ལཱ་འགན་ཚུ་ ཡུ་ཨེཛ་རྒྱལ་ཁམས་ལས་ཁུངས་འོག་ལུ་ བསྐྱར་བཀོད་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པས།མ་གཞི་ སྤྱི་ལོ་ ༢༠༢༣ ལུ་ ཕྱིའི་གྲོགས་རམ་གྱི་འཆར་དངུལ་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ […]

World News

རྒྱ་ནག་གིས་ གུ་གཱལ་གྱིས་གཙོས་པའི་ ཡུ་ཨེཛ་གི་ ཚོང་འབྲེལ་དག་པ་ཅིག་ བཀག་དམ་གྱི་གསལ་བསྒྲགས།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༤ ལུ་ རྒྱ་ནག་གིས་ གུ་གཱལ་གྱིས་གཙོས་པའི་ ཡུ་ཨེཛ་གི་ ཚོང་འབྲེལ་དག་པ་ཅིག་ བཀག་དམ་གྱི་ ཐབས་ལམ་ཚུ་ གསལ་བསྒྲགས་འབད་ནུག།དེ་ཡང་ རྒྱ་ནག་གི་ ཚོང་འབྲེལ་ཚུ་གུ་ ཡུ་ཨེཛ་གིས་ བཀག་དམ་ཚུ་ ལག་ལེན་འཐབ་ཡོད་པའི་ ངོས་ལན་ལུ་ཨིནམ་ད་ རྒྱ་ནག་གི་ བཀག་དམ་གྲས་ཁར་ ཡོངས་གྲགས་ཅན་གྱི་ གྱོན་ཆས་ལས་སྡེ་ ཀེལ་བིན་ཀ་ལེན་དང་ སོ་ནམ་ལག་ཆ་ དེ་ལས་ བཟོ་བསྐྲུན་ལས་སྡེ་ཚུ་ ཚུད་དོ་ཡོདཔ་ཨིན་པས།དེ་མ་ཚད་ རྒྱ་ནག་གིས་ ཡུ་ཨེཛ་གི་ རྡོ་སོལ་དང་ ས་སྣུམ་ དེ་ལས་ སྣུམ་འཁོར་གྱི་ ཡན་ལག་ཅ་ཆས་ཚུ་ལུ་ཡང་ ཅ་དམ་གྱི་ཁྲལ་ ཡར་སེང་འབད་ཡོདཔ་ད་ དེ་གི་ཧེ་མར་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ རྒྱ་ནག་གི་ ཅ་ཆས་ཚུ་གུ་ ཅ་དམ་གྱི་ ཁྲལ་གསརཔ་ཚུ་ བཀལ་ཡོདཔ་ལས་ འཛམ་གླིང་ནང་ དཔལ་འབྱོར་སྦོམ་ཤོས་ ༢ ཀྱི་བར་ན་ ཚོང་འབྲེལ་གྱི་ བྱ་སྟབས་མ་བདེཝ་ཐོན་ནུག།རྒྱ་ནག་གཞུང་གི་ ཚོང་འབྲེལ་སྒྲིག་འཛིན་བདག་སྐྱོང་གིས་ བཤད་དོ་བཟུམ་འབད་བ་ཅིན་ གུ་གཱལ་ལས་སྡེ་གིས་ རྒྱལ་ཁབ་ནང་ […]

World News

གི་རིཛ་རྒྱལ་ཁབ་ཀྱི་ མཚོ་གླིང་སཱན་ཏོ་རི་ནི་ཟེར་སར་ ཉིན་ཞག་ ༢ ཀྱི་ ནང་འཁོད་ལུ་ ས་ཡོམ་ཡང་བསྐྱར་རྐྱབ་ཡོདཔ།

བི་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༤ ལུ་ གི་རིཛ་རྒྱལ་ཁབ་ཀྱི་ མཚོ་གླིང་སཱན་ཏོ་རི་ནི་ཟེར་སར་ དུས་ཡུན་ཆུ་ཚོད་ ༤༨ ཀྱི་ ནང་འཁོད་ལུ་ ས་ཡོམ་ལན་ཐེངས་བརྒྱ་ཕྲག་སྦེ་ རྐྱབ་ནི་དེ་གིས་ མཚོ་གླིང་དེ་ནང་ལས་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ ས་གནས་གཞན་ཁར་ བྱོག་འགྱོ་དོ་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༢ ལས་ཚུར་ གློ་བུར་གྱི་ གནམ་གྲུ་འཕུར་འགྲུལ་ ཡར་སེང་ཐོག་ལས་ མི་སེར་ ༩,༠༠༠ དེ་ཅིག་ གི་རིཛ་གི་ མ་གླིང་ནང་བསྐྱལ་ནུག།གནས་ཚུལ་དང་འཁྲིལ་བ་ཅིན་ མཚོ་གླིང་དེ་ནང་ ཉིན་ཞག་ ༢ ཀྱི་ ནང་འཁོད་ལུ་ ས་ཡོམ་ལན་ཐེངས་ ༣༠༠ ལྷགཔ་ཅིག་ རྐྱབ་ཡོདཔ་སྦེ་ཨིནམ་ད་ མཁས་མཆོག་ཚུ་གིས་ ད་རུང་ཡང་ ཤུལ་མའི་བདུན་ཕྲག་ཚུ་ནང་ ས་ཡོམ་དེ་ འཕྲོ་མཐུད་དེ་ར་ རྐྱབ་ནི་བཟུམ་འདུག་ཟེར་ བཤད་ཡོདཔ་ལས་ སློབ་གྲྭ་ཚུ་ སྒོ་བསྡམས་ཡོད་པའི་ཁར་ མི་སེར་ཚུ་ཡང་ སྤུངས་འཛོམས་འབད་ནི་ལས་ འཛེམ་དགོ་པའི་ བཀོད་རྒྱ་ཚུ་ བཏང་ཡོདཔ་ཨིན་པས།མཚོ་གླིང་སཱན་ཏོ་རི་ནི་དེ་ བལྟ་བཤལ་པའི་བསྐྱོད་ཡུལ་ […]

World News

ར་ཤི་ཡ་གིས་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ལེ་ཤ་ཅིག་དང་ མི་ཛ་ཡེལ་ཚུ་ལག་ལེན།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༡ ལུ་ ར་ཤི་ཡ་གིས་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ལེ་ཤ་ཅིག་དང་ མི་ཛ་ཡེལ་ཚུ་ ལག་ལེན་འཐབ་མིའི་ནང་ མི་གྲངས་ ༡༡ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ སྡོད་ཁྱིམ་ ༡༠ དང་ ནུས་ཤུགས་ཀྱི་ གཞི་རྟེན་མཐུན་རྐྱེན་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ནུག།ཡུ་ཀེ་རེན་གྱི་ ནང་སྲིད་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ མི་ཛ་ཡེལ་ཅིག་གིས་ པོལ་ཊ་ཝ་ ཁྲོམ་སྡེའི་ནང་ སྡོད་ཁྱིམ་ཅིག་ལུ་ ཕོག་ཡོདཔ་ལས་ མི་གྲངས་ ༧ ལུ་ ཤི་རྐྱེན་དང་ ཨ་ལོ་ ༣ རྩིས་ཏེ་ མི་གྲངས་ ༡༤ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།དེ་བཟུམ་སྦེ་ བྱང་ཤར་ཁྲོམ་སྡེ་ ཁར་ཀིབ་ལུ་ཡང་ མི་ ༡ ལུ་ ཤི་རྐྱེན་དང་ མི་ ༤ རྨ་སྐྱོན་བྱུང་ཡོདཔ་ད་ སྲིད་འཛིན་ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ བྱ་ངན་དེ་ལུ་བརྟེན་ཏེ་ ལུང་ཕྱོགས་ ༦ གི་ནང་ […]

World News

ཡུ་ཨེཛ་གི་ཁྲོམ་ཚོགས་ ཕི་ལ་ཌེལ་ཕི་ཡ་ཟེར་སར་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་ ༦ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༣༡ གི་ཕྱི་རོ་ ཡུ་ཨེཛ་གི་ཁྲོམ་ཚོགས་ ཕི་ལ་ཌེལ་ཕི་ཡའི་ བྱང་ཤར་ཁ་ཐུག་ལུ་ གནམ་གྲུ་ཆུང་ཀུ་ཅིག་ སྒྲིང་ཁྱིམ་ལེ་ཤ་ཅིག་གུ་ བུད་སོངཔ་ལས་ སྡོད་ཁྱིམ་དང་ སྣུམ་འཁོར་ཚུ་ ལེ་ཤ་ཅིཁག་ར་ མེ་གིས་འཚིགས་ཡོདཔ་མ་ཚད་ ས་ཁར་སྡོད་མི་ མི་སེར་མང་རབས་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ནུག།དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནདཔ་སྐྱེལ་འདྲེན་འབད་མི་ གནམ་གྲུ་དེ་ ཐུག་རྐྱེན་བྱུང་པའི་སྐབས་ལུ་ ནད་གཡོགམ་ཨའི་ ༡ གནམ་གྲུའི་དེད་དཔོན་ ༡ དེད་དཔོན་ཞིབ་རིགས་ ༡ ཌོག་ཊར་ ༡ གསོ་བའི་ལས་བྱེདཔ་ ༡ འབདཝ་ད་ མི་གྲངས་ ༦ སྡོད་ནུག་ཟེར་ཨིན་པས།གློ་བུར་གྱི་ ལཱ་འབད་མི་ཚུ་ དེ་འཕྲལ་ལས་ ཧབ་ཐོབ་རྐྱབ་སྟེ་ གནམ་གྲུའི༌རག༌རོ༌ཚུ༌ ཁ༌གཏོར༌ཏེ༌ཡོད༌མི༌ ས༌ཁོངས༌ནང༌ ལྷོད་ཡོདཔ་བཞིན་དུ་ མི་སེར་ཚུ་ ས་ཁོངས་དེ་ཁ་ལས་ ས་ཐག་རིང་སར་ སྡོད་དགོ་པའི་ བརྡ་ལན་འབད་ནུག།ཐུག་རྐྱེན་སྐབས་ལུ་ མིག་གིས་མཐོང་མི་ཚུ་གིས་ ཐུག་རྐྱེན་དེ་ལུ་བརྟེན་ཏེ་ མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་པའི་ཁར་ གཞི་བཀོད་ཚུ་ཡང་ མང་རབས་ཅག་ […]

World News

རྒྱ་པཱན་གྱི་ ཁྲིམས་སྲུང་འགག་སྡེ་གིས་ སྨྱོ་རྫས་ནག་ཚོང་འཐབ་པའི་ དོགས་པ་ལུ་བརྟེན་ཏེ་ ཀེ་ན་ཊའི་ མི་ཁུངས་ཅིག་འཛིན་བཟུང་།

ཨེ་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༣༡ ལུ་ རྒྱ་པཱན་གྱི་ ཁྲིམས་སྲུང་འགག་སྡེ་གིས་ ཡུ་ཨེཛ་ལས་ གྲུ་ཅིག་ནང་སྦེ་ བཟོ་གྲྭའི་འཕྲུལ་ཆས་ དོ་སྒྲོམ་སྦོམ་ཅིག་ནང་ སྨྱོ་རྫས་ག་རམ་བརྒྱ་ཕྲག་ལས་བཅད་དེ་ སྦ་གསང་ཐོག་ལུ་ འབག་འོང་པའི་ དོགས་པ་ལུ་བརྟེན་ཏེ་ ཀེ་ན་ཊའི་ མི་ཁུངས་ཅིག་ འཛིན་བཟུང་འབད་ནུག།དེ་ཡང་ ཊོ་ཀི་ཡོ་ཁྲོམ་སྡེའི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཊོ་ཀི་ཡོའི་ ཉེ་འའདབས་ལུ་ སྐྱེས་ལོ་ ༣༨ འབད་མི་ ལས་སྡེའི་འགོ་དཔོན་ ཝིན་སེན་ཡཊ་ སམ་ཡེ་ཡུང་གིས་ སྤྱི་ཟླ་ ༡ པའི་ཚེས་ ༢༩ ལུ་ འཛིན་བཟུང་འབད་ནུག་ཟེར་ཨིན་པས།དོགས་པ་ཅན་དེ་ལུ་ ཆ་རོགས་ཚུ་ཡོད་པའི་ ཡིད་ཆེས་ཡོདཔ་ལས་ འཕྲོ་མཐུད་དེ་ར་ ཞིབ་དཔྱད་འབད་བཞིན་དུ་ཡོད་རུང་ ད་ཚུན་གྱི་བར་ན་ བརྡ་དོན་ཁ་གསལ་ཅིག་ ཐོབ་མ་ཚུགས་པར་ཡོདཔ་སྦེ་ ཁྲིམས་སྲུང་འགག་སྡེ་གིས་ གསལ་བཤད་འབད་ནུག།སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༢ པའི་ནང་ཡང་ ལོཛ་ཨེན་ཇི་ལེཛ་ལས་ བསྐྱལ་བཏང་མི་ འཕྲུལ་ཆས་སྦོམ་ཅིག་ནང་ ཁྲིམས་སྲུང་འགག་སྡེ་གིས་ སྨྱོ་རྫས་ཀེ་ཇི་ ༣༢༠ […]

World News

རྒྱ་གར་ལུ་ ཆོས་འབྲེལ་དུས་སྟོན་ཅིག་ནང་ མི་གྲངས་ ༣༠ ལུ་ ཤི་རྐྱེན་དང་ ༦༠ ལུ་རྨ་སྐྱོན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༡ པའི་ཚེས་ ༢༩ ལུ་ རྒྱ་གར་གྱི་ བྱང་ཕྱོགས་ཁྲོམ་སྡེ་ པར་ཡ་ག་རཇ་ཟེར་སར་ འཛམ་གླིང་ནང་ ཆོས་དང་འབྲེལ་བའི་ དུས་སྟོན་སྦོམ་ཤོས་ཅིག་ཨིན་མི་ བརྩི་སྲུང་ཞུ་བའི་སྐབས་ལུ་ མི་མང་ལེ་ཤ་ཅིག་ སྤུངས་འཛོམས་འབད་ཡོདཔ་ལས་ ཨེབ་ཏ་རྐྱབ་པའི་ རྐྱེན་ངན་ནང་ མི་གྲངས་ ༣༠ ལུ་ ཤི་རྐྱེན་དང་ ༦༠ ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ ཨུཏ་ཏར་པར་དེཤ་གི་ གཙོ་འཛིན་བློན་པོ་ ཡོ་གི་ཨ་དི་ཏི་ཡ་ནཐ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༡ པའི་ཚེས་ ༢༩ གི་དྲོ་པར་ མངའ་སྡེ་དེ་ནང་ཡོད་མི་ པར་ཡ་ག་རཇ་ལུ་ གནས་སྐོརཔ་ཚུ་ བཀག་ར་གུ་ལས་མཆོང་སྟེ་ གཙང་ཆུའི་ནང་ ཁྲུས་འབད་བར་ འགྱོ་བའི་སྐབས་ལུ་ བྱུང་ནུག་ཟེར་ཨིན་པས།རྐྱེན་ངན་དེ་ བྱུང་པའི་སྐབས་ལུ་ སྐྱེས་ལོ་ ༤༨ འབད་མི་ གནས་སྐོརཔ་རེ་ནུ་དེ་ཝི་དེ་ བཀག་རའི་སྦོ་ལོགས་ཁར་ སྡོད་ཡོདཔ་ལས་ མི་སེར་ཚུ་ འགྱོ་བའི་སྐབས་ལུ་ མི་རྒན་ཤོས་དང་ ཨམ་སྲུ་ཚུ་ བསྣད་དེ་འབད་རུང་ རོགས་རམ་འབད་མི་ མི་ཕུད་རྡོག་ཅིག་ཡང་ […]

World News

ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ ཁྲོམ་ཚོགས་ཅིག་ནང་ མི་ཛ་ཡེལ་ ༤ བཏང་ཐོག་ལས་ ས་སྣུམ་འཕྲུལ་ཁང་ཅིག་ལུ་གནོད་སྐྱོན།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༢༩ ལུ་ ཡུ་ཀེ་རེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་དམག་མི་ཚུ་གིས་ ཀི་ལོ་མི་ཊར་ ༨༠༠ དེ་ཅིག་གི་ ས་ཁར་ཡོད་མི་ ར་ཤི་ཡའི་ ཁྲོམ་ཚོགས་ཅིག་ནང་ མི་ཛ་ཡེལ་ ༤ བཏང་ཐོག་ལས་ ས་སྣུམ་འཕྲུལ་ཁང་ཅིག་ལུ་ གནོད་སྐྱོན་བྱུང་ནུག་ཟེར་ཨིན་པས།ཨིན་རུང་ འགྲོ་བ་མི་ལུ་ གནོད་སྐྱོན་བྱུང་པའི་ སྙན་ཞུ་མེདཔ་མ་ཚད་ ས་གནས་གཞན་ཅིག་གི་ནང་ཡང་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ཅིག་གིས་ ཞི་བའི་མི་སེར་གྱི་ གཞི་རྟེན་མཁོ་ཆས་ལུ་ གནོད་འཚུབ་བཀལ་མིའི་ནང་ཡང་ མི་ལུ་གནོད་སྐྱོན་བྱུང་པའི་ ལོ་རྒྱུས་མིན་འདུག་ཟེར་བཀོད་ནུག།ར་ཤི་ཡ་གིས་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ནང་ ཡུ་ཀེ་རེན་ལུ་ བཙན་འཛུལ་འབད་ཞིནམ་ལས་ཚུར་ ཡུ་ཀེ་རེན་གྱིས་ འཕྲལ་འཕྲལ་སྦེ་ར་ གནོད་འཚུབ་བཀལ་མི་ བེལ་གོ་རོཌ་ལུང་ཕྱོགས་ནང་ ཨའི་དང་སྦྲགས་ཏེ་ ཨ་ལོ་ཆུང་ཀུ་ཅིག་ཡང་ བསད་ཡོདཔ་ཨིན་པས།ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཌཱོན་ ༡༠༠ ལྷགཔ་ཅིག་ ཕབ་བཏང་ཡོདཔ་ལས་ སེན་པི་ཊར་བཱག་དང་ ཀ་ཟན་གནམ་ཐང་ཚུ་ནང་ ལཱ་འབད་ནི་ཚུ་ཡང་ མཚམས་འཇོག་འབད་ཡོདཔ་ད་ ཡུ་ཀེ་རེན་གྱིས་ […]

World News

ཨ་མི་རི་ཀའི་ སྐྱེལ་འདྲེན་གནམ་གྲུ་དང་ དམག་སྡེའི་གནམ་གྲུ་ ཧེ་ལི་ཀོབ་ཊར་ ༢ ཀྱི་བར་ན་ཐུག་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༢༩ གི་ནུབ་མོར་ ཨ་མི་རི་ཀའི་ ལུང་ཕྱོགས་སྐྱེལ་འདྲེན་གནམ་གྲུ་དང་ ཡུ་ཨེཛ་དམག་སྡེའི་ གནམ་གྲུ་ཧེ་ལི་ཀོབ་ཊར་ ༢ མཁའ་དབྱིངས་ལུ་ ཁ་ཐུག་རྐྱབ་པའི་ཤུལ་ལས་ རི་གཱན་ཝ་ཤིང་ཊཱོན་ རྒྱལ་ཡོངས་གནམ་ཐང་གི་ སྦོ་ལོགས་ཁར་ པོ་ཊོ་མེག་ གཙང་ཆུའི་ནང་ བུད་སོངཔ་ཨིན་པས།དེ་སྦེ་ བུད་བའི་ཤུལ་ལས་ པོ་ཊོ་མེག་ གཙང་ཆུའི་ནང་ལས་ ཕུངམོ་ལེ་ཤ་ཅིག་ བཏོན་ཡོད་རུང་ ད་ཚུན་གྱི་བར་ན་ མི་ཤི་བར་ གསོན་པོ་སྦེ་ལུས་མི་ ཕུད་རྡོག་ ༡ ཡང་ མ་ཐོབ་ཟེར་ཨིནམ་ད་ དེ་བསྒང་ ཨ་མི་རི་ཀའི་ ལུང་ཕྱོགས་སྐྱེལ་འདྲེན་གནམ་གྲུའི་ནང་ གནམ་གྲུའི་ལས་བྱེདཔ་ ༤ དང་ འགྲུལ་པ་ ༦༠ འབདཝ་ད་ མི་གྲངས་བསྡོམས་ ༦༤ དང་ གནམ་གྲུ་ཧེ་ལི་ཀོབ་ཊར་ནང་ དམག་མི་ ༣ སྡོད་ཡོདཔ་ཨིན་པས།ཡུ་ཨེཛ་དམག་སྡེ་གིས་ དེ་སྦེ་ ཐུག་རྐྱེན་བྱུང་མིའི་ནང་ གྲལ་གཏོགས་ཡོད་མི་ གནམ་གྲུ་ཧེ་ལི་ཀོབ་ཊར་དེ་ ཝིར་ཇི་ནི་ཡ་ ཕོཊ་བེལ་ཝོ་ཡིར་ དམག་སྡེའི་གནམ་གྲུ་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་སྦེ་ […]

Online now: 4 Today: 1713 Total visitors: 15076